མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་ཧྥི་ལི་པིན་སི་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་སྤེལ།

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མཚོ་གླིང་རྒྱལ་ཁབ་ཧྥི་ལི་པིན་སི (Philippines) དང་ཨ་རི་གཉིས་ཀྱིས་དུས་ཡུན་ཟླ་ཕྱེད་ལྷག་རིང་དྲག་པོའི་དམག་སྦྱོང་གཞི་རྒྱ་ཆེ་ཤོས་ཤིག་མགོ་འཛུགས་བྱས་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་མཚོ་གླིང་ཁུལ་དུ་ཐེ་གཏོགས་བྱེད་མི་ཆོག་པའི་རྒོལ་གཏམ་བསྒྲགས།

General view during the opening ceremony of the annual Philippines-U.S. joint military exercises.Photo:Reuters

རྒྱ་ནག་གཞུང་གིས་ཉིན་གསུམ་བསྟུད་མར་ཐའེ་ཝན་གྱི་མཚོ་འགག་ཏུ་མཁའ་དམག་གནམ་གྲུ་སོགས་མངག་གཏོང་བྱས་ཏེ་དྲག་པོའི་རྒོལ་ལན་གྲུབ་མ་ཐག དེ་རིང་ཕྱི་ཚེས་ ༡༡ ནས་ ༢༨ ཉིན་བར་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་ཧྥི་ལི་པིན་སི (Philippines) དང་ཨ་རི་གཉིས་ཀྱིས། ཧྥི་ལི་པིན་སི་ནང་ཡོད་པའི་ལུ་རྫོན་ (Luzon) མཚོ་གླིང་གི་བྱང་ཕྱོགས་སུ་དམག་མི་ ༡༧,༦༠༠ ཙམ་ཡོད་པའི་ཆེས་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་སྦྱོང་ཞིག་སྤེལ་མགོ་བཙུགས་ཡོད་ཅིང་། ཧྥི་ལི་པིན་སི་ཡི་མི་ལོ་ ༣༠ རྗེས་ཀྱི་མཉམ་འབྲེལ་དམག་སྦྱོང་ཆེས་ཆེ་ཤོས་ཤིག་ཡིན་འདུག

དེའི་ཐད་ཧྥི་ལི་པིན་སི་ཡི་སྲིད་འཛིན་མར་ཁོ་སི་ (Ferdinand Marcos Jr) ལགས་ཀྱིས། ཨ་རིའི་གཞུང་གིས་ཧྥི་ལི་པིན་སིའི་དམག་སྒར་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བར་ངོས་ལེན་མེད་པ་དང་། དམག་སྒར་དེ་ནི་ཧྥི་ལི་པིན་སི་ཡི་མི་མང་རྣམས་ལ་རོགས་རམ་ཞུ་ཆེད་དུ་དམིགས་པ་ཞིག་ཡིན་སྐོར་སོགས་ནན་བརྗོད་བྱས་ཡོད་འདུག་ལ། དེ་བཞིན་ཧྥི་ལི་པིན་སི་དང་ཨ་རིའི་གཞུང་འབྲེལ་མི་སྣ་ཁག་གིས། དམག་སྦྱོང་དེས་རང་དབང་དང་གུ་ཡངས་ལྡན་པའི་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཞི་བདེ་དང་བརྟན་བརླིང་ཡོང་བའི་ཆེད་དུ་ཡིན། ཞེས་བརྗོད་ཡོད་འདུག

 ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པིན་(Wang Wenbin)གྱིས། ཨ་རི་དང་ཧྥི་ལི་པིན་སི་གཉིས་ཀྱིས་དམག་གི་བརྗེ་ལེན་དང་མཉམ་འབྲེལ་ནི་རྒྱལ་ཁབ་གཞན་ཞིག་ལ་དམིགས་པ་མིན་ཡང་། དམག་སྦྱོང་འདིས་ལྷོ་རྒྱ་ནག་རྒྱ་མཚོ་སོགས་ཀྱི་ཁེ་ཕན་དང་། བདེ་འཇགས་སོགས་ལ་ཐེ་ཇུས་བྱ་རྒྱུའི་དབང་ཚད་མེད་ལུགས་བརྗོད་ཡོད་འདུག  

རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་མཚོ་འགག་ཁུལ་དུ་ཉིན་གྲངས་གསུམ་རིང་གནམ་མཚོ་གཉིས་ནས་དམག་དོན་ལས་འགུལ་སྤེལ་ཚར་མ་ཐག ཨ་རི་དང་ཧྥི་ལི་པིན་སི་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་སྤེལ་མགོ་བཙུགས་ཡོད་ཅིང་། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། ཨ་རིས་ཨེ་ཤ་ཡའི་མཚོ་འགག་ཁུལ་དུ་རྒྱ་ནག་གི་དབང་ཤུགས་སྐྱེད་པར་འགོག་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་དབང་ཤུགས་དང་དྲག་གནོན་འགོག་ཐབས་བྱེད་ཀྱི་ཡོད་པར་ངོས་འཛིན་བྱས་འདུག དེ་བཞིན་ཧྥི་ལི་པིན་སི་ཡི་སྲིད་འཛིན་ཧྥི་ཌན་ཌི་མཱར་ཁོ་སི་ཆུང་བ་(Ferdinand Marcos Jr) ལགས་ཀྱི་མགོ་ཁྲིད་འོག མི་གྲངས་ཐེར་འབུམ་ ༡༡ ལྷག་ཡོད་པའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་དེས་ཨ་རི་དང་མཉམ་འབྲེལ་གྱི་ཐོག་ནས། རྒྱ་ནག་གི་དབང་ཤུགས་ལ་མདུན་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱས་འདུག

17 thousand soldiers of US-Philippines Joint Military Drills At South China Sea. Photo:Reuters

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝིན་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཀེ་ཝིན་མཱག་ཁ་ཐེ་ (Kevin McCarthy) མཆོག་རྣམ་གཉིས་མཇལ་འཕྲད་གནང་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༨ ནས་ཉིན་གྲངས་གསུམ་རིང་རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས། Su-30 རྟགས་ཅན་དང་།  J- 16 ཐད་འཕུར་གནམ་གྲུ། YY-20། KJ-500། H-6 རྟགས་ཅན་གྱི་དྲག་རྒོལ་གནམ་གྲུ་ཚུད་པའི་དྲག་རྒོལ་གནམ་གྲུ་གྲངས ༩༡ ཙམ་དང་། དམག་དོན་མཚོ་གྲུ་མང་དག་ཅིག་ཐའེ་ཝན་གྱི་མཚོ་འགག་ཁུལ་དུ་མངག་གཏོང་བྱས་ཏེ།  ཐའེ་ཝན་གྱི་གཞུང་མང་གཉིས་ལ་འཇིགས་སྐུལ་བྱས་ཡོད་པ་མ་ཟད། ཞི་བདེ་རྒྱ་མཚོའི་ཁུལ་དུ་གནམ་མཚོ་གཉིས་ནས་ལྟ་སྲུང་ནན་མོ་བྱས་ཏེ། ཐའེ་ཝན་གཙོས་ཨེ་ཤ་ཡའི་མཚོ་གླིང་རྒྱལ་ཁབ་ཁག་ལ་ལྟ་ཞིབ་བྱེད་མུས་ཡིན་འདུག་ལ། ད་ལན་གྱི་ཨ་རི་དང་ཧྥི་ལི་པིན་སི་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་ལའང་མི་འདོད་པའི་རྣམ་འགྱུར་བསྟན་ཏེ། ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོ་གཙོས་ཨེ་ཤ་ཡའི་མཚོ་གླིང་རྒྱལ་ཁབ་ཁག་ལ་ཐེ་ཇུས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཀྱང་བྱས་ཡོད་འདུག 

གཞན་ཡང་། འདས་པའི་ལོ་ཤས་རིང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་རྒྱ་གར་དང་། ཉི་ཧོང་། ཨོ་གླིང་བཅས་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་ཁ་གཏད་གཅོག་མཁན་ཞིག་ཏུ་གྱུར་ཡོད་ཅིང་།  རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཨ་རི་དང་ཉི་ཧོང། རྒྱ་གར་བཅས་ནས་མཉམ་འབྲེལ་དམག་སྦྱོང་བྱས་ཏེ།  ཕྱོགས་ཁག་རྒྱལ་ཁབ་བཞིས་ཨེ་ཤ་ཡའི་ཁུལ་དུ་རྒྱ་ནག་གཞུང་གི་དབང་ཤུགས་སྐྱེད་པར་འགོག་རྒོལ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་བརྟན་བརླིང་ཡོང་ཆེད་མཉམ་ལས་བྱེད་ཀྱི་ཡོད་སྟབས།  རིམ་གྱིས་ཨེ་ཤ་ཡའི་ནུབ་ཆིངས་སྒྲིག་འཛུགས་(ASIAN NATO) ཞིག་ཏུ་འགྱུར་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱི་འདུག 

གསར་འགོད་པ། དཔལ་ལྡན། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་།
Mobile App

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་།

༢༠༢༤/༠༢/༡༦
ཧྥི་ལི་པིན་སི་དང་རྒྱ་ནག་གི་སྲིད་འཛིན་གཉིས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་ཧྥི་ལི་པིན་སིས་མེ་དང་རྩེད་མོ་རྩེ་མི་ཉན་པའི་ཉེན་བརྡ་བཏང་འདུག 

༢༠༢༤/༠༡/༡༧
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥
GETTY IMAGES
Mobile App

ཨ་ཐའེ་གཉིས་ཀྱི་མགོ་ཁྲིད་ཐུག་འཕྲད་ཀྱིས་རྒྱ་ནག་ལ་སུན་པོ་བཟོས།

༢༠༢༣/༠༤/༠༧
Taiwan's President Tsai Ing-wen waves near the boarding gate as she departs for a 10-day international trip on March 29, 2023.
Mobile App

ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝིན་མཆོག་ཨ་རིར་ཕེབས།

༢༠༢༣/༠༣/༣༠
Mobile App

ལྕམ་ནེན་སི་པི་ལོ་སི་མཆོག་ནས་བོད་དོན་བསྒྲགས་གཏམ་སྤེལ་གནང་འདུག

༢༠༢༢/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese