མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་བཞུགས་སྒར་དྷ་རམ་ས་ལར་བསྡུས།

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་དང་བསྟུན་རྒྱ་གར་རྒྱལ་ཡོངས་སུ་གཞི་རྒྱ་ཆེ་བའི་ཚོགས་འདུ་བཅུ་འཚོགས་ནས་བོད་དོན་གླེང་སློང་དང་གོ་རྟོགས་སྤེལ་ཐབས་གནང་རྒྱུ་ཡིན་སྐོར་གསུངས་སོང་།

Bharat Tibet Sahyog Manch to celebrate Silver Jubilee on 5th May in Tsuglakhang, Dharamshala. Photo:Tibet Times

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbat Sahyog Manch) བཙུགས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་མཁན་གྱི་གྲས་སྐུ་ཞབས་ཨིན་ཌེ་ཤི་ཀུ་མར་ (Indresh Kumar)ལགས་ཀྱི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་སློབ་ཕྲུག་བཅས་མི་གྲངས་སྟོང་ཕྲག་འགའ་འཛོམས་འདུག

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་མཁན་གྲས་སྐུ་ཞབས་ཨིན་ཌེ་ཤི་ཀུ་མར་ (Indresh Kumar)  ལགས་ཀྱིས། དེང་གི་འཛམ་གླིང་འདིར་དམག་འཁྲུག་སོགས་ཀྱི་རྐྱེན་གྱིས་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་ཐད་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་པས། འཚེ་མེད་ཞི་བའི་ལམ་ནས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུ་གལ་ཆེན་ཡིན་སྟབས། ང་ཚོས་བྱིན་རླབས་ལྡན་པའི་ས་ཆ་འདི་ནས་འཛམ་གླིང་ཞི་བདེ་བསྐྲུན་པར་ལས་དོན་གཉེར་རྒྱུའི་དམ་བཅའ་བཞག་དགོས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་། སྟོབས་ཆེན་རྒྱལ་ཁབ་ཁག་གི་གཞུང་སྒེར་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། བོད་མི་ཚོར་རང་སྐྱོང་ངམ་རང་བཙན་གང་མགྱོགས་སྤྲད་རྒྱུ་གླེང་སློང་གནང་དགོས། རྒྱ་ནག་གཞུང་གིས་དམག་གི་སྟོབས་ཤུགས་བཀོལ་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་གཏན་ནས་མེད་པས། རྒྱ་ནག་གཞུང་གིས་འཚེ་མེད་ཞི་བའི་ལམ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་འབྲེལ་མོལ་བྱ་དགོས། ང་ཚོས་དེ་རིང་སྡིངས་ཆ་འདིའི་སྒང་ནས་བོད་མི་རྣམས་གང་མགྱོགས་བོད་ལ་ལོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅིང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་མི་ལོ་ཉེར་ལྔ་འཁོར་བ་དང་བསྟུན། རྒྱ་གར་རྒྱལ་ཡོངས་སུ་གཞི་རྒྱ་ཆེ་བའི་ཚོགས་འདུ་བཅུ་འཚོགས་ནས་བོད་དོན་གླེང་སློང་དང་གོ་རྟོགས་སྤེལ་ཐབས་བྱ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

དེ་རིང་གི་མཛད་སྒོ་དང་བསྟུན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཚོགས་པ་འདི་(རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ།)བཙུགས་ནས་ལོ་ཉི་ཤུ་རྩ་ལྔ་ཕྱིན་འདུག ཚོགས་པ་འདིས་དངོས་ནས་དྲང་གནས་ཁ་ཡོད་ལག་ཡོད་ཀྱིས་བྱས་རྗེས་བཞག་ཡོད་པས། ལོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་ཆེན་སྲུང་གཙི་ཞུ་བཞིན་ཡོད་ལ། རྒྱ་གར་རྒྱལ་ཡོངས་ནས་ཚོགས་མི་རྣམས་མཉམ་ཞུགས་གནང་འདུག ཚང་མས་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཆེད་དངོས་གནས་དྲང་གནས་ཕྱོགས་མང་པོར་རྒྱབ་སྐྱོར་དང་རོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། བཀྲིས་བདེ་ལེགས་ཡོད་ཅེས་གསུངས་སོང་།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་ལོ་ངོ་ ༢༥ འཁོར་བའི་མཛད་སྒོ་དྷ་སར་འཚོགས། ༢༠༢༣།༠༤།༠༥ དུས་བབ་ཀྱི་པར།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དྷ་རམ་ས་ལ་འདི་ངོས་རང་བཙན་བྱོལ་བ་བྱས་ནས་བསྡད་སའི་བསྟི་གནས་ཆགས་ཡོད་པ་རེད། ས་ཆ་འདི་ནེ་རུ་རང་གིས་ཏཱ་ལའི་བླ་མ་བཞུགས་ས་དེ་ཀང་ར་རྫོང་ཁོངས་སུ་བྱ་རྒྱུ་ཡིན་ཞེས་ཐག་གཅད་པ་ཞིག་རེད། ལོ་དེའི་རིང་ལ་ས་ཆ་འདིའི་སྒང་ལ་ང་རང་ཚོ་རྒྱ་གར་མི་མང་གཅིག་མཚུངས་བཞིན་རང་དབང་ཐོབ་ཐང་ཆ་ཚང་ཡོད་པ་ཞིག་དང་། ཆོས་ལུགས་རིས་མེད་བྱས་ནས་དུས་ད་ལྟ་བར་དུ་བསྡད་པ་རེད། བོད་ཀྱི་རིག་གཞུང་གི་ཁུངས་བཅོལ་ས་ནི་ནང་པ་སངས་རྒྱས་པའི་གཞུང་དེ་རེད། བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་དེ་དག་ཚང་མའི་མགོ་ལ་རྒྱ་གར་སྐད་དུ་ཞེས་ཡོད་པ་རེད། བྱས་ཙང་འཕགས་བོད་གཉིས་སུ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པ་རེད་ལ། བོད་ཀྱི་རིག་གཞུང་ཐུན་མོང་མ་ཡིན་པ་དེ་དག་རྒྱ་གར་ནས་ཡོང་བ་ཞིག་ཆགས་བསྡད་ཡོད་པ་རེད་ལ།  ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་འཁྲུངས་ས་བསྐྱོན་ནས་རྒྱ་བོད་གཉིས་འབྲེལ་བ་ཤུགས་ཆེན་པོ་ཆགས་བསྡད་ཡོད་རེད་དེ། རྒྱ་གར་གྱི་དབྱངས་དང་གསལ་བྱེད་གཉིས་ནས་དཔེ་བླངས་ཏེ་བོད་ཡིག་བཟོས་པ་རེད། ཅེས་སོགས་བོད་འཕགས་གཉིས་ཀྱི་ཆོས་དང་རིག་གཞུང་གི་འབྲེལ་བའི་སྐོར་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། འཕགས་བོད་གཉིས་ཀྱི་བར་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་འབྲེལ་བ་ཡོད་ཅིང་། དེ་ཡང་ཆོས་དང་རིག་གཞུང་ཐོག་ནས་ཕན་ཚུན་བློས་འཁེལ་བའི་འབྲེལ་བ་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་ཡིན།  རྒྱ་ནག་གཞུང་གིས་བོད་ནང་དུ་བཙན་འཛུལ་བྱས་པའི་རྐྱེན་གྱིས། ༧གོང་ས་མཆོག་གིས་དབུས་བོད་མི་ཁྲི་བརྒྱད་ལྷག་རྒྱ་གར་དུ་བཙན་བྱོལ་ལ་ཡོང་སྐབས་ཀྱང་། རྒྱ་གར་གཞུང་དང་མི་མང་གིས་རོགས་རམ་དང་མཐུན་སྦྱོར་བྱས་པ་ཧ་ཅང་བཀའ་དྲིན་ཆེན་པོ་རེད། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གཙོས་བོད་དོན་འཐབ་རྩོད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། རྒྱ་གར་གཞུང་མང་གཉིས་ཀྱིས་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་དུ་བོད་ཀྱི་ཆོས་དང་རིག་གཞུང་གསོན་པོ་གནས་ཐུབ་ཡོད་པ་བཅས་བརྒྱུད་ལམ་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་ཡོད་སྐོར་སོགས་གསུངས་སོང་།

ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་སྐུ་ཚབ་བྱས་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བར་རྟེན་འབྲེལ་ཞུས་པ་དང་། རྒྱ་གར་དང་བོད་གཉིས་མཛའ་འབྲེལ་གྱི་ཐོག་ནས་ཆོས་ལུགས་དང་། རིག་གཞུང་། སྐད་ཡིག་སོགས་ཀྱི་ཐད་ལ་མཉམ་ལས་བྱེད་པའི་ལོ་རྒྱུས་རིང་པོ་ཡིན་ཞིང་། ༧གོང་ས་མཆོག་གིས་རྟག་ཏུ་རྒྱ་གར་ནི་བོད་ཀྱི་སློབ་དཔོན་ཡིན་གསུངས་པ་བཞིན། མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་སོགས་ཀྱིས་ནང་པའི་བསྟན་པ་བོད་དུ་གོང་སྤེལ་བཏང་ཡོད་པ་མ་ཟད། རྒྱ་གར་གནའ་བོའི་རིག་གཞུང་གིས་ཕྱིའི་དངོས་པོ་དང་ནང་བསམ་པའི་དཔལ་ཡོན་ལ་ཤུགས་རྐྱེན་ཆེས་ཆེར་ཐེབས་ནས་འཛམ་གླིང་ཞི་བདེ་ཡོང་བར་ཕན་ཐོགས་བྱུང་ཡོད་ལ། རྒྱ་ནག་དམར་པོའི་གཞུང་གིས་བོད་དུ་བཙན་འཛུལ་བྱས་ཏེ། བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ཡོང་དགོས་འཁེལ་ཡང་། བཙན་བྱོལ་དུ་རང་དབང་ཆ་ཚང་ཡོད་པའི་ཐོག་ནས་སྐད་དང་རིག་གཞུང་བཅས་བོད་པའི་ངོ་བོ་སྲུང་སྐྱོབ་བྱེད་པའི་མཐུན་རྐྱེན་གང་ལེགས་སྦྱར་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། དོན་གྲུབ་བཀྲ་ཤིས། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་གིས་ཕྱི་རྒྱལ་གྱི་བོད་པའི་གཞོན་སྐྱེས་རྣམས་བཀའ་སློབ་བསྩལ། དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས། ༢༠༢༣།༠༧།༠༤
༸གོང་ས་མཆོག གསར་འགྱུར།

ལྟ་གྲུབ་སྐོར་ལ་བསམ་བློ་བཏང་ནས་ནང་ཆོས་སློབ་སྦྱོང་བྱེད་པར་བོད་པ་ཡག་ཤོས་རེད་ཅེས་གསུངས་སོང་།

༢༠༢༣/༠༧/༠༤
The Gokarla Tunnel was completed on Wednesday after seven years of construction.
Mobile App

རྒྱ་གཞུང་གིས་གོང་དཀར་ལ་ཕུག་ལམ་གསར་རྒྱག་འགྲུབ་ཚར་ཡོད་ཟེར།  

༢༠༢༣/༠༦/༢༩
ཐེེག་ཆེན་འཛིན་སྐྱོང་ཚོགས་པས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དུས་བབ་ཀྱི་པར། ༢༣།༠༥།༢༤
༸གོང་ས་མཆོག གསར་འགྱུར།

ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་ཁང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༣/༠༥/༢༤
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་ཡིན་པའི་རྒྱ་ནག་གི་གསང་ཉུལ་བ་འགོག་རྒོལ་གྱི་ཁྲིམས་དེབ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༥/༡༥
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་རིག་གནས་སློབ་ཐོན་པའི་མཛད་སྒོ། ༢༠༢༣།༠༥།༠༩
Mobile App

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་མུ་མཐུད་ནས་སློབ་སྦྱོང་བྱ་རྒྱུའི་དམ་བཅའ་བརྟན་པོ་དགོས་སྐོར་བཀའ་སློབ་གནང་།

༢༠༢༣/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese