མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་མུ་མཐུད་ནས་སློབ་སྦྱོང་བྱ་རྒྱུའི་དམ་བཅའ་བརྟན་པོ་དགོས་སྐོར་བཀའ་སློབ་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་དགེ་རྒན་གསུམ་དང་སློབ་ཐོན་པ་ ༨། རྒྱུགས་འབྲས་རྩེར་སོན་གྱི་དགེ་འདུན་པ་ ༦ བཅས་ལ་བཀའ་ཤོག་ལག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་སོང་།

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རིག་གནས་སློབ་ཐོན་པའི་མཛད་སྒོ། ༢༠༢༣།༠༥།༠༩

དེ་རིང་བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རིག་གནས་འཛིན་རིམ་ ༡༠ པའི་སློབ་ཐོན་པ་ ༨ དང་། ཕྱི་ལོ་ ༢༠༢༢ ལོའི་རིགས་ལམ་དང་རིག་གནས་འཛིན་གྲྭའི་རྒྱུགས་འབྲས་རྩེར་སོན་གསུམ་རེ་བཅས་དགེ་འདུན་པ་ ༦། དགེ་རྒན་ལས་ཡུན་ལོ་ ༡༥ དང་ ༢༠ ལྷག་ལོན་པ་གསུམ་བཅས་ལ་བཀའ་ཤོག་ལག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་སོང་།

ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་སྤྱི་དང་དགེ་རྒན་གཅིག་ལྕོགས་སོ་རུ་དར་རྒྱས་ལགས་ཀྱིས་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་བསླབ་པ་སློབ་གཉེར་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བའི་ནང་། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་རྗེའི་ལམ་སྟོན་ལྟར། ༧རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས་འདི་གའི་སློབ་གཉེར་པ་རྣམས་དགེ་འདུན་པ་ཤ་སྟག་ཡིན་དུས་ནང་ཆོས་ཀྱི་གོ་རྟོགས་ལེགས་པོ་ཞིག་དགོས་པ་ལྷག་ཏུ་གལ་ཆེ་བར་གཟིགས་ཏེ། ཕྱི་ལོ་ ༡༩༩༣ ལོར་གྲྭ་ཚང་འདིར་མཚན་ཉིད་དམ་རིགས་ལམ་འཛིན་གྲྭ་གསར་འཛུགས་ཀྱི་དབུ་བཟུང་བ་དང་། ཕྱི་ལོ་ ༢༠༠༡ ཟླ་ ༤ ཚེས་ ༡༦ ཉིན་རིག་གནས་སྡེ་ཚན་ལས་ལོགས་སུ་རིགས་ལམ་འཛིན་གྲྭ་ཞིག་གསར་འཛུགས་གནང་བ་དང་འབྲེལ། བསྡུས་གྲྭ་དང་། བློ་རིག རྟགས་རིགས། གྲུབ་མཐའ་དང་ས་ལམ་སོགས་ལོ་ཡུན་བཞི་དང་། ཕར་ཕྱིན་ལོ་ཡུན་བདུན། དབུ་མ་ལོ་ཡུན་བཞི། མཛོད་ལོ་ཡུན་གསུམ། འདུལ་བ་ལོ་ཡུན་གསུམ། དགེ་བཤེས་རྒྱུགས་སྤྲོད་ལོ་ཡུན་ལྔ། སྔགས་ལ་ལོ་ཡུན་གསུམ་བཅས་མདོ་སྔགས་གཉིས་ཀར་སློབ་གཉེར་གྱི་ལོ་ཡུན་ཉེར་དགུ་ཅན་རིམ་གྱིས་གཏན་འབེབས་གནང་བ་ནས་བཟུང་། ད་བར་དུ་ཕར་ཕྱིན་སློབ་ཐོན་པ་བསྡོམས་གྲངས་ ༤༢ དང་། དབུ་མ་སློབ་ཐོན་པ་ ༢༦། མཛོད་སློབ་ཐོན་པ་ ༢༣། འདུལ་བ་སློབ་ཐོན་པ་ ༡༦ བཅས་གཞུང་ཆེན་རབ་འབྱམས་པ་ཁག་གི་ཕྱག་འཁྱེར་བཞེས་མཁན་མི་གྲངས་ ༡༩༧ བྱུང་ཡོད། ཅེས་དང་། ཕྱི་ལོ་ ༡༩༩༠ ནས་ད་ལྟའི་བར་གྲྭ་ཚང་འདིར་སློབ་གཉེར་བ་གྲྭ་གྲངས་ ༦༨༨ འབྱོར་ཡོད་པ་དང་། ད་ལྟའི་ཆར་སློབ་གཉེར་ཁང་འདིར་དགེ་སློབ་ལས་བྱེད་གྲངས་ ༡༨༩ ཡོད་པ་དེའི་ནང་ནས་སློབ་གཉེར་གནང་མཁན་གྲྭ་ ༡༡༠ དང་དགེ་རྒན་ ༡༨ཡོད་པ་སོགས་ངོ་སྤྲོད་གནང་སོང་།

ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་སྤྱི་དང་དགེ་རྒན་གཅིག་ལྕོགས་སོ་རུ་དར་རྒྱས་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བཞིན་པ། ༢༠༢༣།༠༥།༠༩

དེ་ནས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། སྤྱིར་བཏང་སློབ་སྦྱོང་བྱས་པའི་དགོས་པ་སྙིང་པོ་ནི་གནས་སྐབས་དང་མཐར་ཐུག་གི་མངོན་འདོད་གང་ཡང་རུང་བ་ཞིག་བསྒྲུབ་རྒྱུའི་དོན་དུ་རེད། དེར་བརྟེན་དེའི་ནང་ནས་མཐར་ཐུག་གི་མངོན་འདོད་བསྒྲུབ་པའི་ཡན་ལག་ལ་རང་གིས་སློབ་སྦྱོང་བྱས་ཏེ་ལག་ལེན་བསྟར་ཐུབ་པ་ཡིན་ན། དེའི་དོན་དག་ཆེ་བ་ཡོད་རེད། སློབ་སྦྱོང་བྱས་ཏེ་ཚེ་འདི་རང་གི་བྱ་གཞག་ཙམ་གྱི་ཆེད་དུ་བེད་སྤྱོད་བཏང་བ་ཡིན་ན། འདི་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་དང་ལག་ཤེས་བཟོ་ལས་ལ་སློབ་སྦྱོང་བྱེད་པ་གཉིས་ཁྱད་པར་མེད་པ་ལྟ་བུ་ཞིག་རེད། སློབ་སྦྱོང་བྱེད་པའི་གྲུབ་འབྲས་འདི་ཚེ་འདིའི་ལྟོ་གོས་ཙམ་གྱི་དོན་དག་ལ་ཕྱིན་པ་ཡིན་ན་ཕན་ཐོགས་མེད་པ་ཞིག་རེད། ཅེས་དང་། སློབ་སྦྱོང་བྱེད་པ་དེ་བསྟན་པའི་དོན་དུ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དང་། རྗེས་འཇུག་གི་སློབ་མ་རྣམས་ཀྱི་དོན་དུ་འཆད་རྩོད་རྩོམ་གསུམ་བྱ་དགོས། ཐོས་བསམ་བྱེད་པའི་སྐབས་ལ་རྩོད་པའི་ལམ་ནས་འགྲོ་རྒྱུ་དང་། འཆད་ཉན་བྱེད་པའི་སྐབས་སུ་འཆད་དང་རྩོམ་གྱི་ལམ་ནས་འགྲོ་དགོས་པས། བསྟན་པ་འཛིན་སྐྱོང་སྤེལ་བའི་བྱ་བ་ལ་འཆད་རྩོད་རྩོམ་གསུམ་གྱི་རིམ་པ་དེ་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད་དུས། རིག་པའི་གནས་ཡོངས་སུ་རྫོགས་པ་ལ་སློབ་སྦྱོང་བྱ་དགོས། རང་ཉིད་ཀྱི་ཐོས་བསམ་མཐར་ཕྱིན་པ་ཞིག་ཡོང་རྒྱུར་རིག་གནས་ཡོངས་སུ་རྫོགས་པ་མེད་ན་འགྲིག་གི་མེད་སྐོར་དང་། བྱང་ཆུབ་སེམས་པའི་སྤྱོད་པ་མཐར་ཕྱིན་པ་སྤྱད་པར་རིག་པའི་གནས་ལ་སྦྱང་དགོས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལེགས་ཉེས་བླང་དོར་གྱི་ལམ་སྟོན་བཀའ་སློབ་གནང་བཞིན་པ། ༢༠༢༣།༠༥།༠༩

ཡང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། སྤྱིར་བཏང་ང་ཚོ་ནང་པའི་སློབ་སྦྱོང་བྱེད་སྟངས་ཀྱི་ངོས་ནས་བསམ་བློ་གཏོང་བ་ཡིན་ན། སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་བསླབ་པ་མཐར་སོན་རྒྱུ་དང་སློབ་སྦྱོང་ཚར་རྒྱུ་ཡོད་མ་རེད། དེང་རབས་ཀྱི་སློབ་སྦྱོང་བྱེད་སྟངས་ནང་ཤེས་ནས་འགྲོ་རྒྱུ་དང་ཆ་བཞག་ནས་འགྲོ་རྒྱུ་གཉིས་རྩིས་པ་ཡིན་ན། ཆ་བཞག་ནས་འགྲོ་མཁན་བརྒྱ་ཆ་ ༨༠ ལྷག་ཡོད་པ་རེད། ཤེས་ནས་འགྲོ་མཁན་བརྒྱ་ཆ་ ༢༠ དང་དེ་ལས་ཉུང་བ་མ་གཏོགས་ཡོད་མ་རེད། ང་ཚོ་ནང་པའི་སློབ་སྦྱོང་བྱེད་སྟངས་ལ་སློབ་སྦྱོང་ཐོན་ཟེར་བ་དེ། དོན་དག་དེ་རང་གིས་ཤེས་པར་བྱས་ནས་ཐོན་པ་ཞིག་རེད་མ་གཏོགས། རྒན་ལགས་ཀྱིས་གསུང་གི་འདུག དེབ་ནང་བྲིས་འདུག དེ་ག་རང་ཡིན་ས་རེད་བསམ་ནས་ཆ་བཞག་ནས་འགྲོ་ཡི་ཡོད་མ་རེད། ཆ་བཞག་ནས་ཕྱིན་པ་དེ་ཤེས་པ་མ་རེད། གོ་བ་རེད། ཐོས་བྱུང་གི་ཤེས་རབ་དེ་གོ་བ་ཙམ་ཞིག་རེད། དེ་ལ་རང་གིས་བརྟག་དཔྱད་བྱས་ནས་གཏན་ལ་ཕབ་དགོས་སྐོར་དང་། སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་མུ་མཐུད་ནས་སློབ་སྦྱོང་བྱ་རྒྱུའི་ཡིད་ཆེས་དམ་བཅའ་བརྟན་པོ་དགོས་སྐོར་དང་། ཁྱེད་རང་ཚོ་ཐུན་མོང་བའི་རིག་པའི་སློབ་ཚན་གྱི་ཐོག་ནས་བསླབ་པ་མཐར་སོན་པ་དེ་ཚོ་རིག་གནས་དེ་ཐུན་མོང་བའི་རིག་གནས་ཡིན་ནའང་། རང་གིས་ལག་ལེན་བསྟར་བ་དང་མི་ཚེའི་ནང་བེད་སྤྱོད་གཏོང་བའི་སྐབས། ནང་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ངོ་བོ་ལ་འགྱུར་ཐུབ་རྒྱུ་ཞིག་དང་། དེ་ལ་བརྟེན་ནས་ཚེ་འདི་རང་གི་བྱ་གཞག་ཙམ་གྱི་ཆེད་དུ་བཀོལ་སྤྱོད་བྱེད་པ་མ་ཡིན་པར་བྱང་ཆུབ་སེམས་པའི་སྤྱོད་པ་ལ་སྤྱད་པའི་ཡན་ལག་ཅིག་གི་ངོ་བོ་ལ་བེད་སྤྱོད་གཏོང་ཐུབ་པ་ཡིན་ན། ཏན་ཏན་སློབ་སྦྱོང་གནང་བ་དེ་དོན་དང་ལྡན་པ་ཞིག་དང་བྱང་ཆུབ་སེམས་པའི་སྤྱོད་པ་ལ་བསླབ་པའམ། ཐེག་པ་ཆེན་པོའི་ཆོས་ལ་ཉམས་ལེན་བྱེད་པའི་ངོ་བོ་ལ་འགྲོ་ཐུབ་པ་ཞིག་ཡོང་གི་རེད་བསམ་གྱི་འདུག སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ཐོས་བསམ་སྒོམ་གསུམ་གྱི་ལམ་ནས་སློབ་སྦྱོང་བྱ་རྒྱུའི་དམ་བཅའ་བརྟན་པོ་དགོས་རྒྱུ་གལ་ཆེན་པོ་རེད་དགོངས་ཀྱི་ཡོད་སྐོར་སོགས་ལེགས་ཉེས་བླང་དོོར་གྱི་བཀའ་སློབ་གནང་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཚོགས་པའི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་དགེ་སློབ་ཁག་ཅིག་ལ་མཇལ་ཁ་བཀའ་སློབ་བསྩལ། ༢༠༢༣།༠༧།༢༥ ཕོ་བྲང་གི་པར།
༸གོང་ས་མཆོག གསར་འགྱུར།

གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཐོག་བསླབ་པ་སློབ་གཉེར་བྱེད་གལ་ཆེ་བའི་བཀའ་སློབ་བསྩལ།

༢༠༢༣/༠༧/༢༦
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

༢༠༢༣/༠༥/༢༩
Mobile App

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་བཞུགས་སྒར་དྷ་རམ་ས་ལར་བསྡུས།

༢༠༢༣/༠༥/༠༥
༧གོང་ས་མཆོག་གིས་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་འཕྲད། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༠༤།༢༦
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མཇལ་རྗེས་ང་ཚོའི་སེམས་ལ་ཞི་བདེའི་ཚོར་བ་ཆེན་པོ་བྱུང་སོང་།

༢༠༢༣/༠༤/༢༧
ལ་དྭགས་ཀྱི་རྩིས་ལོ་ ༢༠༢༣་་༢༤ ལོའི་སྔོན་རྩིས་གྲོས་ཚོགས་ཚོགས་དུས། ལ་དྭགས་བང་ཆེན་གྱི་དྲ་ལམ་ནས་བླངས།
Mobile App

རྒྱ་གར་གྱི་གསར་ཁང་རེ་ཟུང་ལ་དྭགས་སུ་བཀག་སྡོམ་གནང་རྒྱུ་སྤྱི་མོས་གཏན་འབེབས་བྱུང་།

༢༠༢༣/༠༤/༡༩
The Scheherazade Foundation Gold Medal Award for His Holiness the Dalai Lama
༸གོང་ས་མཆོག གསར་འགྱུར།

དབྱིན་ཇིའི་ཐེབས་རྩ་ཁང་ཞིག་གིས་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ།

༢༠༢༣/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese