མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་འགྲེམས་སྟོན་ཁང་གིས་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཁྱབ་བསྒྲགས་གང་ལེགས་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་གངས་སྐྱིད་དུ་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་བཙུགས་ནས་ལོ་ངོ་གཅིག་ཧྲིལ་པོ་འཁོར་བའི་ཉིན་མོ་དང་བསྟུན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་འགྲེམས་སྟོན་ཁང་གི་སྒྲ་འཇུག་སྣེ་ཤན་དང་དྲ་ཚིགས་བཟོ་བཅོས་ཟིན་པ་དབུ་འབྱེད་གནང་སོང་།

བོད་ཀྱི་འགྲེམས་སྟོན་ཁང་གིས་སྒྲ་འཇུག་སྣེ་ཤན་དང་དྲ་ཚིགས་བསྐྱར་བཟོ་སྒོ་འབྱེད་གནང་། ༢༠༢༣།༠༢།༠༩ པར་དུས་བབ།

མཛད་སྒོའི་སྟེང་ཐོག་མར་ཕྱི་དྲིལ་དྲུང་ཚབ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། དེ་རིང་དབུ་འབྱེད་གནང་བའི་སྣེ་ཤན་གྱི་དྲ་ཚིགས་ནི་བོད་ཀྱི་འགྲེམས་སྟོན་ཁང་དུ་ཡོད་པའི་བོད་དང་འབྲེལ་བའི་སྐུ་པར་ཁག་གི་རྒྱབ་ལྗོངས་ཀྱི་གནས་ཚུལ་དེ་ཚོ་འཚོལ་རྒྱུ་ཡོད་པའི་ཡོ་ཆས་ཀྱི་དྲ་ཚིགས་ཤིག་ཡིན་ལ། དེ་ཡང་བོད་སྐད་དང་རྒྱ་གར་སྐད། དབྱིན་ཇིའི་སྐད་དང་རྒྱ་སྐད། ཨི་ཊ་ལིའི་སྐད་བཅས་ཀྱི་ཐོག་ཡོད་ལ། ད་དུང་དྲ་ཚིགས་འདིའི་ནང་དུ་འགྲེམས་སྟོན་ཁང་ཐོག་མར་མགོ་བཙུགས་པ་ནས་ད་ལྟ་བར་དུ་པར་རིས་ཁྲི་ ༤ ལྷག་ཡོད་པ་གསུང་གི་ཡོད་པ་ལྟར། པར་རིས་གཅིག་ཁྲི་དགུ་སྟོང་ལྷག་དྲ་འཇུག་བྱས་ཏེ་ལྟ་ཆོག་ཆོག་ཡོད་སྐོར་སོགས་གསུངས་སོང་། དེ་ནས་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་གི་སྒྲ་འཇུག་སྣེ་ཤན་དང་དྲ་ཚིགས་བཀོད་པ་བཟོ་བཅོས་ཟིན་པའི་སྐོར་ལ་ངོ་སྤྲོད་གནང་སྐབས། དེ་སྔ་ལོ་ ༢༣ གོང་གི་བོད་ཀྱི་འགྲེམས་སྟོན་ཁང་གི་དམིགས་ཡུལ་དང་ད་ཆ་གངས་སྐྱིད་ལ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་གི་དམིགས་ཡུལ། སླད་ཕྱིན་ཆད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་བོད་ཀྱི་འགྲེམས་སྟོན་ཁང་གི་དམིགས་ཡུལ་འདི་གཅིག་མཚུངས་བྱས་ནས་བསྡད་ཀྱི་རེད་བསམ་གྱི་འདུག རྒྱུ་མཚན་ནི་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་གོམས་གཤིས། དེ་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་ཁོར་ཡུག བཙན་བྱོལ་གྱི་འཕེལ་རིམ་དེ་ཚོ་དྲ་ལམ་བརྒྱུད་མི་མང་དང་སྐྱེ་འགྲོ་ཡོངས་ལ་གོ་རྟོགས་སྤེལ་རྒྱུ་ནི་ང་ཚོའི་དམིགས་ཡུལ་གཙོ་བོ་ཆགས་ཀྱི་ཡོད་པ་རེད། ཅེས་དང་། དགོན་པ་དང་སློབ་གྲྭ་ཁག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ཚོའི་འགྲམ་ནས་ (Tangible heritage) དང་ (Intangible heritage) གང་ཐུབ་ཐུབ་ཀྱིས་མཁོ་སྒྲུབ་བྱས་པ་དང་། དེ་དག་དེང་དུས་ཀྱི་འཕྲུལ་ཆས་དང་མཐུན་ནས་ཉར་ཚགས་བྱས་པ་ཙམ་མིན་པར། པར་རིས་ཀྱི་ལམ་དང་འགྲེམས་སྟོན་བརྒྱུད་མ་འོངས་སོན་རྩ་དང་བོད་ཀྱི་རྩ་དོན་ལ་དངོས་གནས་ཤ་ཚ་ཡོད་མཁན་དེ་ཚོར་གོ་རྟོགས་སྤེལ་ཐུབ་རྒྱུའི་ཐབས་ལམ་བཟང་ཤོས་མཐོང་གི་འདུག དེ་རིང་དབུ་འབྱེད་གནང་བའི་ལས་གཞི་གཙོ་བོ་དེ་འདིའི་ཆ་ཤས་གཉིས་ཆགས་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

ཡང་ཁོང་གིས། བཀའ་ཤག་སྐབས་བཅུ་དྲུག་གི་དགོངས་བཞེས་མང་པོ་ཡོད་པའི་ནང་ནས་དྲ་ཐོག་གི་འཛིན་སྐྱོང་ (E-Governance) འདིའི་ནང་ལོགས་ལ་ (e-filing) དང་ (e-programme) སོགས་མང་པོ་ཞིག་བསླེབས་ཀྱི་ཡོད་དུས། འགྲེམས་སྟོན་ཁང་གིས་དེ་དང་མཚུངས་པ་བཟོ་རྒྱུའི་གོམ་པ་དང་པོ་ཆགས་ཀྱི་ཡོད། མ་འོངས་པར་དེ་དང་དེ་བཞིན་གྱི་ལས་གཞི་མང་པོ་བརྒྱུད་ནས་མ་འོངས་པར་འགྲེམས་སྟོན་ཁང་དེ་ (e-museum) ནང་འགྱུར་ཐུབ་པའི་དགེ་མཚན་མཐོང་སྟེ་དྲ་ཚིགས་རྒྱ་སྐྱེད་བཏང་དང་གཏོང་མུས་ཡིན་སྐོར་སོགས་འགྲེལ་བརྗོད་གནང་སོང་།

བོད་ཀྱི་འགྲེམས་སྟོན་ཁང་གིས་སྣེ་ཤན་དང་དྲ་ཚིགས་བསྐྱར་བཟོ་སྒོ་འབྱེད་གནང་། ༢༠༢༣།༠༢།༠༩ པར་དུས་བབ།

སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། སྤྱིར་བཏང་འགྲེམས་སྟོན་ཁང་ཚང་མར་སོ་སོའི་འདོད་པ་དང་དམིགས་ཡུལ་འདྲ་མིན་ཡོད་པ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེའི་ནང་ནས་ཐུན་མོང་གིས་ཡོད་དགོས་པ་དེ་ལོ་རྒྱུས་དང་བྱུང་རབས། དེ་བཞིན་རིག་གཞུང་དང་ཉིན་རེའི་གོམས་སྲོལ་དེ་ཚང་མ་ང་ཚོས་ཉར་ཚགས་བྱས་པ་དང་འགྲེམས་སྟོན་བརྒྱུད་ངོ་སྤྲོད་བྱེད་པའི་ཐོག་ནས་ཤེས་ཡོན་གྱི་ལྟེ་གནས་ཀྱི་ངོ་བོ་གཅིག་གི་ཐོག་ནས་སྤྱི་ཚོགས་ལ་ཞབས་ཕྱི་ཞུ་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེའི་ནང་ནས་དམིགས་བསལ་གྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་སྲིད་ཇུས་ངན་པ་སྤེལ་བའི་དུས་འདི་འདྲའི་ཞིག་ལ་འགྲེམས་སྟོན་ཁང་འདིའི་རིགས་དགོས་རྒྱུ་ནི་དམིགས་བསལ་གྱིས་གལ་གནད་ཆེན་པོ་མཐོང་གི་འདུག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་། ད་ལྟ་བོད་རྒྱ་དཀའ་རྙོག་སེལ་མ་ཐུབ་པའི་དུས་འདི་འདྲ་ཞིག་ལ་རྒྱ་ནག་གཞུང་གི་ངོས་ནས་བོད་དང་བོད་མི་ཚང་མ་རྒྱའི་ངོ་བོའི་ཐོག་ལ་བསྒྱུར་རྒྱུ་དང་རྒྱའི་རྣམ་པ་ཐོག་ལ་བསྒྱུར་རྒྱུའི་སྲིད་ཇུས་དང་ལམ་ལུགས་ངན་པ་དེ་འདྲ་ལོ་མང་པོའི་རིང་ལག་བསྟར་བྱས་དང་བྱེད་མུས་རེད་ཅེས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གསུངས་སོང་།

ཡང་བཀའ་བློན་མཆོག་ནས། བོད་ནང་ལ་ཛ་དྲག་གི་གནས་སྟངས་བྱུང་བའི་སྐབས་སུ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་འདིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཉར་ཚགས་དང་ཁྱབ་སྤེལ་བྱ་རྒྱུ་དང་། དེ་བཞིན་བོད་ཀྱི་གནས་སྟངས་དང་ད་ལྟའི་གནས་སྟངས་དང་གནས་བབ་འདི་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལ་ཁྱབ་བསྒྲགས་བྱ་རྒྱུའི་ལས་འགུལ་དང་ལས་གཞི་རྒྱ་ཆེན་པོ་ཞིག་ད་ལྟ་བར་དུ་སྤེལ་གནང་གི་འདུག དེ་ལ་བསྔགས་བརྗོད་ཞུ་ཡི་ཡོད། ཅེས་དང་། འགྲེམས་སྟོན་རིག་པའི་ལམ་ནས་སྲོལ་རྒྱུན་གྱི་ཐོག་ལ་འགྲོ་སྟངས་གཅིག་ཡོད་རེད། དེ་བཞིན་དེ་དང་མཉམ་དུ་དེང་རབས་ཀྱི་འཕྲུལ་རིགས་བེད་སྤྱོད་གཏོང་བའི་ཐོག་ནས་དམིགས་བསལ་གྱིས་བོད་ཀྱི་འགྲེམས་སྟོན་ཁང་འདིས་གང་ཐུབ་ཐུབ་ཀྱིས་ལས་ཀ་ཚགས་ཚུད་པོ་བཟོ་རྒྱུ་དང་། ཁྱབ་སྤེལ་བྱེད་པའི་སྐབས་སུ་ནུས་པ་ལྡན་པ་ཡོང་རྒྱུའི་ཆེད་དུ་འབད་བརྩོན་གང་ཐུབ་གནང་གི་འདུག དེ་དངོས་གནས་དགའ་དགོས་པའི་གནས་སྟངས་ཤིག་རེད། དེ་རིང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་འདི་ལོ་གཅིག་འཁོར་བའི་དུས་སྟོན་སྲུང་གཙི་འདི་དང་སྦྲགས་ནས་འདི་ལ་སྒྲ་འཇུག་སྣེ་ཤན་སྐད་རིགས་མི་འདྲ་བ་ལྔའི་ནང་ལ་བཟོ་སྐྲུན་གནང་ཐུབ་འདུག དེ་བཞིན་དྲ་ཚིགས་རྒྱ་སྐྱེད་གཏོང་བར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་ཡི་ཡོད་ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

ཆུ་ཚོད་ ༢ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese