མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དབྱངས་སྐྱིད་ཟེར་བའི་བོད་པའི་བུ་མོ་ཞིག་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་བསྐྱོད་པར་ཐོངས་མཆན་སོགས་གང་ཡང་མེད་པའི་གནས་སྟངས་འོག་བོད་རིགས་བུ་མོ་དབྱངས་སྐྱིད་ཟེར་བ་ཞིག་འཛིན་བཟུང་བྱས་འདུག

དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། དབྱངས་སྐྱིད་ཟེར་བའི་བོད་པའི་བུ་མོ་ཞིག་རྒྱ་གར་གྱི་མངའ་སྡེ་བྷི་ཧར་གྱི་སི་ཏ་མར་ཧི་ (Sitamarhi) གྲོང་ཁྱེར་གྱི་ (Sonbarsa) གྲོང་གསེབ་བརྒྱུད་རྒྱ་བལ་གྱི་ས་མཚམས་བརྒལ་གྲབས་བྱེད་སྐབས། མཐའ་མཚམས་སྐོར་སྲུང་འགྲིམ་འགྲུལ་ཉེན་རྟོག་པས། རླངས་འཁོར་རྣམས་ལ་རྟོག་ཞིབ་བྱས་པ་བརྒྱུད། དབྱངས་སྐྱིད་རྒྱ་གར་ནང་བསྐྱོད་པར་ཁྲིམས་མཐུན་གྱི་ཡིག་ཆ་གང་ཡང་སྟོན་རྒྱུ་མེད་པར་བརྟེན་ནས་འཛིན་བཟུང་བྱས་པ་ཡིན་སྐོར་བརྗོད་འདུག

དབྱངས་སྐྱིད་ (Yenki) ཀྱིས་རྒྱ་གར་དང་བལ་ཡུལ་གྱི་སྐད་མི་ཤེས་པར་བརྟེན། ལས་རོགས་ཤིག་གི་རོགས་རམ་འོག་འདྲི་ཞིབ་བྱེད་སྐབས། ཁོ་མོ་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཞུ་སླད་རྒྱ་གར་ནང་ཡོང་བ་ཞིག་ཡིན་པ་དང་།  ཁོ་མོར་རྒྱ་གར་ནང་བསླེབས་ཆོག་པའི་ཡིག་ཆ་ཚད་ལྡན་མེད་ནའང་། དེ་སྔ་ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ལོར་དུས་འཁོར་དབང་ཆེན་ཞུས་རྗེས། བལ་ཡུལ་བརྒྱུད་རྒྱ་ནག་ཏུ་ཕྱིར་ལོག་མྱོང་ཡོད་འདུག

ད་ལྟ་ས་གནས་ཉེན་རྟོག་ཁང་དེས། རང་ལོ་ ༤༤ ཡིན་པའི་དབྱངས་སྐྱིད་ (Yenki) དང་ལྷན་དུ། བལ་ཡུལ་གྱི་མི་སེར་ཡིན་པའི་ཝི་ཤི་ཝ་ཀུ་མར་བླ་མ་ (Vishwa Kumar Lama) དང་སན་རྗུ་བླ་མ་ (Sanju Lama)། ཀམ་ལཱ་བླ་མ་ (Kamla Lama) བཅས་དང་རྒྱ་གར་བ་མོ་ཧ་མཱ་ཌི་ (Mohammad Salauddin) བཅས་འཛིན་བཟུང་བྱས་ཡོད་འདུག་ལ། ད་ལྟའི་ཆར་ས་གནས་ཉེན་རྟོག་པས་དབྱངས་སྐྱིད་ཀྱི་གནད་དོན་ཐད་ཞིབ་འཇུག་བྱེད་མུས་ཡིན་སྐོར་བརྗོད་པ་ལས། ཁོ་མོའི་གནས་སྟངས་དངོས་དེ་གང་ཡིན་གྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ལ། དབྱངས་སྐྱིད་བོད་རིགས་ཡིན་པ་དང་པ་ལགས་ཀྱི་མཚན་ལ་དབང་འདུས་ཞུ་ཡི་ཡོད་པ་རེད།

ཡང་ཕྱི་ལོ་ ༢༠༢༡ ཟླ་ ༩ ནང་བལ་ཡུལ་དང་རྒྱ་གར་གྱི་ས་མཚམས་རྡོར་གླིང་རྫོང་ཁོག་གི་པ་ནེ་ཊན་ཀེ་ (Panitanki) ཡི་ས་མཚམས་ནས་ཨ་རིའི་མི་སེར་ལག་ཁྱེར་ལྡན་པའི་ཆོས་འབྱོར་འོད་ཟེར་ཟེར་བ་ཞིག་ཁྲིམས་འགལ་ཐོག་ས་མཚམས་བརྒལ་ནས་བལ་ཡུལ་ནང་འགྲོ་ཐབས་བྱས་སྐབས། རྒྱ་གར་གྱི་ས་མཚམས་སྐོར་སྲུང་བས་འཛིན་བཟུང་བྱས་ཡོད་འདུག ད་དུང་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༧ ཉིན་བལ་བོད་ས་མཚམས་འགྲམ་གྱི་སིན་ཌུ་པལ་ཅོག་རྫོང་ (Sindhupalchowk) ཁོ་ཏ་རི་ (Kodari) ཡི་རྒྱལ་མཚམས་ལྟ་སྲུང་བས། བལ་ཡུལ་ནང་ཁྲིམས་འགལ་གྱིས་འཛུལ་བའི་ཉེས་མིང་འོག་བོད་མི་ ༢ དང་རྒྱ་མི་ ༡ འཛིན་བཟུང་བྱས་ཡོད་འདུག 

གསར་འགོད་པ། བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist