མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་བསླེབས་པར་ངོ་རྒོལ་བྱས་ཏེ་ལས་འགུལ་བ་མང་པོ་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་ཅིག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀཱང་ཟེར་བ་རྒྱ་གར་དུ་བསླེབས་པར་ངོ་རྒོལ་ལས་འགུལ་སྤེལ་པར་བརྟེན་ལས་འགུལ་བ་མང་པོ་ཞིག་བཀག་ཉར་བྱེད་མུས་ཡིན་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀང་ལ་ངོ་རྒོལ་བྱས། ༢༠༢༣།༠༣།༠༡

དེ་རིང་དང་སང་ཉིན་འཛམ་གླིང་གི་རྒྱལ་ཁབ་ཉི་ཤུའི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོག་བཞིན་ཡོད་པ་དང་། ལྷན་ཚོགས་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀཱང་ཡང་མཉམ་ཞུགས་བྱས་ཡོད་པར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱི་ལས་འགུལ་བ་རྣམས་ཀྱིས། རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་དུ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། ཉེན་རྟོག་པས་ལས་འགུལ་བ་མང་པོ་ཞིག་དྷོ་བར་ཀ་ཉེན་རྟོག་ཁང་(Dwarka police station)དུ་བཀག་ཉར་བྱེད་མུས་ཡིན་འདུག

དེའི་ཐད་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་གཞིས་བཞུགས་བོད་མི་ཡོངས་ཀྱི་མགྲིན་ཚབ་པ་བྱས་ནས་རྒྱ་ནག་གཞུང་གི་མགོ་ཁྲིད་མི་སྣ་ཁག་རྒྱ་གར་གཙོས་པའི་རང་དབང་གི་ལུང་པ་ཁག་ཏུ་བསླེབས་ཚེ་གནོན་ཤུགས་སྤྲད་རྒྱུ་དེ་གལ་ཆེན་པོ་ཡིན་པ་མ་ཟད། བོད་ཀྱི་བདེན་མཐའ་མ་གསལ་བ་དང་། བོད་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་མ་ཐེབས་བར་དུ་མུ་མཐུད་ནས་ལས་འགུལ་སྤེལ་རྒྱུ་ཡིན། དེ་བཞིན་ད་ལན་ཚོགས་འདུ་འདིར་ཆེད་ཕེབས་བྱས་པའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་གཏན་ནས་ཡིད་ཆེས་བྱ་མི་ཉན་པའི་བརྡ་ལན་དང་རྒྱ་གར་གཙོས་པའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་གི་གཉའ་གནོན་གྱི་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་དག་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྐོར་གླེང་སློང་བྱ་དགོས་པའི་རེ་སྐུལ་ཞུ་ཡི་ཡོད་སྐོར་བརྗོད་བྱུང་།

རྒྱ་གར་རྒྱལ་ས་ལྡི་ལིར་རྒྱལ་ཁབ་ཉི་ཤུ་ཡི་ཕྱི་སྲིད་བློན་ཆེན་ལྷན་ཚོགས། ༢༠༢༣།༠༣།༡

འཛམ་གླིང་རྒྱལ་ཁབ་ཉི་ཤུའི་ཕྱི་སྲིད་བློན་ཆེན་གྱི་ཚོགས་ཆེན་དེའི་ཐོག རྒྱལ་ཁབ་ཁག་གི་མཉམ་རུབ་ཀྱི་ཐོག་ནས་ཟས་རིགས་དང་ཚོང་དོན་ཡང་རྒྱས་གཏོང་ཐབས་དང་།  འགྲོ་བ་མིའི་ཐོབ་ཐང་། སྟོབས་ཆེན་རྒྱལ་ཁབ་ཁག་གི་མཉམ་རུབ་ཀྱི་ནུས་པ་ཇི་ལྟར་སྐྱེད་དགོས་མིན། ཨུ་རུ་སུ་དང་ཡུ་ཁི་རེན་གྱི་དཀའ་རྙོག་སོགས་ཀྱི་ཐད་ལ་གླེང་མོལ་གནང་གི་ཡོད་འདུག་ལ། ད་ལན་གྱི་ཚོགས་ཆེན་ཐོག་ཨོ་གླིང་དང་། རྒྱ་གར། རྒྱ་ནག དབྱིན་ཡུལ། ཨ་རི། འཇན་མན་གཙོས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བཅུ་དགུ་ཡི་ཕྱི་སྲིད་བློན་རྣམས་མཉམ་ཞུགས་གནང་ཡོད་འདུག

དེ་བཞིན་ཐེངས་འདིར་རྒྱའི་ཕྱི་སྲིད་བློན་ཆེན་ཆིང་ཀཱང་གིས། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྗེ་ཤན་ཀཱར་མཆོག་དང་ཐུག་འཕྲད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ས་མཚམས་རྩོད་རྙོག་སྐོར་ལ་གྲོས་མོལ་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་ཀྱང་།  རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་མང་ཆེ་བའི་སྟེང་། རྒྱའི་ཕྱི་སྲིད་བློན་ཆིང་ཀཱང་ཟེར་བ་རྒྱ་གར་ནང་ཡོང་གི་ཡོད་སྐོར་ཙམ་ལས། དོན་དངོས་ཐོག་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སྐོར་ལ་གྲོས་མོལ་བྱས་ཏེ་དོན་འབྲས་ཡོང་མིན་སོགས་ཀྱི་གནས་ཚུལ་གང་ཡང་མཐོང་ཐོས་མི་འདུག

བོད་སྒར་བསམ་ཡས་གླིང་གི་ངོ་རྒོལ་འཕྲེད་དར་དང་སྦྱར་ཡིག་བཀོག་པ། སློབ་ཕྲུག་ཚོགས་པའི་པར།

གཞན་ཡང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་ལྡི་ལི་བོད་སྒར་བསམ་ཡས་གླིང་ནས་པན་ཇམ་བྷ་སི་ཏི་འགྲོ་སའི་ལྕགས་ཟམ་སྟེང་དུ།  སྟོབས་ཆེན་རྒྱལ་ཁབ་ཉི་ཤུ། བོད་ཀྱི་བྱིས་པ་རྣམས་སྐྱོབས་( G20 Protect Tibetan Children ) དང་། ཆིང་ཀང་ཕྱིར་སོང་  (Qin Gang go back) ཞེས་ཆིང་གི་པར་སྦྱར་བ་དང་འཕྲེད་དར་བཏགས་ནས་ངོ་རྒོལ་བྱས་ཡོད་ཀྱང་། དེ་དག་ཚང་མ་མི་ཞིག་གིས་ཁུ་སིམ་སིམ་གྱིས་བཀོག་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༤ ཙམ་ནས་ལ་དྭགས་ཁུལ་དུ་བར་ས་མཚམས་རྩོད་རྙོག་བྱུང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་ནས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ད་བར་རྒྱ་དཀར་ནག་གཉིས་བར་ས་མཚམས་ཁུལ་དུ་དམག་དཔོན་རིམ་པའི་གྲོས་མོལ་ཐེངས་ ༡༧ རིང་བྱས་ཡོད་ཀྱང་། ད་ལྟའང་རྒྱལ་ཁབ་གཉིས་ཀྱི་ས་མཚམས་རྩོད་རྙོག་གི་དཀའ་ངལ་མུ་མཐུད་གནས་བཞིན་ཡོད་པར་བརྟེན། ཕྱི་ཟླ ༢ ཚེས་ ༢༦ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྗའེ་ཤན་ཀཱར་ (S. Jaishankar) ལགས་ཀྱིས། ལ་དྭགས་གྷལ་ཝན་ལུང་གཤོངས་ཀྱི་དཀའ་རྙོག་མ་སེལ་བར་དུ་རྒྱ་དཀར་ནག་གི་འབྲེལ་ལམ་རྒྱུན་ལྡན་ལྟར་སླར་གསོ་ཡོང་ཐབས་མེད་སྐོར་བསྒྲགས་ཡོད་པ་རེད།

འཛམ་གླིང་གི་རྒྱལ་ཁབ་ཉི་ཤུའི་སྲིད་འཛིན་དང་སྲིད་བློན་གྱི་ལྷན་ཚོགས་ཐེངས་ ༡༨ པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༩ དང་ ༡༠ ཉིན་འཚོག་གཏན་འཁེལ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist