མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་བཅུ་གཅིག་པ་བསྡུས།

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་མཁན་སྤྲུལ་དགེ་བཤེས་དང་སློབ་གཉེར་བ་སོགས་མི་གྲངས་ ༡༠༠ མ་ཟིན་ཙམ་མཉམ་ཞུགས་ཀྱི་བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་ཐེངས་བཅུ་གཅིག་པ་བསྡུས་ཡོད་འདུག

ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་ཐེངས་བཅུ་གཅིག་པ་འཚོགས། ༢༠༢༢།༠༢།༢༧ ཞིབ་འཇུག་གི་པར།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག ལོ་ལྟར་བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་བླ་སྤྲུལ་མཁན་པོ་དགེ་བཤེས་དང་དགེ་འདུན་པ་མཉམ་ཞུགས་ཀྱི་བགྲོ་གླེང་འཚོགས་ཀྱི་ཡོད་པ་ལྟར། ཕྱི་ཟླ་ ༢ ཚེས་ ༢༧ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་སོགས་དགེ་འདུན་པ་ ༧༠ ལྷག་དང་། དེར་ཡོད་བོད་རིགས་ཤེས་ཡོན་པ་དང་སློབ་གཉེར་གནང་བཞིན་པ་སོགས་ ༢༠ ལྷག་བཅས་མཉམ་འཛོམས་ཐོག་བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་ཐེངས་བཅུ་གཅིག་པ་འཚོགས་ཡོད་ཅིང་། ཚོགས་ཐོགས་སུ་བསྟན་པ་སྤྱིའི་ཁ་ཕྱོགས་དང་། བོད་བརྒྱུད་ནང་བསྟན་གྱི་འབྱུང་འགྱུར། དེ་ལས་ཀྱང་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་འཇིག་རྟེན་སྤྱི་སྨན་གྱི་དགོངས་བཞེད་དང་འགན་འཁྲི་གལ་ཆེན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སོགས་ཀྱི་བརྗོད་གཞི་གལ་ཆེན་བཞིའི་ཐོག་ལ་གཏམ་བཤད་དང་གོ་བསྡུར་ལྷུག་པོར་གནང་ཡོད།

ཐོག་མར་མདོ་འཛིན་པ་མཁན་པོ་ཚེ་དབང་རིག་འཛིན་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་འབྲེལ། ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ་མཆོག་ནས་ཐའེ་ཝན་བོད་བརྒྱུད་ནང་བསྟན་གཅིག་གྱུར་མེད་པའི་ཉེས་སྐྱོན་ལྔ་དང་གཅིག་གྱུར་བྱུང་ན་ཁེ་ཕན་དང་གཅིག་གྱུར་ཡོང་བའི་ཐབས་ལམ་གསུམ་བཅས་དང་འབྲེལ་བའི་ཐོག་ནས་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཡོངས་ནས་ནུས་པ་མཉམ་སྤུངས་ཀྱིས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་ནུས་པ་འདོན་དགོས་པའི་སྐོར་ལ་གསུང་བཤད་དང་། རིགས་པ་དཔང་དུ་བཞག་པ། ཀུན་སྤྱོད་ཚུལ་དང་མཐུན་པ། གྲུབ་དོན་གྱི་འབབ་ས་ཡོད་པ་བཅས་ཀྱི་བགྲོ་གླེང་ཞིག་ཡོང་རྒྱུར་འབོད་སྐུལ་གནང་སོང་།

དེ་ནས་མཁན་པོ་བསྟན་འཛིན་ཉི་མ་མཆོག་གིས་བརྗོད་གཞི་དང་པོ་སྟེ། ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་འགན་འཁྲི། ཞེས་པའི་ཁ་བྱང་ཐོག ༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་དགོངས་དོན་གཞིར་བཟུང་གིས། ཆོས་ལུགས་པ་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་ཕན་ཚུན་བར་གྱི་མཐུན་སྒྲིལ་ཐད་དམིགས་བསལ་ཐུགས་འགན་བཞེས་བཞིན་པ་ལྟར།    ང་ཚོས་ཀྱང་རང་ཉིད་ཆོས་ལུགས་པ་དང་ནང་པ།   དགེ་འདུན་པ།   ཁྱད་པར་དུ་རྒྱ་རིགས་སྤྱི་ཚོགས་སུ་ནང་བསྟན་དང་འབྲེལ་བའི་ཕྱག་ལས་གནང་མཁན་ཞིག་ཡིན་པའི་ངོས་ནས་ཆོས་ལུགས་ཕན་ཚུན་བར་གྱི་མཐུན་སྒྲིལ་གྱི་ཕྱོགས་ལ་རང་ཉིད་ཀྱི་འགན་འཁྲི་དང་ལས་དོན་གང་འདྲ་ཞིག་སྒྲུབ་དགོས་པའི་སྐོར་ལ་གསུང་བཤད་གནང་།

དགེ་བཤེས་ཕྲིན་ལས་རྒྱ་མཚོ་མཆོག་གིས་བརྗོད་གཞི་གཉིས་པ་སྟེ།  ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གལ་གནད་ཅེས་པའི་ཐོག་གསུང་བཤད་གནང་སྐབས། ༧གོང་ས་མཆོག་ནས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ནུས་པ་གོང་འཕེལ་ཡོང་ཆེད་ཐུགས་བཞེད་ལ་འཛམ་གླིང་གང་ས་ནས་དོ་སྣང་ཆེན་པོ་ཞུ་བཞིན་པ་ལྟར།  ཐའེ་ཝན་གྱི་གཞོན་སྐྱེས་སོགས་ལ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཐོག་ནས་ཕན་ཚུན་གོ་རྟོགས་སྤེལ་རེས་དང་།   གཞོན་སྐྱེས་དག་གི་མི་ཚེ་དང་འཚོ་བའི་ཁ་ཕྱོགས་ལ་རམ་འདེགས་སོགས་ཀྱི་ཐད་ཐབས་ལམ་གང་ཡོད་ཀྱི་སྐོར་གསུངས།

བོད་བརྒྱུད་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་ཐེངས་བཅུ་གཅིག་པའི་ཚོགས་བཅར་ཡོངས། ༢༠༢༢།༠༢།༢༧ ཞིབ་འཇུག་གི་པར།

དེ་ནས་མཁན་པོ་འཇིགས་མེད་རྣམ་རྒྱལ་མཆོག་གིས་སྟོན་པའི་འཁྲུངས་སྐར་གཅིག་གྱུར་གྱི་གལ་གནད་ཅེས་པའི་བརྗོད་གཞི་དང་འབྲེལ་བའི་ཐོག་ནས་རྒྱལ་སྤྱིའི་སྟོན་པའི་འཁྲུངས་སྐར་གཅིག་གྱུར་གྱི་གལ་གནད་དང་།    ད་ལྟའི་གནས་བབས། འབྱུང་འགྱུར་དེའི་ཐད་ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་།

མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་གིས་བརྗོད་གཞི་བཞི་པ་དཔེ་ཁྲིད་དང་ཞབས་རིམ་ཟུང་འབྲེལ་གྱི་གལ་འགངས་ཞེས་པའི་ཐོག་གསུང་བཤད་གནང་སྐབས། རྒྱ་རིགས་སྤྱི་ཚོགས་སུ་ནང་ཆོས་སྤྱི་དང་ཁྱད་པར་ཆོས་ཚོགས་ཁག་གི་གནས་སྟངས་ཐད།   འགའ་ཞིག་གིས་ཆོས་ཁྲིད་ཁོ་ན་དང་། འགའ་ཞིག་གིས་འདོན་ཆོག་ཞབས་རིམ་ཁོ་ན་གནང་བཞིན་པའི་གནས་སྟངས་ཐད། དཔེ་ཁྲིད་དང་ཞབས་རིམ་ཟུང་འབྲེལ་གྱི་ལག་ལེན་བསྟར་ཕྱོགས་ཐད་ཀྱི་ངོས་འཛིན་དང་།  འོས་འཚམ་གྱི་ཕྱག་བཞེས་གནང་ཕྱོགས་སོགས་གསུངས།

དེའི་རྗེས་ཞིབ་འཇུག་ཚོགས་པའི་ཚོགས་གཞོན་མཁན་པོ་ངག་དབང་མཁས་གྲུབ་དང་། དགེ་བཤེས་ནོ་ནོ་ལགས་གཉིས་ཀྱིས་ཚོགས་འདུའི་དངོས་གཞི་གཙོ་སྐྱོང་དང་བཅས་ཚོགས་ཞུགས་པ་ཡོངས་ནས་བརྗོད་གཞི་ཁག་དང་འབྲེལ་བའི་དྲི་བ་དྲིས་ལན་གནང་ཡོད་པ་དང་། ད་ལན་སྐབས་སྔ་མ་དང་མི་འདྲ་བར་འདི་ལོར་དམིགས་བསལ་ཐའེ་ཝན་དུ་གནས་སྡོད་གཞོན་སྐྱེས་དང་སྐད་སྒྱུར་བ་སོགས་ཤེས་ཡོན་པ་དང་དོ་སྣང་ཅན་མང་པོ་ཞིག་ཀྱང་མཉམ་ཞུགས་གནང་ཡོད་པ་དང་། མང་པོ་ཞིག་གིས་ཞིབ་འཇུག་ཚོགས་པའི་ཕྱག་ལས་སྤྱི་དང་། ཁྱད་པར་ཐའེ་ཝན་གྱི་དགེ་འདུན་པའི་མཐུན་ལམ་མཉམ་འབྲེལ་དང་། ཐའེ་སྡོད་པའི་ཆོས་དང་རིག་གཞུང་། ས་གནས་ཀྱི་ནང་པའི་དགོན་པ་ཁག་གི་བར་གྱི་མཐུན་ལམ། ཐའེ་ཝན་མི་མང་བོད་བརྒྱུད་ནང་བསྟན་ལ་མཐོང་སྣང་བཟང་པོ་ཡོང་གཞི་བཅས་ཀྱི་ལས་འགུལ་མང་དག་ཅིག་སྤེལ་བཞིན་པར་སྔགས་བརྗོད་དང་གདེངས་འཇོག་ཆེན་པོ་གནང་ཡོད།

ཞིབ་འཇུག་ཚོགས་པས་ལོ་སྔ་མར་དངོས་སུ་འགྲེམ་སྤེལ་ཞུས་པའི་གལ་ཆེའི་འབོད་སྐུལ་གྲོས་ཆོད་ཀྱི་ཡིག་ཆ་《འགན་འཁྲི》ཞེས་པའི་སྐོར་ལ་གསལ་བཤད་དང་བཅས་ཚོགས་པ་ཁག་ལ་ཕུལ་ཡོད་པ་དང་། དེ་བཞིན་ནད་ཡམས་དང་དམག་འཁྲུག འབྱུང་བཞིའི་འཇིགས་པ་སོགས་ཀྱི་གནོད་འཚེ་ཕོག་དང་ཕོག་བཞིན་པ་དག་གི་ཆེད་སྔོ་སྨོན་ཡང་གནང་ཡོད་འདུག་ལ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་སྤྱི་ལོ་ ༢༠༠༩ ལོར་ཐའེ་ཝན་དུ་ས་སྐྱ་བདག་ཆེན་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་ཡོད་ཅིང་། གཞུང་འབྲེལ་ཚད་ལྡན་དེབ་སྐྱེལ་བྱས་པའི་ཁྲིམས་མཐུན་ཚོགས་པ་ཞིག་དང་། བོད་བརྒྱུད་བསྟན་ལ་ཞབས་འདེགས་ཞུ་བའི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚོགས་པ་ཞིག་ཡིན་པར་མ་ཟད། འདི་ལོ་ཚོགས་པ་འདི་དངོས་སུ་དབུ་ཚུགས་ནས་ལོ་ཧྲིལ་པོ་བཅོ་ལྔ་ཟིན་གྱི་ཡོད་པ་རེད།

གནས་ཚུལ་མཁོ་སྤྲོད་པ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ།

འབྲེལ་ཡོད་གསར་འགྱུར།

Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

༢༠༢༣/༠༩/༢༩
Mobile App

ཐའེ་པེ་རུ་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་མགོ་འཛུགས་བྱས།

༢༠༢༣/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist