མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ནང་ཆུ་ལོག་བརྒྱུག་རྒྱུའི་ཉེན་ཁ་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བཙན་བཟུང་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་བོད་དང་ཤར་ཊུར་ཀི་སི་ཐན་སོགས་ཀྱི་མི་འབོར་ས་ཡ་གཅིག་ལྷག་ལ་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་ཆུ་ལོག་གི་ཉེན་ཁ་འཕྲད་རྒྱུ་ཡིན་འདུག

A glacial lake outburst flood (GLOF) occurs when water is suddenly released from a lake fed by a glacier melt. A British-NZ study finds 15 million people around the world are at risk from GLOFs. Photo: Xinhua

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་བ་ན། བོད་ཀྱི་དབུས་གཙང་དང་མཚོ་སྔོན། རྒྱ་ནག་གིས་བཅད་བགོ་བྱས་པའི་སི་ཁྲོན་དང་ཡུ་ནཱན། ཤར་ཊུར་ཀི་སི་ཐན་གྱི་རྒྱལ་ས་ (Urumqi) ཡི་ཤར་ཁུལ་སོགས་ཀྱི་མི་གྲངས་ས་ཡ་གཅིག་ལྷག་གངས་ཞུད་ཀྱིས་རྐྱེན་བྱས་ཏེ་ཆུ་ལོག་གི་ཉེན་ཁའི་འོག་ལྷུང་ཡོད་པ་དང་། ད་དུང་ཡུ་ནཱན་ཞིང་ཆེན་གྱི་རྒྱལ་ས་ཁུན་མཱིན་(Kunming) ནི་ཆེས་ཉེན་ཁ་ཆེ་བའི་ས་ཁུལ་ཡིན་པ་ཞིབ་འཇུག་པས་འགྲེལ་བརྗོད་བྱས་འདུག

དབྱིན་ཇི་དང་ནེའུ་རྫི་ལན་ཌིའི་ཞིབ་འཇུག་ཚོགས་པ་ཞིག་གིས་བཏོན་པའི་ཞིབ་འཇུག་གྲུབ་དོན་ནང་། རྒྱ་ནག་གི་ནུབ་ཕྱོགས་རི་རྒྱུད་ས་ཁུལ་ཏེ། བོད་ཀྱི་དབུས་གཙང་དང་མཚོ་སྔོན། སི་ཁྲོན་དང་ཡུ་ནཱན། ད་དུང་ཤར་ཊུར་ཀི་སི་ཐན་སོགས་ཀྱི་འཁྱག་རོམ་བཞུར་ཚད་མྱུར་བ་དེས། ས་ཁུལ་དེ་དག་ནང་གནས་སྡོད་བྱེད་བཞིན་པའི་མི་གྲངས་ས་ཡ་གཅིག་ལྷག་ལ་ཆུ་ལོག་གི་ཉེན་ཁ་འཕྲད་རྒྱུ་ཡིན་པ་མ་ཟད། གངས་ཞུད་ཀྱི་དཀལ་ངལ་དེས་སའི་གོ་ལའི་ཚ་དྲོད་ཇེ་མཐོར་གཏང་རྒྱུ་ཡིན་པ་བརྗོད་འདུག

ད་ལྟ་སའི་གོ་ལའི་ཚ་དྲོད་སྙོམ་སྒྲིག་མིན་པའི་དཀའ་ངལ་དེ་འཛམ་གླིང་སྤྱི་ལ་འཕྲད་བཞིན་པའི་དཀའ་ངལ་ཞིག་ཡིན་པ་ལྟར། བོད་ཀྱི་ས་ཁུལ་ཕལ་ཆེ་བ་གངས་རིས་བསྐོར་ཡོད་པ་དང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་གྱི་མིང་ཐོག་ནས་བོད་ཀྱི་གཏོར་ཁ་སྔོག་འདོན་སོགས་བྱས་རྐྱེན་འོག གོ་ལའི་སྣེ་གསུམ་པར་འབོད་པའི་བོད་མཐོ་སྒང་གི་འཁྱག་རོམ་བཞུར་མུས་ཡིན་པ་དེས་བོད་ཁུལ་དུ་ཆུ་ལོག་གི་ཉེན་ཁ་ཧ་ཅང་ཆེ་སྐོར་ནེའུ་རྫི་ལན་ཌིའི་འབྱུང་བའི་ཉེན་ཁ་དང་གདོང་ལེན་ཞིབ་འཇུག་པ་སྐུ་ཞབས་ཊོམ་རོ་བྷིན་སན་(Author Tom Robinson) ལགས་ཀྱིས་བརྗོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། ཕྱི་ལོ་ ༡༩༣༠ ནས་ད་བར་ཉུང་མཐར་བོད་ཀྱི་དབུས་གཙང་ཁུལ་དུ་འཁྱག་རོམ་ཞུ་བ་ལ་བརྟེན་ནས་ཆུ་ལོག་ཐེངས་ ༢༧ བརྒྱུགས་ཡོད་པ་དང་། དམིགས་བསལ་ཕྱི་ལོ་ ༡༩༨༡ ལོར་གཉའ་ལམ་རྫོང་གི་མཐའ་( Cirenmaco)ཁུལ་དུ་ཆུ་ལོག་བརྒྱུགས་ཏེ་མི་གྲངས་ ༢༠༠ རྐྱེན་འདས་སུ་བཏང་བ་མ་ཟད། བལ་ཡུལ་དང་བོད་ཀྱི་ས་མཚམས་འགྲམ་གྱི་ཟམ་པ་གཏོར་འཁྱེར་བྱས་ཡོད། ཕྱི་ལོ་ ༢༠༢༠ ལོར་མཚོ་སྔོན་གྱི་གཉན་ཆེན་ཐང་ལྷ་རི་རྒྱུད་ཀྱི་ (Jiwenco) ཁུལ་དུ་ཆུ་ལོག་བརྒྱུགས་ཏེ་ཁང་ཁྱིམ་དང་ལམ། ཟམ་ཆེན་དང་ཞིང་ཁ་སོགས་ལ་གཏོར་སྐྱོན་བཟོས་ཡོད་སྐོར་བརྗོད་འདུག

ཡང་ཞིབ་འཇུག་སྙན་ཐོ་དེའི་ནང་། གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་འཁྱག་རོམ་ཞུ་ནས་གངས་མཚོར་འགྱུར་བཞིན་པའི་ཐད་ད་ལྟ་ཛ་དྲག་གིས་དོ་སྣང་བྱས་ཏེ་མ་འོངས་པའི་ཉེན་ཁ་སྲུང་དགོས། ཞེས་ཉེན་བརྡ་བཏང་བ་མ་ཟད། གངས་མཚོའི་ཆུ་ལོག་ལ་ཚོད་དཔག་མི་ཐིག་པས། གློ་བུར་བྱུང་བའི་གངས་མཚོའི་ཆུ་ལོག་གིས་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་སྤྲོད་སྲིད་སྐོར་དང་། གནམ་གཤིས་འགྱུར་ལྡོག་གིས་ད་ལྟ་གནད་འགག་ལ་མི་མཐོང་བའི་མཚོ་དག་འབྱུང་འགྱུར་སེམས་འཚབ་བྱེད་ཡུལ་དང་ཉེན་ཁ་ཆེ་ཤོས་ཀྱི་མཚོ་རུ་འགྱུར་སྲིད་སྐོར་སོགས་བརྗོད་འདུག

ད་དུང་ཞིབ་འཇུག་ཚོགས་པ་དེས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་དེའི་ཤུགས་རྐྱེན་སོགས་ཀྱི་སྐོར་ཞིབ་འཇུག་བྱས་པའི་གྲུབ་དོན་ལྟར་ན། གནམ་གཤིས་འགྱུར་ལྡོག་གིས་རྐྱེན་བྱས་ཏེ། ད་ལྟ་གངས་མཚོའི་ཐག་ཉེའི་སྤྱི་ལེ་ ༥༠ སར་འཚོ་སྡོད་བྱེད་བཞིན་པའི་འཛམ་གླིང་གི་མི་འབོར་ས་ཡ་ ༡༥ ཆུ་ལོག་གི་ཉེན་ཁའི་འོག་ལྷུང་ཡོད་ཚོད་དང་། མི་འབོར་ས་ཡ་ ༡༥ ལས་བརྒྱ་ཆ་ ༥༠ ལྷག་རྒྱ་གར་དང་རྒྱ་ནག པ་ཀི་སི་ཐན། དེ་བཞིན་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་པེ་རོའུ་ (Peru)བཅས་ཀྱི་ནང་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist