མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིག་པའི་མཁས་དབང་ཆེན་མོ་སངས་རྒྱས་ལགས་སྐུ་གྲོངས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དགོང་མོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་སློབ་གཙོ་ཟུར་པ་བོད་རིག་པའི་མཁས་དབང་དང་ལོ་ཙཱ་བ་སངས་རྒྱས་ལགས་ནད་གཞི་ཡི་རྐྱེན་གྱིས་དགུང་གྲངས་ ༧༡ ཐོག་རེབ་གོང་དུ་སྐུ་གྲོངས་ཡོད་འདུག

བོད་རིག་པའི་མཁས་དབང་སློབ་དཔོན་ཆེན་མོ་སངས་རྒྱས་ལགས། དྲ་ལམ་གྱི་པར།

དགེ་རྒན་ཆེན་མོ་ཁོང་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས། བོད་ནང་གི་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་ཁོང་གི་ཤུལ་ལུས་ནང་མི་སོགས་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་མཚོན་སླད། མི་སྒེར་གྱི་སྐད་འཕྲིན་རྒྱབ་ལྗོངས་སོགས་སུ་ཁོང་གི་པར་དང་བརྩམས་ཆོས་རྣམས་བཞག་ནས་བཀའ་དྲིན་རྗེས་དྲན་དང་མྱ་ངན་གྱི་ཡི་གེ་བྲིས་དང་འབྲི་ཡི་འདུག་ལ། དམ་པ་ཁོང་གིས་གངས་རྒྱན་ན་ཆུང་ཚགས་པར་དང་སྦྲང་ཆར་སོགས་ཀྱི་གཙོ་སྒྲིག་པ་གནང་ཡོད་པ་མ་ཟད། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་སློབ་གཙོ་ཟུར་པ་དང་འབུམ་རམས་པའི་དགེ་རྒན་ཆེན་མོ་བཅས་གནང་སྟེ། བོད་ཁུལ་གྱི་སློབ་གསོའི་བྱ་བཞག་ཐོག་མཛད་རྒྱས་རླབས་ཆེན་བཞག་གནང་ཡོད་འདུག

བོད་ཀྱི་སྙན་ངག་པ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས།  སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག། བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་ཀུན་གྱི།། ཡོན་ཏན་བཀོད་པ་ཐམས་ཅད་གཅིག་བསྡོམས་པ།། ཞིང་ཁམས་ཀུན་ལས་ཁྱད་འཕགས་བླ་ན་མེད།། བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག། ཅེས་བྲིས་འདུག ཡང་བོད་མི་གཞན་ཞིག་གིས། ཆེས་ཕལ་བ་ཞིག་གི་རྨི་ལམ་དང་འདྲ་བའི་མི་ཚེ་ཐུང་ཐུང་མཇུག་སྒྲིལ་བ་ནི་ཕངས་སེམས་སྐྱེ་དགོས་པ་ཞིག་མིན་སྙམ་དེ། ཕྱི་མའི་ལས་རྟེན་ལ་དེ་རིང་ལས་ཀྱང་རླབས་ཆེན་གྱི་བྱ་བཞག་རེ་འགྲུབ་ཐུབ་པའི་གོ་སྐབས་བཟང་པོ་ཐོབ་ཐུབ། འོན་ཀྱང་ཉམ་ཐག་ཉག་ཕྲ་བའི་མི་རིགས་དང་རིག་གཞུང་གི་ཚེ་སྲོག་གསོ་བའི་རྟེན་ཕུར་དུ་གྱུར་བའི་དམ་པ་རེ་རེ། རླབས་ཆེ་བའི་ཕྱག་ལས་ཀྱི་འཇུག་པ་རྒྱ་ཆེར་གནང་བཞིན་པའི་སྒང་ལ། འདི་ལྟར་གློ་བུར་ཏུ་སྐུ་གཤེགས་པ་ནི་མི་རིགས་གང་དང་རིག་གཞུང་གང་གི་ཆག་སྒོ་ཆེན་པོ་ཞིག་ཅི་ལ་མིན། དམ་པ་ཁྱེད་རང་གིས་སླར་ཡང་ཤེས་རིག་གི་རྫོང་ཆེན་བསྣམས་ནས་གངས་རིའི་བསྐོར་བའི་ཡུལ་ལུང་འདིར་འབྱོན་དགོས། ཞེས་བྲིས་འདུག 

སློབ་དཔོན་ཆེན་མོ་སངས་རྒྱས་ལགས་ནི་མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་ཁོངས་སུ་སྐྱེས་ཤིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་གནང་བའི་ཞོར་དུ།  ཕྱི་ལོ  ༢༠༠༡ ལོར་ཞིང་ཆེན་རིམ་པའི་གནད་ཆེའི་ལས་གཞི་སྟེ«དེང་རབས་རྒྱ་ཡིག་ཚིག་མཛོད»(པར་ཐེངས་དྲུག་པ)ཀྱི་རྒྱ་བོད་ལོ་ཙཱའི་དབུ་བཞུགས་ཆེད་མཁས་པའི་འགན་བཞེས་ཡོད་པ་དང་། ཕྱི་ལོ ༢༠༢༢ ལོར་རྒྱལ་ཁབ་ལོ་ཙཱ་པའི་མཐུན་ཚོགས་ཀྱིས“བསླབ་པ་ཟབ་པའི་ལོ་ཙཱ་པ”ཞེས་པའི་མཚན་སྙན་གནང་། ༡༩༩༡ ལོ་ནས ༢༠༠༡ བར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའི་འགན་བཞེས་ཤིང་། བོད་ཡིག་རྩོམ་སྒྲིག་ཁང་གི་འགན་འཛིན་དང་། «གངས་རྒྱན་ན་ཆུང་ཚགས་པར»གྱི་གཙོ་སྒྲིག་པ། «སྦྲང་ཆར»གྱི་གཙོ་སྒྲིག་པ་སོགས་ཀྱི་འགན་ཡང་ཁུར་ «ཨ་མདོའི་དམངས་ཁྲོད་རྩོམ་རིག»དང«རྗེ་ཙོང་ཁ་པའི་གསུང་འབུམ» «རྗེ་ཤར་གདོང་རིན་པོ་ཆེའི་གསུང་འབུམ» «དམུ་དགེ་བསམ་གཏན་ཚང་གི་གསུང་འབུམ» «བོད་བརྒྱད་ནང་བསྟན་ལྷ་ཚོགས་ཆེན་མོ» «བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ»སོགས་བོད་ཡིག་དཔེ་དེབ་དང་དུས་དེབ་སྟོག་ཕྲག་ལྷག་ཅིག་པར་སྐྲུན་གནང་ཡོད་སྟབས།  “རྒྱལ་ཡོངས་དཔེ་སྐྲུན་ལས་མཛད་ཕུལ་བྱུང་པ་བརྒྱ”ཞེས་པའི་མཚན་སྙན་དེའང་ཕུལ་ཡོད་འདུག  

ད་དུང་དམ་པ་ཁོང་གིས་«དེང་རབས་རྒྱ་ཡིག་ཚིག་མཛོད»དང«ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག» «སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ» «མཛངས་བླུན་ཞེས་བྱ་བའི་མདོ་བསྒྱུར་ཅིང་ཞུས་མཆན་བཏབ་པ» «བོད་ཀྱི་གནའ་རབས་རྩོམ་རིག་གི་ལོ་རྒྱུས་མདོར་བསྡུས» «ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྤྱིའི་དཀར་ཆག་གནད་བསྡུས་ལས་བོད་རིགས་བམ་པོའི་ཟི་ལིང་གི་སྐོར» «དུས་རབས་བཅུ་དགུ་པའི་དབྱིན་ཇིའི་རང་མོས་རིང་ལུགས» «རྒྱའི་ཡིག་གསུམ་མདོ» «ང་མཚོ་སྔོན་ལ་དགའ» «གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙན་ཚིག་འདྲ་བཤུས» སོགས་བརྩམས་ཡོད་འདུག  

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༨ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༩ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese