མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༠ ནས་བོད་སྐོར་གྱི་གྲོས་ཆོད་དོན་ཚན་ལྔ་བཞག་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅུ་ཐུན་མོང་ནས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཐད་ཐེ་ཇུས་མི་ཆོག་པ་དང་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་དུ་གཏོང་བའི་རྒྱ་སྒྱུར་སྲིད་ཇུས་འཕྲལ་དུ་མཚམས་འཇོག་ཡོང་ཐབས་དང་འབྲེལ་བའི་གྲོས་ཆོད་དོན་ཚན་ལྔ་གཏན་འབེབ་གནང་འདུག

ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་འདུའི་ཐོག་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་གསུང་བཤད་གནང་། ༢༠༢༣།༠༢།༡༢ ཉི་ཧོང་སྐུ་ཚབ་དོན་ཁང་གི་པར།

ཁ་སང་ཕྱི་ཚེས་ ༡༢ ཉིན་བོད་སྐྱོབ་འབྲེལ་མཐུད་ཁང་(The Save Tibet Network)གིས་གཙོ་གཉེར་དང་། ཉི་ཧོང་བོད་རིགས་སྤྱི་མཐུན་ཚོགས་པས་མཉམ་འབྲེལ་གྱི་གོ་སྒྲིག་འོག་དྲ་ལམ་བརྒྱུད་ལོ་འཁོར་ཚོགས་འདུ་འཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་འབྲེལ་མཐུད་ཁང་གི་འགན་འཛིན་(Makino Seishu)ལགས་དང་། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་དབུས་རྒྱལ་ས་ཊོག་ཡོ་དང་ཧི་རོ་ཤི་མ་སོགས་ཉི་ཧོང་གི་ས་ཁུལ་འདྲ་མིན་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༠ ཡི་ཚོགས་མི་ ༢༨ འཛོམས་ཏེ། བོད་དོན་དང་འབྲེལ་བའི་གྲོས་ཆོད་དོན་ཚན་ལྔ་གཏན་འབེབ་གནང་འདུག

དེ་རིང་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་ཚོགས་ཐོག་ཏུ་བཞག་པའི་བོད་སྐོར་གྲོས་ཆོད་དོན་ཚན་ལྔའི་སྐོར་བཀའ་འདྲི་ཞུས་ཁོང་གིས། གྲོས་ཆོད་ནང་དུ་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པ་དང་བོད་པའི་ཕྲུ་གུ་རྣམས་རྒྱ་ནག་ཅན་དུ་སྒྱུར་བའི་སྲིད་ཇུས་ལག་བསྟར་མཚམས་འཇོག་བྱ་དགོས་པ། དེ་བཞིན་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་འདེམས་ཕྱོགས་སོགས་ལ་ཐེ་ཇུས་བྱ་ཆོག་གི་མེད་པ་བཅས་ཀྱི་གྲོས་ཆོད་བཞག་ཡོད་སྐོར་དང་།  ལོ་འདིའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སོ་སོ་ནས་གྲོས་ཆོད་དོན་ཚན་ལྔ་པོ་དེ་དག་ས་གནས་ཁག་གི་ཚོགས་པ་དང་། ས་གནས་ཀྱི་གྲོས་ཚོགས་སོགས་ལ་འགྲེམས་སྤེལ་དང་། ཁོང་ཚོའི་ངོས་ནས་ལག་བསྟར་བྱ་དགོས་ཤིང་། དགོན་པ་ཁག་ཏུའང་ལས་འགུལ་དེ་འདྲ་སྤེལ་དགོས་ཀྱི་ཡོད་པ་དང་། དམིགས་བསལ་གྱིས་ཉི་ཧོང་གི་གྲོས་ཚོགས་ནས་བོད་དོན་སྐོར་ལ་དོ་སྣང་ཡོང་སླད་ལས་འགུལ་སྤེལ་འཆར་ཡོད་སྐོར་སོགས་བརྗོད་བྱུང་།

ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་འདུ་བསྡུས་ཏེ་བོད་དོན་གྲོས་ཆོད་དོན་ཚན་ལྔ་བཞག ༢༠༢༣།༠༢།༡༢ ཉི་ཧོང་སྐུ་ཚབ་དོན་ཁང་གི་པར།

ད་ལན་ཐུན་མོང་ཐོག་གཏན་འབེབ་བྱུང་བའི་གྲོས་ཆོད་དོན་ཚན་ལྔ་ནི། ༡། རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་དེ་མཚམས་འཇོག་བྱ་དགོས་པ་དང་། ༢། བོད་ནང་གི་བོད་མི་ཚོར་རང་ཐག་རང་གཅོད་དང་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་ཀྱི་ཡོད་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་སླད། རྒྱ་ནག་གི་མགོ་ཁྲིད་ཀྱིས་བོད་པའི་ཕྲུ་གུ་རྣམས་ཀྱི་ལྟ་བ་སྒྱུར་ཐབས་སུ་རྒྱ་སྐད་དང་རྒྱ་ནག་གི་རིག་གཞུང་སོགས་བསླབ་སྟེ་བོད་པའི་སློབ་ཕྲུག་རྣམས་རྒྱ་ནག་ཅན་དུ་སྒྱུར་བའི་ལས་གཞི་དེ་གང་མགྱོགས་མཚམས་འཇོག་བྱ་དགོས་པ། ༣། རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་ཁྲིམས་གཞིར་བཟུང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཁྲིམས་དེ་ལག་བསྟར་བྱ་དགོས་ཀྱི་ཡོད་པ། ༤། རྒྱ་ནག་གཞུང་གིས་བོད་ཀྱི་ནང་པའི་ཆོས་ལུགས་་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་སོགས་ཀྱི་ཐོག་ལ་ཐེ་ཇུས་བྱེད་མི་ཆོག་པ། ༥། ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ཉི་ཧོང་སྐུ་ཚབ་དོན་ཁང་གིས་རྒྱ་ནག་སྲིད་གཞུང་གིས་འདེམས་པའི་ཏཱ་ལའི་བླ་མའི་ཡང་སྲིད་སོགས་ནམ་ཡང་ངོས་ལེན་བྱེད་ཀྱི་མེད་པའི་གྲོས་ཆོད་བཏོན་ཡོད་འདུག

ཚོགས་འདུའི་ཐོག་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་མི་ཟུར་པ་དང་ (Save Tibet Network) གི་ཚོགས་གཙོ་མི་ཀི་ནོ་སི་ཤུ་ (Makino Seishu) ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ཇི་བཞིན་ཚོགས་མི་རྣམས་ནས་འཚེ་མེད་ཞི་བའི་ལམ་ནས་བོད་མིའི་རང་དབང་དྲང་བདེན་རྩོད་དགོས་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཚོགས་འདུ་གོ་སྒྲིག་གནང་མཁན་དང་ཚོགས་འདུའི་ནང་མཉམ་ཞུགས་གནང་མཁན་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པ་དང་། བོད་ཀྱི་ནང་པའི་ཆོས་ལུགས་ལ་ཐེ་ཇུས་བྱེད་བཞིན་ཡོད་པའི་གནས་སྟངས་སོགས་ངོ་སྤྲོད་བྱས་ཤིང་། ཚོགས་མི་དང་ཁྲིམས་བཟོ་བ་རྣམས་ཀྱིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་ཆོས་དད་རང་མོས་མེད་པ། བོད་ཀྱི་ངོ་བོ་དང་སྐད་ཡིག་རྩ་མེད་ཀྱི་སྲིད་ཇུས་ངན་པ་ལག་བསྟར་བྱེད་བཞིན་པའི་གནས་སྟངས་སོགས་ངོ་སྤྲོད་དང་གོ་རྟོགས་གང་མང་སྤེལ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༧ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese