མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་མཇལ་རྗེས་ང་ཚོའི་སེམས་ལ་ཞི་བདེའི་ཚོར་བ་ཆེན་པོ་བྱུང་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཧྥི་ལི་པིན་གྱི་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩ་ཚོགས་པས་བྱམས་བརྩེ་དང་ཞི་བདེ་ནི་དེང་གི་དུས་འདིར་འཛམ་གླིང་དུ་གལ་ཆེན་དང་དཀོན་པོར་གྱུར་ཡོད་པས་༧གོང་ས་མཆོག་ལ་དངོས་སུ་མཇལ་རྗེས་ཁོང་ཚོའི་སེམས་ནང་ཞི་བདེའི་ཚོར་བ་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

༧གོང་ས་མཆོག་གིས་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་འཕྲད། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༠༤།༢༦

ཁ་སང་ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧྥི་ལི་པིན་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་གཙོ་ལྕམ་སྐུ་སུ་སན་ནཱ་བྷེ་ཨ་ཧྥེན་(Susanna B.Afan) ལགས་དང་། ཚོགས་མི་ཨེ་མི་ལི་ཨ་ཨ་བྷི་རེ་རཱ (Emily A.Abrera)་ལགས་བཅས་ཚོགས་མི་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ལ་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཕུལ་ཏེ་ལོ་ངོ ༦༤ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན་གཟེངས་རྟགས་དེ་དངོས་སུ་འབུལ་བཞེས་གནང་འདུག

སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་རབས་འདིའི་མགོ་སྟོད་དུ་མི་ཚང་མས་དམག་འཁྲུག་དང་གོ་མཚོན་ལ་དོ་སྣང་བྱས་ཡོད་ཀྱང་། ད་ལྟའི་ཆར་དེའི་སྐོར་གྱི་བསམ་བློའི་འཁྱེར་སྟངས་ལ་འགྱུར་བ་ཆེན་པོ་ཐེབས་ཡོད་པ་རེད། ང་དང་ཁྱེད་ཀྱི་ལྟ་ཚུལ་ཉུང་དུ་སོང་ཡོད་པ་དང། ང་ཚོ་འགྲོ་བ་མི་གཅིག་པ་ཡིན་པའི་འདུ་ཤེས་ཐོག་མཉམ་དུ་འཚོ་སྡོད་བྱེད་ཀྱི་ཡོད། ཕན་ཚུན་ནང་ཁུལ་དུ་འཚེ་བ་མེད་པ་ཡིན་ཚེ། མི་ཚེ་དོན་དང་ལྡན་པ་ཞིག་རེད། དེང་སྐབས་ངོས་ལ་འཛམ་གླིང་གང་སར་དགའ་བོ་བྱེད་མཁན་མང་དུ་འགྲོ་བཞིན་འདུག་ལ། ངོས་ཀྱིས་ཆོས་ཀྱི་སྐོར་ལ་གང་ཡང་བཤད་མེད། ཆོས་ཁས་ལེན་གྱི་ཡོད་མེད་མི་སྒེར་བ་ཞིག་གི་གནད་དོན་རེད། བརྩི་བཀུར་དང་ཡིད་ཆེས་ཡོད་མེད་གང་ལྟར་ཡང་ང་ཚོ་འགྲོ་བ་མི་གཅིག་པ་ཡིན། ང་ཚོ་ཚང་མ་འགྲོ་བ་མི་གཅིག་པ་ཡིན་པས་ང་ཚོ་མཉམ་དུ་འཚོ་སྡོད་བྱེད་དགོས། ཚན་རིག་པས་ལོ་ངོ་བཅུ་ཕྲག་འགའི་རྗེས་སུ་འཛམ་གླིང་ཚ་དྲོད་རྒྱས་ཏེ་འཇིགས་པར་བཤད་ཀྱི་ཡོད། ང་ཚོས་མཉམ་དུ་མི་ཚེ་སྐྱིད་པོའི་ངང་ནས་བསྐྱལ་དགོས་ཀྱི་རེད། ཅེས་དང་། ཡང་༧མགོན་པོ་མཆོག་ནས་འཁྲུག་པ་རྒྱག་པ་ནི་ཞེ་སྡང་། ང་རྒྱལ། ཕྲག་དོག་བཅས་ཀྱི་རྐྱེན་གྱིས་ཡོང་བཞིན་འདུག གལ་སྲིད་ང་ཚོས་གཅེན་གཅུང་གི་འདུ་ཤེས་ཀྱི་སྟེང་ནས་འཚོ་བ་བསྐྱལ་བ་ཡིན་ན། ནང་སེམས་སུ་ལྷོད་པོ་ཆགས་ནས་བྱམས་བརྩེ་དང་ཞི་བདེའི་ངང་གནས་ཐུབ། ཀུན་སྤྱོད་ངན་པས་གཟུགས་པོའི་བདེ་ཐང་ལའང་གནོད་པ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་གཙོ་ལྕམ་སུ་སན་ནཱ་བྷེ་ཨ་ཧྥིན་(Susanna B.Afan)་ལགས་ཀྱིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་སྐབས་དེར་གཟེངས་རྟགས་འདི་བཞེས་མཁན་གྱི་ནང་ནས་དགུང་ལོ་ཆེས་གཞོན་ཤོས་དེ་ཡིན་པ་དང་། ད་བར་གཟེངས་རྟགས་བཞེས་མཁན་ ༣༤༤ བྱུང་ཡོད་པ་ནས། གཟེངས་རྟགས་བཞེས་མཁན་ ༣༥༠ བྱུང་མཚམས། རྗེས་དྲན་གྱི་མཛད་སྒོ་ཞིག་འཚོག་འཆར་ཡོད་པ་དང་། སྐབས་དེར་ད་བར་གཟེངས་རྟགས་བཞེས་མཁན་རྣམ་པའི་ལོ་རྒྱུས་དང་། སྐུ་པར། གསུང་འཕྲིན་བཅས་ཡོད་པའི་ཆེད་དེབ་ཅིག་དཔར་བསྐྲུན་ཞུ་འཆར་ཡོད་སྟབས། གཞོན་སྐྱེས་ལ་དམིགས་པའི་གསུང་འཕྲིན་ཞིག་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་ཡོད་འདུག

རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་གཙོ་ལྕམ་སུ་སན་ནཱ་བྷེ་ཨ་ཧྤིན་(Susanna B.Afan)་ལགས། དུས་བབ་ཀྱི་པར། ༢༠༢༣།༠༤།༢༦

གསར་འགོད་པས་ཐེབས་རྩའི་ཚོགས་གཙོ་ལྕམ་སུ་སན་ནཱ་བྷེ་ཨ་ཧྥིན་(Susanna B.Afan)་ལགས་སུ་ཐེངས་འདིའི་མཇལ་ཁའི་སྐོར་བཅར་འདྲི་བྱས་པར། ང་ཚོས་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩ་ཁང་གི་སྐུ་ཚབ་བྱས་ནས་འདིར་ཡོང་བ་ཡིན། ད་ལོ་གཟེངས་རྟགས་འདི་དབུ་བརྙེས་ནས་ལོ་ངོ་་༦༥་འཁོར་བའི་དུས་དྲན་ཡིན་ལ། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཕུལ་ཡོད་བཞེས་སྐབས། ཁོང་ནི་གཟེངས་རྟགས་འདི་བཞེས་མཁན་གྱི་ལོ་རྒྱུས་ནང་ནས་དགུང་ལོ་ཆུང་ཤོས་དེ་ཡིན་ཅིང་། ང་ཚོའི་ངོས་ནས་གཟེངས་རྟགས་བཞེས་མཁན་ཚང་མར་ཡང་བསྐྱར་དུ་འབྲེལ་བ་བྱེད་ཀྱི་ཡོད།  གཟེངས་རྟགས་བཞེས་མཁན་གྱི་མི་སྣ་རྣམས་ཀྱི་མི་ཚེའི་ལོ་རྒྱུས་དང་གསུང་རྩོམ། སྙིང་སྟོབས་དང་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་བྱ་བཞག་འཁོད་པའི་དམིགས་བསལ་གྱི་དེབ་ཕྲེང་བདུན་འདོན་འཆར་ཡོད་པས། གཟེངས་རྟགས་བཞེས་མཁན་མི་གྲངས་ ༣༤༤ བྱུང་ཡོད་པའི་ཁྲོད་ནས་ད་ལྟ་མི་གྲངས་གསུམ་ཆའི་གཅིག་ཙམ་སྐུ་འཚོ་བཞུགས་ཡོད་པ་དང་། གཟེངས་རྟགས་བཞེས་མཁན་རྣམས་ཀྱི་མཛད་རྗེས་གཞོན་སྐྱེས་ཚོའི་སེམས་ནང་དུ་ནང་ཡང་མི་བརྗེད་པར་བྱ་འཆར་ཡོད། ཅེས་དང་། ༧གོང་ས་མཆོག་དང་མཇལ་བའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ལ། ༧མགོན་པོ་མཆོག་ནས་རྟག་ཏུ་བྱམས་བརྩེ་དང་ཞི་བདེའི་སྐོར་གྱི་སློབ་སྟོན་གནང་གི་ཡོད་པ་དང་།  དེ་ནི་དེང་གི་དུས་འདིར་འཛམ་གླིང་དུ་གལ་ཆེན་དང་དཀོན་པོར་གྱུར་ཡོད་པས། ཁོང་དང་དངོས་སུ་མཇལ་རྒྱུ་བྱུང་བས་ང་ཚོའི་སེམས་ནང་ཞི་བདེའི་ཚོར་བ་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༣༡ ཉིན་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩ་ཚོགས་པས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཟེངས་རྟགས་དེ་ཕུལ་ཡོད་ཅིང་། སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་ནས་༸གོང་ས་མཆོག་གི་སྐུ་ཚབ་གནང་ནས་ཧྥི་ལི་པིན་གྱི་རྒྱལ་ས་མཱ་ནེ་ལཱ་རུ་བཞེས་ཡོད་འདུག རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩ་ཁང་ནི་ཕྱི་ལོ་ ༡༩༥༨ ལོར་ཨེ་ཤ་ཡའི་ནང་གི་རླབས་ཆེ་བའི་དབུ་ཁྲིད་ཁག་ཅིག་ལ་གཟེངས་རྟགས་སུ་ཕུལ་བ་ནས་མགོ་བརྩམས་ཏེ། ད་ལྟའི་ཆར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཨ་མ་ཌེ་རེ་སཱ་སོགས་འཛམ་གླིང་དུ་སྙན་གྲགས་ཆེ་བའི་མི་སྣ་ཁག་ཅིག་གི་དབུས་མི་གྲངས་ ༣༤༤ ལ་ཕུལ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཚོགས་པའི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་དགེ་སློབ་ཁག་ཅིག་ལ་མཇལ་ཁ་བཀའ་སློབ་བསྩལ། ༢༠༢༣།༠༧།༢༥ ཕོ་བྲང་གི་པར།
༸གོང་ས་མཆོག གསར་འགྱུར།

གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་བསླབ་པ་སློབ་གཉེར་བྱེད་གལ་ཆེ་བའི་བཀའ་སློབ་བསྩལ།

༢༠༢༣/༠༧/༢༦
The Gokarla Tunnel was completed on Wednesday after seven years of construction.
Mobile App

རྒྱ་གཞུང་གིས་གོང་དཀར་ལ་ཕུག་ལམ་གསར་རྒྱག་འགྲུབ་ཚར་ཡོད་ཟེར།  

༢༠༢༣/༠༦/༢༩
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

༢༠༢༣/༠༥/༢༩
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རིག་གནས་སློབ་ཐོན་པའི་མཛད་སྒོ། ༢༠༢༣།༠༥།༠༩
Mobile App

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་མུ་མཐུད་ནས་སློབ་སྦྱོང་བྱ་རྒྱུའི་དམ་བཅའ་བརྟན་པོ་དགོས་སྐོར་བཀའ་སློབ་གནང་།

༢༠༢༣/༠༥/༠༩
The Heishanxia section of the Yellow River in China’s Ningxia Hui autonomous region. Photo: Xinhua
Mobile App

རྨ་ཆུའི་རྒྱུད་དུ་ཆུ་མཛོད་ཆེན་པོ་ཞིག་གསར་དུ་བརྒྱག་རྒྱུ་ཡིན་འདུག

༢༠༢༣/༠༥/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese