མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཕྱི་དྲིལ་བཀའ་བློན་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མཆོག་ལ་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཅེག་ཕྱི་སྲིད་བློན་ཆེན་མཆོག་དང་ཟུར་མཇལ་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་གནང་ཡོད་འདུག

བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇན་ལི་བྷ་སི་ཀེ་མཆོག་སོགས། བོད་མིའི་སྒྲིག་འཛུགས་ཀྱི་པར།

འཛམ་གླིང་རྒྱལ་ཁབ་ ༢༠ ཡི་ཕྱི་སྲིད་བློན་ཆེན་རྣམ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཛོམས་ཡོད་པའི་གོ་སྐབས་དང་བསྟུན། ཕྱི་ཟླ་ ༢ ཚེས་ ༢༨ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་ནོར་འཛིན་སྒྲོལ་མ་མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་སྤྱི་ཟུར་བློ་བཟང་ཤཱསྟྲི་ལགས་དང་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་བཅས་ཀྱིས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇན་ལི་བྷ་སི་ཀེ་ (Jan Lipavský) མཆོག་དང་ཟུར་མཇལ་གནང་སྟེ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་མུ་མཐུད་དུ་བོད་མི་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་འགྲོ་འདུག་གི་རང་དབང་སོགས་ཀྱི་ཐད་ལ་གླེང་སློང་གནང་ཡོད་འདུག

དེའི་ཐད་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་མཆོག་ནོར་འཛིན་སྒྲོལ་མ་མཆོག་གིས།  ཅེག་སྤྱི་མཐུན་རྒྱལ་ཁབ་ནི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ལ་བརྩི་འཇོག་བྱེད་མཁན་ཞིག་ཡིན་པའི་ཁར། བོད་ནང་གི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་མ་ཟད། བོད་དང་ཅེག་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་བར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་འདྲིས་དམ་ཟབ་ཡོད་ཅིང་། ལྷག་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་མཆོག་གི་བར་ཐུགས་འདྲིས་ཧ་ཅང་ཆེན་པོ་ཡོད་པས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་མང་གཉིས་ཀྱིས་མུ་མཐུད་དུ་བོད་དང་བོད་མིར་རྒྱབ་སྐྱོབ་བྱ་རྒྱུ་ཡིན་སྐོར་སོགས་གསུངས་བྱུང་།

བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇན་ལི་བྷ་སི་ཀེ་མཆོག་སོགས། བོད་མིའི་སྒྲིག་འཛུགས་ཀྱི་པར།

ཡང་ཕྱི་དྲིལ་བཀའ་བློན་མཆོག་གིས། བོད་ནང་གི་གནད་དོན་མང་པོ་ཞིག་གི་ཐད་གླེང་སློང་གནང་ཡོད་པ་མ་ཟད། བོད་ནང་གི་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཅོམ་བྱེད་མུས་ཡིན་པའི་སྐོར།  དེ་བཞིན་ཉེ་ཆར་རྒྱ་ནག་གཞུང་གིས་བྱིས་པ་ཚུད་པའི་བོད་མི་རྣམས་ཀྱིས་རིགས་རྫས་བསྡུ་རུབ་བྱེད་མུས་ཡིན་པའི་སྐོར་དང་། བོད་ཀྱི་བྱིས་པ་མང་པོ་ཞིག་རྒྱ་ནག་གཞུང་གིས་ཆེད་བཙུགས་བྱས་པའི་སློབ་གྲྭ་ཁག་ཏུ་བཙན་བཅུག་བྱེད་མུས་ཡིན་པའི་སྐོར། གཞན་ཡང་ད་ལྟའང་བོད་ཀྱི་གནད་དོན་སེལ་མེད་པའི་ཁར། བོད་རྒྱ་ཞི་མོལ་གྱི་གནད་དོན་ཡང་ལྷག་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་བཀའ་རྙོག་བསལ་རྒྱུར་འབད་བརྩོན་བྱེད་མུས་ཡིན་པས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་མུ་མཐུད་དུ་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུར་རེ་སྐུལ་ཞུས་ཡོད་སྐོར་སོགས་གསུངས་བྱུང་།

དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇན་ལི་བྷ་སི་ཀེ་ (Jan Lipavský) མཆོག་གིས། བོད་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་ལམ་ཡོད་ཅིང་། ད་ལན་གྱི་ལྷན་འཛོམས་འདི་བརྒྱུད་བོད་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་བྱ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་ལ། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་རྣམས་ལ་རྒྱབ་སྐྱོར་དང་གཅེས་སྐྱོང་གནང་བར་བཀྲིན་ཆེ། ཅེས་གསུངས་ཡོད་འདུག

ཅེག་སྤྱི་མཐུན་རྒྱལ་ཁབ་ནི་བོད་དང་བོད་མིར་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་པོ་གནང་མཁན་ཞིག་ཡིན་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཅེག་གི་སྲིད་འཛིན་ཟུར་བ་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་ (Vaclav Havel) མཆོག་གཉིས་བར་ཐུགས་འདྲིས་དམ་ཟབ་ཡོད་ཅིང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇོ་རི་ཨོ་བྷིར་ཧྥལ་ཛིལ (Jiri Oberfalzer) མཆོག་གིས་དབུ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་འདས་ལོའི་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོར་ཆེད་ཕེབས་གནང་སྟེ། ཅེག་ལ་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱས་པའི་ཉམས་མྱོང་གཞིར་བཞག་ནས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist