མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དར་དམར་གོན་གྱིན་པའི་བཙན་བྱོལ་བ།

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

བནྡེ་སྐྱབས།

བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གིས་གོ་སྒྲིག་བྱས་པའི་བོད་ཀྱི་ལོ་སར། ༢༠༢༣།༠༢།༢༥ གཞུང་ཚབ་ཁང་གི་པར།

མྱི་ཡི་ཚེ་རིང་ན་ལྷ་ཡི་རོ་ཡང་མཐོང་ཟེར་བ་ཅི་མ་བདེན། སྔོན་མ་ཡིན་ན་བཙན་བྱོལ་དུ་དོལ་རྒྱལ་ཁ་ལ་ཁྱེར་པའི་རྒྱ་ནག་གི་རྒྱུག་ཁྱི་ཁག་ཅིག་དང་མི་དམངས་ཤོག་སྒོར་གྱི་བསླུ་བྲིད་དུ་ཚུད་པའི་བོད་པ་ནང་རུལ་བ་རེ་ཟུང་ཞིག་འབྲེལ་ཡོད་རྒྱལ་ཁོངས་སུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱི་ལོ་གསར་སོགས་དུས་སྟོན་རིགས་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པའི་གནས་ཚུལ་གོ་ཐོས་སུ་གྱུར་ཡང་། དེ་ཚོ་ནི་རང་དོན་འགྲུབ་ན་ཆ་ལུགས་ངན་ན་ངན་ཟེར་པའི་དཔེ་ལྟར། ཁེ་ཕན་ཉི་ཚེ་བ་ཙམ་གྱི་སླད་དུ་ཡབ་མེས་ཀྱི་བླ་བཙོང་ཞིང་ལག་དམར་ལ་དཔའ་དར་འཐེན་མཁན་ཏེ། མི་ངན་ཤི་ཡང་གཏམ་ངན་ས་སྟེང་དུ་འཇོག་མཁན་རིགས་ཡིན་པར་སེམས་མོད། འདི་ལོར་བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་དུ་བོད་ཀྱི་ལོ་གསར་སྐོང་འཚོགས་བྱེད་པར་བལ་ཡུལ་དུ་གནས་སྡོད་བྱེད་མཁན་བོད་མི་གཙོ་བོར་བྱས་པའི་བཙན་བྱོལ་བོད་མི་སྐྱ་སེར་མང་པོ་ཞིག་མཉམ་ཞུགས་བྱས་འདུག་པ་འདི་མཐོང་ཡོང་དུས། ང་ཚོའི་ལས་དབང་དང་འབྲེལ་བའི་དྲི་རྟགས་གྲངས་མེད་ཅིག་ཤ་གསེང་རུང་གསེང་ནས་བཙུར་མ་དགོས་པར་ཐོན་ཡོང་གི་འདུག

འདི་ལོའི་ཕྱི་ཟླ་གཉིས་པའི་ཚེས་ ༢༥ ཉིན་བལ་ཡུལ་གཞུང་ཚབ་ཏུ་བོད་ཀྱི་ལོ་གསར་སྐོང་འཚོགས་བྱས་པའི་གནས་ཚུལ་འདི་རྒྱ་ནག་གི་གཞུང་འབྲེལ་དྲ་རྒྱ་སོགས་སུ་ཤུགས་ཀྱིས་སྒྲག་གིན་པ་མ་ཟད། ད་དུང་གཞུང་ཚབ་ཀྱིས་བལ་ཡུལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་མེས་རྒྱལ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ལ་ཞབས་འདེགས་རྒྱབ་སྐྱོར་གྱི་ལེགས་སྐྱེས་འབུལ་རྒྱུའི་སྐུལ་འདེད་བྱས་ཡོད་ཚུལ་སོགས་བཀོད་འདུག་ལ། དེ་བས་ཀྱང་ངོ་ཚ་ཞིང་ཁ་སྐྱངས་པ་ཞིག་ལ་བོད་ནང་གི་སྐད་འཕྲིན་ཚོགས་པ་སོགས་སུ་བཙན་བྱོལ་བོད་མི་ཚོ་རྒྱ་ནག་གཞུང་ཚབ་ཀྱིས་གོ་སྒྲིག་བྱས་པའི་ལོ་གསར་དུས་སྟོན་དུ་མཉམ་ཞུགས་བྱེད་ཀྱིན་པའི་སྣང་ཚུལ་འགྲེམ་སྒྲག་བྱེད་ཀྱིན་པ་འདི་རེད།

བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་པར་ཐུག་འཕྲད། ༢༠༢༣།༠༢།༢༥ གཞུང་ཚབ་ཁང་གི་པར།

ཨ་ཤུ་རེ་གོ ད་ང་ཚོ་ཚད་གང་འདྲ་ཞིག་ཏུ་སླེབས་པ་རེད། རྒྱ་ནག་དམར་པོའི་དམག་དཔུང་གིས་བོད་བཙན་བཟུང་དང་། མི་གསོད་ཁྲག་སྦྱོར། མི་ལོ་བདུན་བཅུའི་རིང་གི་དྲག་གནོན་གདུག་རྩུབ་བྱེད་སྟངས་སྐོར་མ་བཤད། ང་དགུ་ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་གཙོས་བོད་མི་ཁྲི་ཚོ་མང་པོ་ཞིག་བཙན་བྱོལ་དུ་གནས་བབ་གང་འདྲ་ཞིག་གི་འོག་ཡོང་པ་དང་། དེ་བཞིན་ཕྱིས་སུ་ཉི་མ་དེ་རིང་གི་བར་དུ་རང་ཉིད་ཚུད་པའི་བོད་མི་ཁྲི་སྟོང་མང་པོ་ཞིག་གིས་སྤྲིད་དཀར་པོ་ཐོད་ལ་བཅིངས། ས་ནག་པོ་འདོམས་ལ་འཇལ་ཏེ་རྒྱའི་མཐའ་སྲུང་དམག་གི་མེ་མདའ་གདོང་གིས་གཏད་དེ་རི་བོ་ཧི་ལ་ཡ་བརྒལ་པའི་ཉེན་ཚབས་དང་དཀའ་སྡུག་གི་ལམ་འཕྲང་རེ་རེ་བཞིན་བརྒྱུད་ནས་ཡོང་པ་དེ་རྒྱ་ནག་གི་གཞུང་འབྲེལ་དུས་སྟོན་ལ་མཉམ་ཞུགས་དང་གླུ་གཞས་ཞབས་བྲོ་འཁྲབ་ཀི་ཡོང་པ་རེད་དམ།

བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གིས་གོ་སྒྲིག་བྱས་པའི་བོད་ཀྱི་ལོ་སར་མཛད་སྒོའི་མགྲོན་པོ་དང་མཉམ་ཞུགས་པ། ༢༠༢༣།༠༢།༢༥ གཞུང་ཚབ་ཁང་གི་པར།

བོད་ནང་དུ་ཡིན་ན་མི་རིགས་འཆམ་མཐུན་དང་། སྤྱི་ཚོགས་འཕེལ་རྒྱས། རྣམ་པ་གསར་པའི་བོད་ལྗོང་སོགས་ཀྱི་མིང་བྱང་འོག བཙན་ཤེད་དང་དབང་ཤུགས་འོག གུང་ཁྲན་ཏང་ལ་སྟོད་གླུ་ལེན་དུ་འཇུག་པ། ཁང་ཐོག་ཏུ་དར་དམར་སྒྲེང་བ། མཆོད་ཁང་སྡོད་ཁང་དུ་ཏང་གི་དཔོན་རིགས་ཚོའི་པར་སྒྲོམ་སྒྲིག་པ། འཚོ་བར་གནམ་ས་བླ་འོག་བསྒྱུར་པ་ལྟ་བའི་འཕེལ་རྒྱས་ཡོད་ལུགས། ཏང་གི་བཀའ་དྲིན་འོག་སྤྲོ་སྣང་དང་བདེ་སྐྱིད་ཀྱིས་ཁེངས་ནས་ཡོད་རབས་སོགས་ཀྱི་དྲིལ་བསྒྲགས་བྱེད་ཀྱིན་པར་གཞིས་བཞུགས་བོད་མི་ཚོས་ཨམ་ཚུགས་སྡམ་བཞིན་ཉིན་འཁྱོལ་ན་མཚན་མ་འཁྱོལ་པའི་གནས་སུ་གྱར་ཡོད་ཀྱང་། ཤ་ཟད་རྐང་ལ་ཐུག་རུང་མགོ་མ་སྒུར་གཉའ་མ་ཞུམ་པར་དཔའ་སྤབས་ཀྱིས་འགྱེང་ནས་ཡོད། ད་དུང་དགྲ་འདུལ་གཉེན་སྐྱོང་གེ་སར་དམག་གི་རྒྱལ་བོའི་རུས་རྐང་ཅན་གྱི་གདོང་དམར་བ་མང་པོ་ཞིག་གིས་བཙན་འོག་ནས་རྒྱ་ལ་རྒོལ་ཅིང་། རྒྱའི་དར་དམར་ས་ལ་བརྡབ་ཅིང་ཆུ་ལ་གཡུག་བཞིན་ཡོད།

འོན་ཀྱང་། དེ་རིང་གི་བཙན་བྱོལ་བ་ཚོས་རང་དབང་ལུང་པ་ནས་རང་འགུལ་གྱིས་རྒྱའི་དར་དམར་སྒོ་སྟེང་ན་དམར་ལྷབ་ལྷུབ་གཡོ་པའི་རྒྱ་ནག་གཞུང་ཚབ་ཏུ་འཛུམ་གྱི་ལེར་འཚིང་ཞིང་། རྒྱའི་གསོ་སྟོན་སྟེང་དགོད་སྒྲ་དང་ཞབས་བྲོ་ལྡིང་གིན་པ་འདི། བྱུང་ན་ཁོ་རང་ཚོ་རང་ངོས་ནས་རྟ་ཁ་གཡང་ཁ་ནས་འཐེན་རན་རེད་ལ། ལྷག་པར་དུ་བཙན་བྱོལ་བོད་མིའི་གཞུང་མང་ཚོགས་སྡེ་དང་བཅས་པས་གནད་དོན་འདི་རིགས་ཀྱི་ཐད་ངེས་པར་དུ་དངོས་ཤུགས་བརྒྱུད་གསུམ་ནས་གདོང་ལེན་བྱེད་དགོས་པའི་ཛ་དྲག་གི་གནད་དོན་ཞིག་ཏུ་གཟིགས་དགོས། མེ་ཆུང་ཆུང་སྐབས་ནས་མ་གསད་ན་རི་རབ་མེ་ཡིས་འཚིག་ཉེན་ཡོད་པའི་ངེས་ཤེས་བཙན་བྱོལ་བོད་མི་ཀུན་གྱི་རྒྱུད་ལ་ངེས་པར་དུ་འདྲོང་དགོས།

ལོ་སར་སྤྲོ་ཚོགས་སུ་སྐོར་བྲོ་འཁྲབ་པ། ༢༠༢༣།༠༢།༢༥ གཞུང་ཚབ་ཁང་གི་པར།

མ་མཐར་ཡང་། བཙན་བྱོལ་དུ་གྱར་པའི་ཉིན་མོ་དེ་ནས། རང་གི་རྒྱལ་ཁབ་དང་མི་རིགས་འདི་ལ་ཞེན་པ་དཀར་པོས་ལུས་སྲོག་ལོངས་སྤྱོད་འབུལ་མ་ནུས་ཀྱང་། ཁྲག་དྲི་ཡལ་མེད་པའི་གངས་རིའི་རི་ལུང་ཐང་གསུམ་དུར་སར་གྱུར་པའི་ངེད་ཚང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རྣམ་ཤེས་ལ་ཁྲེལ་མེད་བྱ་མི་རུང་ལ། བོད་མི་རིགས་ཀྱི་གདོང་འདེགས་ཀྱི་ཀ་བ་རུ་གྱུར་པའི་དེ་རིང་གི་གཞིས་བཞུགས་བོད་མི་ཚོའི་བླ་བཙོང་གང་ནས་ཉན། དེ་བས་སང་ཉིན་གྱི་མི་རབས་ཚོའི་ཡངས་པའི་མདུན་ལྗོངས་ལ་གེགས་སུ་འགྱུར་བའི་བྱ་གཞག་ཕྲ་མོ་ཙམ་ཡང་ང་ཚོའི་མི་རབས་འདིས་ལྷག་ཏུ་འཇུག་མི་རུང་ངོ་།།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨

མཆན། 4

  1. བསྟན་བཟང་། says:
    ལོ་ 3 སྔོན།

    འདྲ་པར་གཉིས་པའི་ནང་གི་བླར་རྒན་དེ་གཉིས་ནང་ནས་ཞྭ་མོ་གྱོན་པ་དེའི་ངོ་གདོང་གི་རྣམ་གྱུར་ལ་ཞིབ་པར་ལྟ་དུས། ཁོ་ལ་རྒྱ་སྒོར་ཆག་པ་གཅིག་རག་རྒྱུའི་རེ་བ་ཆེན་པོ་བཅངས་ཡོད་གསལ་པོ་རེད་འདུག ་ཧ་ཧ་ཧ་
    སངས་རྒྱས་ཀྱི་ན་ཟ་གྱོན་ནས་བསྟན་དགྲ་ལ་ལག་བཏང་བྱས་ནས་དེའི་རྒྱུགས་ཁྱི་བྱེད་པ་ནི་སྙེགས་དུས་རང་རེད།

    Reply
  2. Bömi says:
    ལོ་ 3 སྔོན།

    བསྟན་དགྲ་རྒྱ་དམར་ལ་ལག་འབྲེལ་བྱས་ན་མཐའ་མ་རང་ཉིད་ཕུང་རྒྱུ་རེད། རྒྱ་དམར་ཚོས་གང་ཞིག་ལ་ཡིད་གཏན་བྱེད་སའི་མི་ཞིག་ཡིན་མིན་ཁོ་ཚོས་ཤེས་ཀྱི་ཡོད་རེད། མཐའ་མར་ཁོ་རང་ཚོའི་དགོས་དོན་གྲུབ་ཚར་ན་ད་ལྟའི་ལག་འབྲེལ་བྱེད་མཁན་ཚོ་མྱང་རྒྱུ་ཡིན་པ་བརྒྱ་ཆ་རྒྱ་ཐམ་པ་རེད། དེ་ནི་ང་ཚོའི་མི་རབས་ཚོའི་ལོ་རྒྱུས་ནང་ལ་ག་འདྲ་བྱུང་མིན་ལ་གཟིགས་ན་མངོན་གསལ་རེད།

    Reply
    • བསྟན་བཟང་། says:
      ལོ་ 3 སྔོན།

      བདེན་པ་བདེན་རྐྱང་རེད། ཟ་འདྲེ་དེ་ཚོས་ཤེས་བཞིན་དུ་གཡང་དུ་མཆོངས་ཀྱི་ཡོད་ས་རེད། ཤ་ཚ་་་་སྙིང་མ་བྱེད་་་་་

      Reply
  3. བཀྲ་ཤིས་ཚེ་རིང་། says:
    ལོ་ 3 སྔོན།

    ངས་ཆོལ་ཁ་དང་ལུང་ཚན་གྱི་སྐད་ཆ་ཤོད་འདོད་མེད། འོན་ཀྱང་དྲང་པོ་བཤད་ན་རྒྱ་མི་དང་དོལ་རྒྱལ་ཚོགས་པར་འབྲེལ་བ་བྱེད་མཁན་ཕལ་ཆེ་བ་ཁམས་པ་རེད་འདུག
    སྤྱི་ཚོགས་ནང་ཞིབ་ཚགས་ཀྱིས་བལྟས་ན་ཧ་གོ་དོན་གསལ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese