མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རི་ཡའི་རྒྱལ་སར་ཁྱིམ་སྡོད་བཀའ་རྒྱ་བསྒྲགས།

བོད་ཀྱི་དུས་བབ།
༢༠༢༣/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཀོ་རི་ཡའི་རྒྱལ་ས་ཕེན་ཡང་ཁ་གསལ་གང་ཡང་མེད་པའི་ཐོག་ནས་ཐེམ་སྤང་བཀག་རྒྱ་བསྡམས་པ་དེས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་སེམས་འཚབ་འཕར་མ་ཞིག་བཟོས་ཡོད་འདུག

North Korea acknowledged its first Covid outbreak last year, but declared victory over the virus

རྒྱ་ནག་ཝུའུ་ཧན་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་རྒྱལ་ཁབ་མང་པོ་ཞིག་གི་སྲིད་འབྱོར་རིག་གསུམ་ལ་གྱོང་གུད་ཚབས་ཆེན་ཐེབས་བཅུག་ཡོད་པས། རྒྱལ་ཁབ་ཁག་གིས་རང་རང་གི་རྒྱལ་ཁབ་ཏུ་རིམས་ནད་འགོག་སྲུང་སོགས་ཀྱི་སླད། ཐེམ་སྤང་བཀག་རྒྱ་དང་ས་མཚོ་གནམ་གསུམ་གྱི་འགྲིམ་འགྲུལ་རྣམས་བཀག་སྡོམ་བྱས་ཡོད་པ་ལྟར། དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བྱང་ཀོ་རི་ཡའི་གཞུང་གིས། དེ་རིང་ནས་ཉིན་གྲངས་ལྔའི་རིང་བྱང་ཀོ་རི་ཡི་རྒྱལ་ས་ཕེན་ཡང་( Pyongyang) ནད་རྟགས་མི་ཆོད་ཅིང་ཁྱབ་གདལ་འགྲོ་བཞིན་པའི་གློ་བའི་འགོས་ནད་ཅིག་འགོག་སྲུང་གི་ཆེད་ཐེམ་སྤང་བཀག་རྒྱ་བསྡམ་རྒྱུ་ཡིན་ལུགས་བསྒྲགས་ཡོད་འདུག

ད་ལྟ་གསར་ལམ་ཁག་ཏུ་ཁ་གསལ་མེད་པའི་ན་ཚ་(unspecified  illness) ཞིག་གི་དབང་གིས་བྱང་ཀོ་རི་ཡའི་རྒྱལ་ས་ཕེན་ཡང་ནང་བཀག་རྒྱ་བསྡམས་པ་ལས། ཏོག་དབྱིབས་རིམས་ནད་མཆེད་ནས་བཀག་རྒྱ་བསྡམས་པའི་གནས་ཚུལ་གང་ཡང་ཐོན་མེད་པ་དང་། རྒྱལ་སར་གནས་སྡོད་མི་མང་རྣམས་ཉིན་གྲངས་ལྔའི་རིང་སོ་སོའི་རང་ཁྱིམ་དུ་གནས་སྡོད་བྱ་དགོས་པ་ལས་ཕྱི་རོལ་སོགས་སུ་གང་བྱུང་འཁྱམ་ཉུལ་བྱ་མི་ཆོག་ཅིང་། མི་མང་ནས་ཉིན་རེ་བཞིན་ཡང་ནས་ཡང་དུ་ཚ་བ་བརྟག་དཔྱད་གཏོང་དགོས་པའི་བཀག་ཕབ་ཡོད་འདུག་ལ། དབྱེ་ཞིབ་པས་འཛམ་གླིང་སྤྱི་ཡོངས་ཀྱི་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་ཇེ་བཟང་དུ་འགྲོ་མུས་ཡིན་པའི་སྐབས་འདིར། བྱང་ཀོ་རི་ཡར་ཁ་གསལ་གང་ཡང་མེད་པའི་ཐོག་ནས། གློ་བུར་དུ་ནད་ཚ་ཞིག་གི་དབང་གིས་ཐེམ་སྤང་བཀག་རྒྱ་བསྡམས་པ་དེས། ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་སེམས་ངལ་འཕར་མ་ཞིག་བཟོས་ཡོད་སྐོར་བརྗོད་འདུག

འདས་ལོའི་ཕྱི་ཟླ ༧ ཚེས ༢༧ ཉིན་ནས་བྱང་ཀོ་རི་ཡས་ད་བར་རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་ཀྱི་ནད་པའི་ཁ་གྲངས་དང་། རིམས་ནད་ཀྱི་དབང་གིས་འདས་གྲོངས་སུ་གྱུར་བའི་གྲངས་འབོར་སོགས་གསལ་སྟོན་བྱས་མེད་པ་དང་། སྐབས་དེར་བྱང་ཀོ་རི་ཡར་མི་གྲངས་ས་ཡ་ ༢༥ ཙམ་ཡོད་པ་ལས། མི་གྲངས་ས་ཡ ༤།༧༧ ལྷག་ལ་ཆམ་པ་ཕོག་པ་དང་། ཚ་བ་སོགས་རྒྱས་ནས་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་ཟིན་པའི་ཚོད་དཔག་བྱས་ཡོད་ཅིང་། ད་ལན་གསལ་ཁ་གང་ཡང་མེད་པའི་ཐོག་ནས་གློ་བུར་དུ་ཐེམ་སྤང་བཀག་རྒྱ་བསྡམས་པ་དེ། ཏོག་དབྱིབས་རིམས་ནད་མཆེད་སྐབས་མཐུན་རྐྱེན་ལེགས་པོ་མེད་པ་མ་ཟད། བརྟག་དཔྱད་ཡག་པོ་བྱས་ཐུབ་མེད་པར། རིམས་ནད་འགོག་སྲུང་གི་ཐད་ལ་འཐུས་ཤོར་བཏང་བའི་དབང་གིས་ཡིན་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱིན་འདུག

ཡང་གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས། བྱང་ཀོ་རི་ཡའི་གྲོང་ཁྱེར་ཆེ་ཤོས་རྒྱལ་ས་ཕེན་ཡང་ཐེམ་སྤང་བཀག་རྒྱ་བསྡམས་པ་དེས། བྱང་ཀོ་རི་ཡས་སླར་ཡང་མངོན་གསལ་དོད་པོའི་ཐོག་ནས་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་ལ་གདོང་ལེན་དང་། ཏོག་དབྱིབས་རིམས་ནད་ནི་གནམ་གཤིས་འགྱུར་འགྲོ་སྐབས་སུ་མཆེད་ཀྱིན་ཡོད་པས། ད་ལྟ་གོར་ཐིག་འོག་གི་ཚགས་ ༢༢ ཆགས་ཡོད་པའི་བྱང་ཀོ་རི་ཡའི་རྒྱལ་སར་ཡང་གྲང་ངར་གྱི་རྐྱེན་གྱིས་ཆམ་རིམས་སོགས་བྱུང་ནས་རིམས་ནད་མཆེད་ཉེན་ཡོད་སྐོར་སོགས་བརྗོད་འདུག

རྒྱལ་ཁབ་མང་པོ་ཞིག་གིས་རང་རང་གི་མི་སེར་རྣམས་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་སོགས་བརྒྱབ་དང་རྒྱག་མུས་ཡིན་ཡང་། ཕྱི་ལོ་ ༢༠༢༡ ལོར་བྱང་ཀོ་རི་ཡས་རྒྱལ་སྤྱིའི་ཏོག་དབྱིབས་འགོག་ཁབ་ཀྱི་ལས་གཞིའི་ཁྲོད་ནས་འགོག་ཁབ་ས་ཡ་ ༣ ཙམ་སྤྲད་པ་དེ་བླངས་མེད་པ་དང་།  དེ་བཞིན་ནོ་ཝ་ཝེག་སི་(Novavax) འགོག་ཁབ་འབུམ་ ༢། ༥ ལྷག་སྤྲད་པ་དེའང་དང་ལེན་བྱས་མེད་པས། ད་ལྟ་བྱང་ཀོ་རི་ཡ་ནི་འཛམ་གླིང་ནང་གི་འཕྲོད་བསྟེན་གྱི་ཆ་རྐྱེན་ཆེས་ཞན་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་བཞིན་པ་མ་ཟད།  ད་ལྟའང་མི་གྲངས་ས་ཡ་ ༢༥ ལ་ཏོག་དབྱིབས་འགོག་ཁབ་རྒྱག་ཐུབ་མེད་པའི་ཚོད་དཔག་བྱེད་ཀྱིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༡ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༤ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༧ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese