མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥིན་ལེན་ཌི་རྒྱལ་ཁབ་རྒྱལ་སྤྱིའི་ནུབ་ཆིངས་སྒྲིག་འཛུགས་སུ་ཞུགས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཧྥིན་ལེན་ཌི་ལོ་གཅིག་ཙམ་གྱི་རྗེས་གཞི་ནས་རྒྱལ་སྤྱིའི་ནུབ་ཆིངས་སྒྲིག་འཛུགས་སུ་ཞུགས་ཐུབ་ཡོད་པར་བརྟེན་ཨུ་རུ་སུས་དྲག་རྒོལ་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག

Finnish Foreign Affairs Minister Pekka Haavisto shakes hands with Secretary of State Antony Blinken in Brussels on Tuesday. NATO Secretary-General Jens Stoltenberg is between them. AFP – Getty Images

འདས་པའི་ལོ་གཅིག་ཙམ་རིང་ཨུ་རུ་སུས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་གནོན་ཤུགས་ལ་མ་ལྟོས་པར་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པས།  ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཀྱང་སེམས་འཚབ་ཤུགས་ཆེན་བྱས་ཏེ། འདས་ལོའི་ཕྱི་ཟླ ༥ ནང་ཨུ་རུ་སུའི་ནུབ་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལེན་ཌི་ (Finland) དང་སུ་ཝེ་ཌན་ (Sweden) རྒྱལ་ཁབ་གཉིས་ནུབ་ཆིངས་སྒྲིག་འཛུགས་ (Nato) ནང་ཞུགས་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས ༤ ཉིན་བྷིར་སར་རྒྱལ་སྤྱིའི་ནུབ་ཆིངས་སྒྲིག་འཛུགས་ཀྱི་མདུན་ཐང་དུ་ཧྥིན་ལེན་ཌི་ཡི་རྒྱལ་གླུ་དབྱངས་སུ་གྱེར་ནས་རྒྱལ་དར་སྒྲེང་འཛུགས་བྱས་ཏེ། རྒྱལ་ཁབ་དེ་ཚོགས་ཁོངས་རྒྱལ་ཁབ་ ༣༡ པར་གྱུར་བའི་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་འདུག

 མཛད་སྒོའི་ཐོག་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཐོ་ནི་བྷེལ་ཀེན་( Antony Blinken) མཆོག་གིས། ནུབ་ཆིངས་སྒྲིག་འཛུགས་ཀྱིས་ཨུ་རུ་སུའི་མགོ་ཁྲིད་པུ་ཊིན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨུ་རུ་སུས་རྒྱལ་ཁབ་དག་ནུབ་ཆིངས་སྒྲིག་འཛུགས་སུ་ཞུགས་པར་དྲག་པོའི་བཀག་འགོག་བྱ་རྒྱུ་ཡིན་སྐོར་བརྗོད་པ་དེས།  རྒྱལ་ཁབ་མང་པོ་ཞིག་གིས་རང་རང་གི་རྒྱལ་སྲུང་ཐད་ལ་ལྟ་རྟོག་བྱ་དགོས་པའི་སེམས་འཚབ་ཅིག་བཟོས་ཡོད་ཅིང་། ཧྥིན་ལེན་ཌི་ཡང་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱས་རྗེས། ནུབ་ཆིངས་སུ་ཞུགས་པ་ཡིན་སྐོར་སོགས་གསུངས་འདུག 

དེ་བཞིན་རྒྱལ་སྤྱིའི་ནུབ་ཆིངས་སྒྲིག་འཛུགས་( North Atlantic Treaty Organization) ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཇེན་སི་ (Jens Stoltenberg) ལགས་ཀྱིས། ནུབ་ཆིངས་སྒྲིག་འཛུགས་ཀྱིས་ཧྥིན་ལེན་ཌི་རྒྱལ་ཁབ་ལ་བདེ་སྲུང་ཚད་ལྡན་བྱ་རྒྱུའི་ཁས་ལེན་བརྟན་པོ་བྱས་ཡོད་པ་མ་ཟད། ང་ཚོའི་རྒྱལ་སྲུང་མཉམ་བསྡུས་བཅའ་ཁྲིམས་དོན་ཚན་ལྔ་པའི་དགོངས་དོན་བཞིན། ང་ཚོས་དེ་རིང་ནས་ཧྥིན་ལེན་ཌི་རུ་ “གཅིག་དེ་ཚང་མའི་ཆེད་དང་། ཚང་མ་གཅིག་གི་ཆེད། “ ཅེས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱི་མགྲིན་ཚབ་པ་པེ་སི་ཁཱོ་ཝེ་ (Dmitry Peskov) ཡིས། ནུབ་ཆིངས་སྒྲིག་འཛུགས་ཀྱིས་ང་ཚོའི་མཐའ་མཚམས་ཀྱི་ཧྥིན་ལེན་ཌི་ས་ཁུལ་ཁག་ཏུ་མཚོན་ཆ་དང་། འཛིན་སྐྱོང་། དེ་བཞིན་ཕྱིའི་འཛུགས་སྐྲུན་སོགས་ག་ཚོད་ཙམ་ཡར་རྒྱས་གཏོང་མིན་བལྟ་རྒྱུ་ཡིན། ཞེས་དང་། ཨུ་རུ་སུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་སླད་མུ་མཐུད་ནུབ་ཆིངས་སྒྲིག་འཛུགས་ཀྱི་བྱ་སྤྱོད་ལ་ལྟ་ཞིབ་དང་། ཐབས་ཇུས་གཉིས་ལྡན་གྱི་ཐོག་ནས་རྒོལ་ལན་བསློག་རྒྱུ་ཡིན་སྐོར་སོགས་བཤད་འདུག 

ཕྱི་ལོ་ ༡༩༤༥ ལོར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས། ཕྱི་ལོ་ ༡༩༤༩ ལོར་ནེ་ཊོའམ་ནུབ་ཨེ་ཊི་ལན་ཊིག་རྒྱ་མཚོའི་ཆིངས་ཡིག་སྒྲིག་འཛུགས་དེ་ཡུ་རོབ་དབུས་མ་དང་ཤར་ཕྱོགས་སུ་ཡོད་པའི་ཨུ་རུ་སུ་མཉམ་འབྲེལ་གྱི་དམག་ཤུགས་ལ་ཁ་གཏད་གཅོག་ཆེད་དུ་ཐོག་མར་གསར་འཛུགས་བྱས་ཡོད་ཅིང་།  ཐོག་མ་གསར་འཛུགས་བྱེད་སྐབས་བྷེལ་ཇམ་དང་། ཁེ་ན་ཌ། ཌེན་མག ཧྥ་རན་སི། ཨའེ་སི་ལེན་ཌི། ཨི་ཊ་ལི། ལུ་ཛེམ་བྷག(Luzembourg) ནི་ཐར་ལེན་ཌི། ནོར་ཝེ། པོར་ཇུ་གྷལ། དབྱིན་ཡུལ། ཨ་རི་བཅས་རྒྱལ་ཁབ་ ༡༣ ལས་མེད་ཀྱང་། ཕྱི་ལོ་ ༡༩༥༢ ལོར་གྷི་རི་སི་དང་། ཊིར་ཀི་གཉིས་དང་། ཕྱི་ལོ་ ༡༩༥༥ ལོར་ནུབ་འཇར་མ་ནི། ཕྱི་ལོ་ ༡༩༨༢ ལོར་སི་པན། ཕྱི་ལོ་ ༡༩༩༩ ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་དང་། ཧང་གྷེ་རི། པོ་ལེན་ཌི་བཅས་མཉམ་ཞུགས་བྱས། དེའི་རྗེས་རིམ་པས་བྷལ་གྷེ་རི་ཡ་(Bulgaria) དང་། ཨེ་སི་ཊོ་ནི་ཡ། ལི་ཐུ་ནི་ཡ། བྱང་མེ་སེ་ཌོ་ནི་ཡ་རྒྱལ་ཁབ་དེ་ (North Macedonia) བཅས་མཉམ་ཞུགས་བྱས་ཡོད་ཅིང་། ཧྥིན་ལེན་ཌི་ནི་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་མི་ཆེས་གསར་ཤོས་དེ་ཡིན་འདུག

Finnish military personnel raise the Finnish national flag in Brussels after the country formally joined NATO on Tuesday.

གཞན་ཡང་། འདས་ལོར་ཨུ་རུ་སུའི་ནུབ་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལེན་ཌི་ (Finland) དང་སུ་ཝེ་ཌན་ (Sweden) གཉིས་ནུབ་ཆིངས་ནང་ཞུགས་རྒྱུའི་ཐག་གཅོད་བྱས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། འཛུལ་ཞུགས་བྱ་རྒྱུར་འབད་འབུངས་བྱས་ཡོད་ཀྱང་། ད་ལྟའི་ཆར་ཊིར་ཀི་( Turkey) རྒྱལ་ཁབ་ཀྱིས་སུ་ཝེ་ཌན་ནུབ་ཆིངས་སུ་ཞུགས་པར་རྒྱབ་སྐྱོར་བྱས་མེད་པའི་ཁར། ཧང་གྷེ་རི་ (Hungary) རྒྱལ་ཁབ་ཀྱི་གྲོས་ཚོགས་སུའང་སུ་ཝ་ཌན་ནུབ་ཆིངས་སུ་ཞུགས་པར་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་ཤོག་བླུགས་ཚར་མེད་པས། སུ་ཝ་ཌན་ད་ལྟའང་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་ཞུགས་ཐུབ་མེད་ཀྱང་།  ཟླ་འདིའི་ཕྱི་ཚེས ༤ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཐོ་ནི་བྷེལ་ཀེན་( Antony Blinken) མཆོག་གིས། སུ་ཝེ་ཌན་རྒྱལ་ཁབ་དེ་གང་མགྱོགས་ནུབ་ཆིངས་སྒྲིག་འཛུགས་སུ་ཞུགས་ཐུབ་པའི་རེ་བ་ཡོད་སྐོར་གསུངས་འདུག 

འདས་ལོའི་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་ཨུ་རུ་སུས་དངོས་སུ་ཡུ་ཀེ་རེན་ལ་དྲག་པོའི་བཙན་འཛུལ་བྱས་པ་ནས་བཟུང་། ཧྥིན་ལན་ཌིའི་མང་ཚོགས་ཁྲོད་ཨུ་རུ་སུར་ལྟ་ཕྱོགས་ལ་འགྱུར་བ་ཕྱིན་ཏེ། ཧྥིན་ལན་ཌིའི་མང་ཚོགས་ནང་བསམ་ཤོག་བསྡུ་རུབ་བྱས་པའི་ཁྲོད། མི་འབོར་གྱི་བརྒྱ་ཆ་ ༧༦ གྱིས་ནེ་ཊོར་ཞུགས་དགོས་པའི་བསམ་ཚུལ་བཏོན་པར་བརྟེན།  འདས་པའི་ལོ་གཅིག་ལ་འབད་འབུངས་བྱས་མཐར། ད་ལྟ་གཞི་ནས་ནུབ་ཆིངས་ཀྱི་ཁོངས་སུ་ཞུགས་ཐུབ་པ་བྱུང་ཡོད་ཅིང་། སྤྱིར་ཧྥིན་ལན་ཌི་དེ་ཉིད་ཨུ་རུ་སུས་ལོ་ངོ་ ༡༠༠ ལྷག་གི་རིང་དབང་བསྒྱུར་བྱས་ཏེ། ཕྱི་ལོ་ ༡༩༡༧ ལོར་རང་བཙན་དུ་ཁྱབ་བསྒྲགས་བྱས་ཡོད་ནའང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཏེ། ཕྱི་ལོ་ ༡༩༣༩ དང་ ༡༩༤༡ ལོར་ཨུ་རུ་སུ་མཉམ་འབྲེལ་གྱིས་ཧྥིན་ལན་ཌི་ལ་དམག་ཐེངས་གཉིས་བརྒྱབ་སྟེ་ཡུལ་དེའི་སྤྱིའི་ས་ཁྱོན་གྱི་བརྒྱ་ཆ་ ༡༠ ལྷག་ཨུ་རུ་སུར་སྤྲོད་དགོས་བྱུང་ཡོད་པ་རེད། དེ་ནས་བཟུང་ཧྥིན་ལན་ཌིས་བར་གནས་ཀྱི་སྲིད་ཇུས་མཁྲེགས་པོ་བཟུང་སྟེ། དུས་རབས་ ༢༠ སྨད་ཀྱི་གྲང་དམག་ལའང་མཉམ་ཞུགས་བྱས་མེད་པ་རེད། 

སྤྱིར་ནུབ་ཆིངས་སྒྲིག་འཛུགས་མཉམ་བསྡུས་བཅའ་ཁྲིམས་དོན་ཚན་བཅུ་པའི་དགོངས་དོན་བཞིན་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་སྒྲིག་འཛུགས་དེའི་ཚོགས་ཁོངས་སུ་ཞུགས་ཆོག་ཀྱང་། སྒྲིག་འཛུགས་དེའི་ཚོགས་ཁོངས་རྒྱལ་ཁབ་ཚང་མས་རྒྱབ་སྐྱོར་དང་མོས་མཐུན་འཐོབ་དགོས་ཀྱི་ཡོད་འདུག ད་ལྟའི་ཆར་ཡུ་རོབ་ཀྱི་ཡུ་ཁེ་རིན་དང་། བྷ་སི་ནི་ཡ་ཧ་ཌི་གྷོ་ཝི་ཡ(Bosnia and Herzegovina) ། དེ་བཞིན་ཇོར་ཇི་ཡ (Georgia) རྒྱལ་ཁབ་བཅས་ཀྱིས་ཚོགས་ཁོངས་སུ་ཞུགས་པར་རེ་སྒུག་བྱེད་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

Dutch Prime Minister Mark Rutte speaks to the media on the day of a European Union leaders informal summit in Brussels, Belgium June 17, 2024. REUTERS/Johanna Geron/
Mobile App

ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གསར་པ་བདམས།

༢༠༢༤/༠༦/༢༧
Russia's President Vladimir Putin shakes hands with North Korea's leader Kim Jong Un at a meeting at the Vostochny Сosmodrome in the far eastern Amur region, Russia, on September 13, 2023.
Mobile App

བྱང་ཀོ་རི་ཡའི་མགོ་ཁྲིད་ཀིམ་གྱིས་ང་ཚོས་དུས་རྟག་ཏུ་མཉམ་རུབ་ཐོག་བཙན་རྒྱལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུ་ཡིན་སྐོར་བརྗོད།

༢༠༢༣/༠༩/༡༣
US Secretary of State Antony Blinken Meets Chinese President Xi Jinping. photo: AFP .19th june 2023
Mobile App

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གི་མགོ་འཁྲིད་ལ་བོད་དོན་གླེང་སློང་གནང་ཡོད་འདུག

༢༠༢༣/༠༦/༢༠
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

༢༠༢༣/༠༥/༢༩
US Secretary of State Antony Blinken at Freedom House’s annual Freedom Awards on May 9, 2023.
Mobile App

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ནས་བོད་མིའི་རིགས་རྫས་བསྡུ་རུབ་ལ་ཐུགས་འཚབ་ཡོད་སྐོར་གསུངས།

༢༠༢༣/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese