མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ཏེ་ཕྱི་ལོ་ ༡༢༥༣ ནས་བོད་རྒྱ་ནག་གི་ཆ་ཤས་སུ་གྱུར་བ་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༢༣/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་། (ཏཱ་ལའི་བླ་མ་མཐོ་སློབ།)

༡.གླེང་སློང་བ།

རྒྱ་ནག་དམར་པོའི་གཞུང་གིས་བོད་ས་ཡོངས་རྫོགས་ལ་བཙན་འཛུལ་བྱས་པ་ནས། བོད་ཀྱི་སྣོད་བཅུད་དང་། རིག་གཞུང་། ལེགས་བྱང་། སྐད་ཡིག་དང་བཅས་པར་གཏོར་བཅོམ་ཚད་ལས་བརྒལ་བ་བྱས་ཡོད་ལ། ཐ་ན་དབང་སྒྱུར་བའི་དགོས་མཁོ་དང་བསྟུན་ནས་ལོ་རྒྱུས་ཡན་ཆད་ལ་འཁྱོག་བཤད་དང་རྫུན་བཟོ་སྣ་ཚོགས་བྱས་དང་བྱེད་བཞིན་པ་ཡིན།

རྩོམ་ཡིག་འདིར་གུས་པས་༼འགྲོ་མགོན་ཆོས་རྒྱལ་འཕགས་པས་ཕྱི་ལོ་ ༡༢༥༣ ལོར་བོད་ཀྱི་ཆབ་སྲིད་ཀྱི་འགན་བླངས་པ་ནས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་གྱུར་བ་ཡིན་ཚུལ་ཤོད་ཀྱི་ཡོད་པ་དེར་ལོ་རྒྱུས་ཀྱི་ཐོག་ནས་བདེན་པ་ཡིན་མིན་ལ་དཔྱད་ཞིབ་༽ཐུང་ངུ་ཞིག་བྱེད་འདོད།

༢. འགྲོ་མགོན་འཕགས་པའི་སྔོན་གྱི་བོད་སོག་གམ་རྒྱ་ནག་བར་གྱི་འབྲེལ་བར་ལྟ་བ།

གླིང་ཆེན་ཨེ་ཤ་ཡའི་ཁུལ་དུ་མཚན་གྱི་སྙན་པ་མཐོ་བའི་ཐུ་བྷོད་བཙན་རྒྱལ་ཆེན་མོ་སོག་མའི་ཕོན་ཐག་ཆད་པ་བཞིན་ཕྱོགས་སུ་ཐོར་རྗེས། བླ་ཆེན་དང་། སྡེ་དཔོན། ས་བདག་ཁག་ནས་རང་རང་གི་འཛིན་བཞིན་བདག་པའི་ས་སྡེ་ཆུང་ངུར་ཁྲིམས་མགོ་རང་སྐྱོང་ལྟ་བུར་བདག་འཛིན་བྱེད་ཅིང་། མཚམས་རེར་སྡེ་དཔོན་ཆུང་ཁག་དབར་ནང་འཁྲུག་ཆུང་ངུ་རེ་ལ་མགོ་འཁོར་ཏེ་འདུག་པ་ལས། བོད་རྒྱལ་ཁབ་སྤྱིའི་ས་མཚམས་ལ་མཉམ་སྦྲེལ་གྱིས་སྲུང་འདོམས་བྱེད་མཁན་མེད་པར་ས་གནས་སོ་སོའི་སྡེ་དཔོན་ནས་རང་སྲུང་བྱས་ཏེ་སྡོད་མུས་ཀྱི་སྐབས། ཕྱི་ལོ་ ༡༢༠༠ ཙམ་ནས་བོད་ཀྱི་བྱང་ཤར་དང་ནུབ་བྱང་སོགས་ཀྱི་ས་མཚམས་ཁག་ཏུ་སོག་པོ་ཆིང་གེ་སི་ཁཱང་གི་དྲག་པོའི་དཔུང་ཤུགས་སླེབས་པར་བརྟེན། དེ་ལ་ངོ་སྲུང་ལྟ་བུར་ཐོག་མར་མཇལ་ཞུ་དང་། ཕྱག་རྟེན་སྤྲོད་པ། དེ་ནས་རིམ་བཞིན་”འདབ་ནོར་”ཞེས་རྟེན་ཆས་ཆུང་ངུ་རེ་སྤྲད་དེ་རང་རང་གི་ས་སྡེ་མི་སྡེར་བརྡབ་གསིག་མི་འབྱུང་སླད་དུས་ཡུན་ཕར་འགྱངས་གནས་ཐུབ་ཁོ་ནས་དུས་ཚོད་འདའ་བར་བྱས། དུས་ཕྱིས་ཆིང་གེ་སི་ཁཱང་བཤེགས་པའི་གནས་ཚུལ་བོད་ཕྱོགས་ནས་ཐོས་ཏེ་བོད་པས་”འདབ་ནོར་”ལོ་ཁ་ཤས་ལ་མ་སྤྲད་པར། གོ་དན་ཁཱང་ཁྲོས་ཏེ་༡༢༤༠ལོར་བོད་དུ་དམག་དྲངས། རྭ་སྒྲེང་དང་རྒྱལ་ལྷ་ཁང་མེར་བསྲེགས། གྲྭ་བ་ལྔ་བརྒྱ་བསད་པ་སོགས་བརྡབ་གསིག་ཚད་ལས་བརྒལ་བ་བཏང་། ཕྱིས་སུ་སྡེ་དཔོན་དང་ཡུལ་ཚན་སོ་སོས་”འདབ་ནོར” སྔར་རྒྱུན་བཞིན་སྤྲོད་རྒྱུ་བྱས་པ་ཙམ་ལས། སྡེ་དཔོན་རྣམས་ཀྱི་བདག་དབང་ཚང་མ་སྔར་སྲོལ་བཞིན་དང་། བོད་ནང་ཧོར་གྱི་གསེར་ཡིག་པ་དང་། འདེད་པའི་འགྲུལ་བཞུད་པ་མ་གཏོགས། དབང་ཆ་འཛིན་མཁན་སོག་པོའི་མི་སྣ་ནི་གཅིག་ཀྱང་མ་བྱུང་།

ཇིང་གེར་གྱི་རྗེས་གོ་དན་ཁཱང་ཉིང་ཤ་དང་ཀན་སུའུ་ཕྱོགས་ཀྱི་རྒྱལ་སར་འཁོད་རྗེས། ས་སྐྱ་པཎ་ཆེན་ལ་བཀའ་ཡིག་སྤྲིངས་ཏེ་སོག་ཡུལ་དུ་ཆོས་སྟོན་པའི་བླ་མར་གདན་དྲངས་པར། ས་སྐྱ་པཎ་ཆེན་དགུང་ལོ་བགྲེས་ཀྱང་བོད་ཀྱི་བསྟན་འགྲོའི་བདེ་དོན་ཁོ་ན་ཐུགས་ལ་བཅངས། ཁོང་གི་དབོན་སྲས་རྣམ་གཉིས་ཕྱག་ཕྱིར་འཁྲིད་དེ་ལྷ་ལྡན་ཞིང་ནས་ཆིབས་ཐོན་གྱིས་ཆེན་པོ་ཧོར་གྱི་ཡུལ་དུ་བཏེགས། དམ་པའི་ཆོས་ཀྱི་བདུད་རྩིས་རྒྱལ་བློན་འཁོར་བཅས་ཚིམས་པར་མཛད་པ་དང་། གོ་དན་ཁཱང་གི་པགས་ནད་ཤ་བཀྲའི་ནད་གསོ་བར་མཛད། རྒྱའི་མི་ཡུར་བཅད་པ་སོགས་མཛད་པ་རྒྱ་ཆེན་བསྐྱངས་མུར་སོག་ཡུལ་དུ་སྐུ་གཤེགས། དེའི་དུས་ཆིང་གེ་སི་ཁཱང་གི་མི་རྒྱུད་ཀྱིས་ཤར་ནུབ་གྱི་རྒྱལ་ཁབ་མང་པོ་དབང་དུ་བསྒྱུར་བ་དང་། རྒྱ་ནག་སྐབས་དེར་ཉིན་ཤ་ཅིན།  སུང་སྟེ་དུམ་བུ་གསུམ་དུ་གྱེས་ཡོད་པར་རིམ་གྱིས་དབང་བསྒྱུར་ཏེ་མཐར་ཡོན་རྒྱལ་རབས་བཙུགས། སོག་པོས་དབང་བསྒྱུར་བའི་རྒྱལ་ཁབ་ཀུན་དུ་རྒྱལ་བོ་བསྐོས་ཤིང་། ཞི་དྲག་གི་དབང་ཆ་ཚང་མ་སོག་པོ་རང་གིས་བཟུང་ཡོད་པ་དེ་ལྟར་ཡང་། བོད་ནང་སོག་པོའི་གསེར་ཡིག་པ་དང་། “འདབ་ནོར” ལེན་པ་ཙམ་ལས།  དབང་བསྒྱུར་ཅི་ཡང་བྱེད་ཀྱི་མེད་པ་དང་། “འདབ་ནོར་” དེ་ཡང་འདི་ཙམ་ཞེས་རྒྱས་བཅད་མེད་པར་ས་པཎ་རང་གིས་སོག་ཡུལ་ནས་བོད་ཀྱི་མི་སྡེར་སྤྲིངས་པའི་ཆབ་ཤོག་ལས་ཤེས་ཐུབ་བོ།།

༣.འགྲོ་མགོན་འཕགས་པའི་སྐབས་གྱི་བོད་སོག་གམ་རྒྱ་ནག་བར་གྱི་འབྲེལ་བར་ལྟ་བ།

ཕྱི་ལོ་ ༡༢༥༣ ལོར་གོ་དན་ཁཱང་གཤེགས་པར་ཀུབ་ལེ་ཁཱང་རྒྱལ་སར་འཁོད་ཅིང་། འགྲོ་མགོན་འཕགས་པ་གདན་དྲངས་ཏེ་ཟླ་བ་མང་པོར་དམ་པའི་ཆོས་ཀྱི་གནད་མང་པོར་དྲི་བ་ཞུས་པར་ལན་ཐོགས་པ་མེད་པར་གནང་བས་དད་པ་རྒྱས་ཏེ་སྤྱི་བོའི་གཙུག་ཏུ་བཀུར།འཕགས་པའི་སྐུ་མདུན་ནས་དབང་ཞུ་བར་དམ་ཚིག་ཅི་ཡོད་ཁས་བླངས་པ་སྔོན་དུ་སོང་ཐོག སྔ་ཕྱིར་ཀྱེེ་རྡོ་རྗེའི་དབང་ལན་གསུམ་ཞུས། དབང་ཡོན་དང་པོར་བོད་ཁྲི་སྐོར་བཅུ་གསུམ་གྱི་དབང་རིས་བདག་ཐོབ་དང་བཅས་པ་ཕུལ། དབང་ཡོན་བར་བ་ལ་བོད་ཆོལ་ཁ་གསུམ་གྱི་དབང་རིས་བདག་ཐོབ་དང་བཅས་པ་དང་། དབང་ཡོན་རྟིང་མར་རྒྱའི་མི་ཡུར་ཆེན་མོ་ཕུལ་ཞིང་ཏི་ཤྲཱིའི་གོ་ས་ཕུལ་ཏེ་རྒྱལ་བོའི་དབུ་བླའི་མཚན་གསོལ། དེ་ལྟར་རྒྱལ་བོ་ཁཱང་གིས་འཕགས་པ་རིན་པོ་ཆེའི་གཞལ་དུ་མེད་པའི་བཀའ་དྲིན་ལས་བྱང་ཕྱོགས་ཀྱི་ཡུལ་འདི་ཕན་བདེའི་དཔལ་ལ་བཀོད་པར་མཛད་པའི་བཀའ་དྲིན་ཤེས་ཆེད་དུ་འཇའ་ས་མུ་ཏིག་མ་དང་། བནྡེ་ཤེད་བསྐྱེད་མ་གཉིས་སྔ་ཕྱིར་གནང་ཞིང་། ཆོས་བྱེད་དགེ་འདུན་པའི་སྡེ་རྣམས་དམག་ཁྲལ་ལས་གསུམ་གང་ལ་ཡང་རྒྱུགས་མི་དགོས་པ་བཟོས། འགྲོ་མགོན་འཕགས་པར་བོད་ཆོལ་ཁ་གསུམ་གྱི་བདག་ཐོབ་ཕུལ་བ་ནས་བོད་ས་ཡོངས་རྫོགས་ལ་ས་སྐྱ་བས་དབང་བསྒྱུར་འགོ་ཚུགས་པ་སྟེ། འཕགས་པའི་ཉེ་གནས་ཤཀྱཱ་བཟང་པོ་དཔོན་ཆེན་དང་། ཀུན་དགའ་བཟང་པོ་ནང་ཆེན་དུ་བསྐོས་ནས་དབང་བསྒྱུར།

དེ་ནས་བཟུང་སོག་པོར་”འདབ་ནོར་”སྤྲོད་མི་དགོས་པ་བྱས་ཏེ་ཁྲི་སྐོར་བཅུ་གསུམ་དང་། བྱིངས་རྣམས་རྒྱལ་ཕྲན་ལྟ་བུར་བརྩིས་ནས་ཁྲིམས་དང་ལུང་བསྒྱུར་ཞིང་།  ཁྲིམས་མོ་ཆེ་གཏན་ལ་ཕབ། ༡༢༧༩ལོར་ཀུབ་ལའི་ཁཱང་གིས་རྒྱ་ནག་གི་ཁོངས་སུ་གཏོགས་པའི་རྒྱལ་ཁམས་ཡོངས་རྫོགས་དབང་དུ་བསྡུས་ཏེ་ཡོན་རྒྱལ་ཁབ་བཙུགས་པར་འཕགས་པ་རིན་པོ་ཆེས་བཀྲ་ཤིས་བདེ་ལེགས་ཀྱི་ཤིས་བརྗོད་དང་ཕྱག་རྫས་གྱ་ནོམ་པ་གནང་། ཡོན་གྱི་དུས་སྐབས་སུ་པེ་ཅིང་དུ་ཞོན་ཀྲན་ཡོན་ཏེ་ནང་ཆོས་དང་བོད་ཀྱི་ལས་དོན་ཁང་བཙུགས་ནས་འགྲོ་མགོན་འཕགས་པར་དེའི་འགན་འཁུར་བའི་གོ་གནས་ཕུལ་བར་བོད་ཀྱི་ལས་དོན་དང་ནང་ཆོས་ཐད་མཛན་འཕྲིན་རླབས་ཆེན་བསྐྱངས། འཕགས་པ་རིན་པོ་ཆེ་སྔ་ཕྱིར་བོད་དུ་ཚར་གཉིས་ཕེབས་པར་རྒྱལ་བོ་ཁཱང་གིས་སྦྱིན་བདག་བྱས་ཏེ་གཙང་གི་ཆུ་མིག་རིང་མོའི་ཆོས་འཁོར་བཙུགས་པ་སོགས་གནང་སྐྱེས་ཕུན་སུམ་ཚོགས་པས་བོད་རྣམས་ཚིམས་པར་མཛད། དུས་ཕྱིས་འཕགས་པ་རིན་པོ་ཆེའི་ཉེ་གནས་ཀྱིས་བླ་མ་དང་དཔོན་ཆེན་དབར་ཞུ་ལོག་དང་ཕྲ་མ་བཅུག་པ་དང་འབྲེལ་ཏེ་འཕགས་པ་རིན་པོ་ཆེ་བོད་དུ་སྐུ་གཤེགས། དེ་འཕྲལ་སོག་པས་བླ་མའི་གཤེགས་རྐྱེན་རྩད་གཅོད་ཆེད་དཔུང་ཆེན་བོད་དུ་བཏེགས་ནས་ས་སྐྱའི་དཔོན་ཆེན་གསོད་པ་སོགས་བྱས་སོ།།

༤. འགྲོ་མགོན་འཕགས་པའི་སྐབས་བོད་རྒྱ་ནག་གི་ཆ་ཤས་སུ་གྱུར་མིན་ཐད་ཀྱི་དཔྱད་ཞིབ་དང་མཇུག་བསྡུ།

དེ་ལྟར་གོང་གི་ལོ་རྒྱུས་རྣམས་ལས་བོད་དང་སོག་པོའམ་ཡོན་བར་གྱི་འབྲེལ་བ་ཡོང་སྟངས་གསལ་བོར་ཤེས་ཐུབ་ཅིང་། ས་པཎ་དང་གོ་དན་ཁཱང་མཇལ་བའི་སྔ་ཕྱི་ཀུན་དུ་བོད་པས་”འདབ་ནོར་”སྤྲོད་དགོས་པས། དེས་ལྟར་སྣང་ལ་སོག་པོའི་དབང་བསྒྱུར་འོག་ཏུ་ཡོད་པ་ལྟ་བུར་མངོན་མོད། བོད་ནང་ཁྲིམས་ལུང་བསྒྱུར་བའི་དབང་བོད་པ་རང་གི་ལག་ཏུ་ཡོད་ཁར། ཀུབ་ལའི་ཁཱང་གིས་བོད་ཆོལ་གསུམ་དབང་ཡོན་དུ་ཕུལ་བ་ནས་བཟུང་། བོད་སོག་བར་གྱི་འབྲེལ་བར་འཕོ་འགྱུར་གསར་བ་ཞིག་སླེབས་ཡོད། དེ་ནི་མཆོད་གནས་དང་ཡོན་བདག་བར་གྱི་འབྲེལ་བ་ལས་གཞན་ཅི་ཡང་མ་ཡིན་ཏེ། ས་པཎ་ལ་གནང་བའི་འཇའ་ས་དང་། འཕགས་པར་གནང་བའི་འཇའ་སའི་ཁྱད་པར་ལས། དང་པོར་དཔོན་གྱིས་མི་སེར་ལ་བཀའ་བཏང་བ་ལྟ་བུ་དང་། གཞན་དེ་སྦྱིན་བདག་གིས་བླ་མར་ཕུལ་བའི་ཞུ་ཡིག་ལྟ་བུར་མཐོང་བ་ལས་གསལ་བོར་ཤེས་ནུས་ལ། ཁཱང་གིས་འཕགས་པ་ལས་གསང་སྔགས་ཞུ་དུས་ཀྱི་སྔོན་འགྲོའི་དམ་ཚིག་ལ། བོད་ཀྱི་གནད་དོན་ཐད་འཕགས་པའི་བཀའ་དང་མི་འགལ་བར་ཞུ་རྒྱུ་ཞུས་པས་ཀྱང་བོད་ཀྱི་དབང་ཆ་མཐོ་ཤོས་འཕགས་པའི་ཕྱག་ཏུ་ཡོད་པ་གསལ་བོར་མངོན། དེ་མིན་ཁཱང་གིས་སྨན་ཙེའི་ཡུལ་(རྒྱ་ནག་གི་སའི་ཆ་ཤས་ཤིག་ཡིན་པར་བཤད)ལེན་དུས་འཕགས་པར་བཀའ་འདྲི་དགོངས་བསྐོར་ཞུས་པ་དང་། གཞན་ཡང་ཁཱང་གིས་ཆོས་ཞུ་སྟངས་དང་། གུས་ཞབས་ཞུ་སྟངས་ཡན་ཆད་ནས་བཟུང་། ཐམ་ག་དང་མཚན་བསྟོད་ཀྱི་ཚིག་ཚུན་ཆད། ཕྱིར་བོད་དུ་ཕེབས་པར་ཕེབས་སྐྱེལ་དུ་ཞག་ནས་ཟླ་བར་སྤར། ཟླ་བ་ནས་ལོར་སྤར་ཏེ་ཨ་མདོའི་ཡུལ་བར་དུ་རྒྱལ་བོ་སྐུ་དངོས་ངོ་བཅར་ཞུས་ཏེ་འབྲལ་མི་ཕོད་པའི་རྣམ་པ་དང་། དེའི་ཕྱིས་བླ་མའི་གཤེགས་རྐྱེན་རྩད་གཅོད་ཆེད་སོག་དམག་བོད་དུ་བཏང་བ་སོགས་ཕྱོགས་གང་ནས་བསམས་ཀྱང་རྒྱལ་ཁབ་ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་། ཆེ་མཐོང་འབུལ་རེས་ཀྱི་རྣམ་པ་ལས་གཅིག་འོག་གཅིག་འདུས་ཀྱི་རྣམ་པ་མེད་པ་གསལ་བོར་མཐོང་ཐུབ། གལ་སྲིད་འགྲོ་མགོན་འཕགས་པར་ཆོལ་ཁ་གསུམ་གྱི་བདག་ཐོབ་དབང་ཡོན་དུ་ཕུལ་བ་ནས་བོད་སོག་པོའི་ཆ་ཤས་སུ་བགྲངས་ཀྱང་བོད་རྒྱ་ནག་གི་ཆ་ཤས་སུ་གཏན་ནས་མི་འགྱུར་ཏེ། སྐབས་དེར་རྒྱ་ནག་རང་ཉིད་ཀྱང་སོག་པོའི་འོག་ཏུ་སྡུག་སྦྱོང་མྱོང་བཞིན་པ་ཡིན། ཡང་སོག་པོའི་འོག་ཏུ་ཡོད་པས་ཡོན་གྱི་འོག་ཏུ་ཚུད་ཅིང་། ཡོན་རྒྱ་ནག་གི་རྒྱལ་ཁབ་ཡིན་ཞེས་ཀྱང་སྨྲ་བར་མི་ནུས་ཏེ། དེ་དུས་ད་དུང་ཡོན་བཙུགས་མེད་པས་སོ།། གཞན་ཡང་། ཡོན་གྱི་འོག་ཏུ་ས་ཆ་ཤོར་བ་ཙམ་གྱིས་ཡོན་ནམ་རྒྱ་ནག་གི་ཆ་ཤས་སུ་བགྲངས་དགོས་ན་ཧ་ཅང་ཐལ་ཏེ། སོག་པོའི་འོག་ཏུ་ཤར་ནུབ་ཀྱི་རྒྱལ་ཁབ་བཞི་བཅུ་ལྷག་གི་ས་ཆ་ཤོར་ཡོད་ཅིང་། དེ་དག་ཐམས་ཅད་སོག་པོའི་ཆ་ཤས་སུ་བགྲངས་མི་རུང་བ་ལྟ་བུའོ།། གཞན་དུ་ན་རྒྱ་ནག་རང་ཉིད་ཀྱང་སོག་པོའི་ཆ་ཤས་སུ་ཁས་ལེན་དགོས་སོ།། སྔོན་གྱི་སྐབས་ཤིག་ས་ཆ་དབང་དུ་ཤོར་བ་ལས་དེའི་ཆ་ཤས་སུ་སྨྲ་དགོས་ན་དེང་ཡུག་རིན་ཡང་ར་ཤི་ཡའི་ཆ་ཤས་སུ་སྨྲ་དགོས་མོད། དྲང་བདེན་སྨྲ་བའི་སྐྱེ་བོ་སུས་ཀྱང་དེ་ལྟར་ཁས་མི་ལེན་ལ། རྒྱལ་ཚོགས་ཀྱིས་ཀྱང་ཁས་མི་ལེན་པ་ཉེ་སྔོན་གྱི་གསར་འགྱུར་ལྟར་རོ།། མདོར་ན། བོད་དང་ཡོན་བར་གྱི་འབྲེལ་བ་ནི་མཆོད་ཡོན་གྱི་འབྲེལ་བ་ཙམ་ལས་གཞན་མིན་པ་ནི་ལོ་རྒྱུས་ཀྱིས་ཁ་གྲགས་པའི་བདེན་གཏམ་གསུབ་ཏུ་མེད་པ་དེའོ།།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

ཆུ་ཚོད་ ༣ སྔོན་ལ།
Mobile App

རྒྱ་གར་གྱིས་འཛམ་གླིང་གི་མེ་འཁོར་ལྕགས་ལམ་མཐོ་ཤོས་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

༢༠༢༦/༠༤/༡༣
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༡༣
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠

མཆན། 1

  1. ཚེ་དཔག་རིག་འཛིན། says:
    ལོ་ 3 སྔོན།

    ཡ་ཡ། དེ་དུས་ཀྱི་ལོ་རྒྱུས་ལ་ད་དུང་ཡང་། མིག་ཡ་གཅིག་གིས་གཅིག་གིས་བལྟ་ལྟངས་རང་རེད་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese