མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་ཡོད་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༣/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རང་དབང་ཁང་པས་རྒྱལ་ཁབ་ ༢༠ ལྷག་གི་ནང་ནས་རྒྱ་ནག་དང་ཨུ་རུ་སུས་རྒྱལ་མཚམས་ལས་བརྒལ་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཚབས་ཆེ་ཤོས་ཆགས་ཡོད་པའི་སྙན་ཐོ་བཏོན་འདུག

Transnational Repression report of 2022

ཁ་སང་ཕྱི་ཚེས་ ༦ ཉིན་ཨ་རིའི་རང་དབང་ཁང་པས་ (Freedom House) ཕྱི་ལོ་ ༢༠༢༢ ལོའི་རྒྱལ་ཁབ་ ༢༠ ལྷག་གིས་རྒྱལ་མཚམས་ལས་བརྒལ་ནས་མི་མང་ལ་དྲག་གནོན་བྱེད་ཀྱིན་ཡོད་པའི་ཤོག་གྲངས་ ༤༨ ཅན་གྱི་སྙན་ཐོ་ཞིག་བཏོན་པའི་ཁྲོད། འདས་ལོར་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་ཆེས་ཤུགས་ཆེན་བྱེད་མཁན་ནི། རྒྱ་ནག་དང་ཊིར་ཀི ཊ་ཇི་ཀི་སི་ཐན་ (Tajikistan) ཨུ་རུ་སུ། ཨི་ཇིབ་ (Egypt) བཅས་ཡིན་པ་ཐེར་འདོན་བྱས་ཡོད་ཅིང་། དེའི་ཁྲོད་རྒྱ་ནག་ནི་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་དེ་ཡིན་པའི་ངོས་འཛིན་བྱས་འདུག

སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་ནི་རྒྱལ་མཚམས་ལས་བརྒལ་ཏེ་དྲག་གནོན་བྱེད་མཁན་གྱི་ཉེས་ཅན་གཏེ་བོ་དེ་ཡིན་པ་མ་ཟད།  ཕྱི་ལོ་ ༢༠༡༤ ནས་འདས་ལོ་བར་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། བོད་པ། ཡུ་གུར་བ། ཧོང་ཀོང་བ་སོགས་ལ་ཉུང་མཐར་བྱ་སྤྱོད་གྲངས་ ༢༥༣ ལྷག་ལག་བསྟར་བྱས་ནས། རྒྱ་ནག་གི་ཕྱི་རོལ་དུ་ཡོད་པའི་མི་མང་རྣམས་ལ་དྲག་གནོན་བྱས་ཡོད་ཅིང་། དེས་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱས་པའི་བརྒྱ་ཆ་ ༣༠ ཟིན་ཡོད་འདུག དེ་བཞིན་འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་འཐུས་མི་དང་གནད་ཡོད་མི་སྣ་རྣམས་ལ་སྐྱོན་བརྗོད་དང་ནག་ཉེས་སྣ་ཚོགས་བཀལ་ཡོད་པ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བྱེད་མུས་ཡིན་པའི་བོད་དང་། ལྷོ་སོག ཡུ་གུར་སོགས་ཀྱི་ཆབ་སྲིད་བཙོན་ཟུར་དང་།  འཐབ་རྩོད་པ་སོགས་ལ་གསང་བའི་ཐོག་ནས་པར་བླངས་པ་དང་བྱ་ར་སོགས་བྱས་ནས་འཇིགས་སྐུལ་ཡང་ཡང་བྱེད་ཀྱི་ཡོད་སྐོར་སོགས་འཁོད་འདུག

དེ་བཞིན་སྙན་ཐོའི་ནང་། ཨུ་རུ་སུས་འདས་ལོ་ནས་ཡུ་ཁེ་རིན་ལ་དྲག་པོའི་བཙན་འཛུལ་བྱེད་མགོ་བཙུགས་པ་ནས་བཟུང་། ཡུ་ཁེ་རིན་གཞུང་དམངས་གཉིས་ལ་ཚད་ལས་འདས་པའི་དྲག་གནོན་དང་འཇིགས་སྐུལ་བྱས་ཡོད་ཅིང་། ཕྱི་ལོ་ ༢༠༡༤ ལོ་ནས་འདས་ལོ་བར། ཨུ་རུ་སུས་རྒྱལ་ལཚམས་ལས་བརྒལ་ནས་ཉུང་མཐར་བྱ་སྤྱོད་གྲངས་ ༤༦ ལག་བསྟར་བྱས་ཏེ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད་སྐོར་དང་། དེ་བཞིན་རྒྱལ་སྤྱི་ཁྱོན་ཡོངས་སུ་ཕྱི་ལོ་ ༢༠༡༤ ནས་འདས་ལོ་བར་གསར་འགོད་པ་རྣམས་ལ་ཐེ་ཇུས་དང་དྲག་གནོན་གྱི་བྱ་སྤྱོད་གྲངས་ ༩༧ ཙམ་ལག་བསྟར་བྱས་ཡོད་ཅིང་། འདས་པའི་ལོ་ཤས་རིང་ཊིར་ཀི་དང་ཊ་ཇི་ཀི་སི་ཐན། ཨི་ཇིབ ( Egypt) སོགས་ཀྱིས་ཀྱང་སྲིད་གཞུང་གི་ལྟ་བ་དང་ལངས་ཕྱོགས་མི་མཐུན་པ་རྣམས་ལ་དྲག་གནོན་བྱས་ཡོད་པའི་ཐོག  རྒྱལ་ཁབ་ཕན་ཚུན་བགྲོད་པར་བཀག་སྡོམ་དང་གསང་བའི་ལྟ་ཞིབ་ནན་མོ་བྱས་ཡོད་སྐོར་སོགས་འཁོད་འདུག

ཡང་སྙན་ཐོའི་ནང་། རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱས་པ་ནི་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོའི་རིན་ཐང་ཉེན་ཁ་ཅན་དུ་གྱུར་ཡོད་ཅིང་། དེས་འཛམ་གླིང་གཅིག་གྱུར་གྱི་འབྲེལ་ལམ་དང་གུ་ཡངས་ལ་ཐེ་ཇུས་བྱས་ཏེ་ཁེ་ཕན་བླང་གི་ཡོད་སྐོར་དང་། རྒྱལ་ཁབ་ཁག་ནི་སྐྱབས་བཅོལ་བ་མང་དག་ཅིག་གི་གཞིས་ཁྱིམ་དུ་གྱུར་ཡོད་པས། དེ་དག་གིས་སྐྱབས་བཅོལ་བ་དག་གི་བདེ་འཇགས་དང་། འཚོ་གནས་སོགས་ཀྱི་ཐད་ལ་ལྟ་རྟོག་དང་བདག་སྐྱོང་བྱ་དགོས་ཤིང་། ལྷག་པར་རྒྱ་ནག་དང་ཨུ་རུ་སུ་གཉིས་གཙོ་བོར་གྱུར་བའི་རྒྱལ་ཁབ་ཁག་གིས་ལྐོག་རྔན་སྤྲད་ནས་སྐྱབས་བཅོལ་མི་མང་དམར་གསོད་བཏང་བ་དང་འཇིགས་སྐུལ་བྱས་པའི་གནད་དོན་སོགས་མི་ཡོང་ཆེད།  སྐྱབས་བཅོལ་བའི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་སྒྲིག་དང་། རྒྱལ་ཁབ་ཅིག་གི་ནང་སྲིད་ཀྱི་གནད་དོན་གཙོ་བོར་བཟུང་ནས་སྐྱབས་བཅོལ་མི་མང་ལ་འགེབ་སྲུང་བྱ་རྒྱུ་གལ་ཆེན་ཡིན་པའི་རེ་སྐུལ་ཡང་ཞུས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཨུ་རུ་སུས་ཉེས་ཆད་བཅད་པའི་ཨ་རིའི་གནད་ཡོད་མི་སྣ་འགའ།
Mobile App

ཨ་རིའི་གནད་ཡོད་མི་སྣ་ ༥༠༠ ཨུ་རུ་སུའི་ནང་ཕེབས་མི་ཆོག་པ་བཟོས་འདུག

༢༠༢༣/༠༥/༢༠
US Secretary of State Antony Blinken at Freedom House’s annual Freedom Awards on May 9, 2023.
Mobile App

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ནས་བོད་མིའི་རིགས་རྫས་བསྡུ་རུབ་ལ་ཐུགས་འཚབ་ཡོད་སྐོར་གསུངས།

༢༠༢༣/༠༥/༡༡
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
Russian social media videos appearing to show Kremlin drone attack
Mobile App

ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱི་སྡོད་སྒར་དུ་དྲག་རྒོལ་བྱས་ཡོད་ལུགས་བསྒྲགས། 

༢༠༢༣/༠༥/༠༤
Ukrainian President Volodymyr Zelensky (right) hoped the call with Chinese leader Xi Jinping would give impetus to relations with Beijing.
Mobile App

ཞི་ཅིན་ཕིང་དང་ཛེ་ལེན་སི་ཀི་གཉིས་ཀྱིས་ཁ་པར་ལམ་ནས་ཁ་བརྡ་བྱས།

༢༠༢༣/༠༤/༢༧
མགོ་ལོག་པདྨ་རྫོང་ཁོངས་སུ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཚོགས་འདུ་འཚོགས། ༢༠༢༣།༠༢
Mobile App

འདས་པའི་ཟླ་ཕྱེད་ཙམ་ནང་བོད་ཁུལ་གྱི་དཔོན་རིགས་ཉུང་མཐར་ལྔ་ལ་ཞིབ་བཤེར་བྱེད་ཀྱི་འདུག  

༢༠༢༣/༠༤/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist