མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་ནང་གནས་སྡོད་ཨ་རིའི་མི་སེར་རང་ལོ་ ༧༨ ཅན་གྱི་སྐྱེས་པ་ཞིག་ལ་རྒྱ་ནག་སུའུ་ཀྲུའུ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་གསང་ཉུལ་བའི་ཉེས་མིང་གཡོགས་ཏེ་ཨ་སྒོར་ ༧༢༠༠༠ ཉེས་ཆད་དང་སྦྲགས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ཕྱིར་བསྒྲགས་བྱས་འདུག

The sentencing of Leung comes at a time when relations between Beijing and Washington are at their lowest point in half a century

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་རྒྱ་ནག་སུའུ་ཁྲུའུ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། ཨ་རིའི་མི་སེར་ཇོན་ཤིང་ཝན་ལིའུང་(John Shing-Wan Leung)ཞེས་པ་ཞིག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་གནོད་སྐྱོན་བཟོས་པ་ར་འཕྲོད་བྱུང་བའི་ཉེས་མིང་འོག་ཨ་སྒོར་ ༧༢༠༠༠ ཉེས་ཆད་དང་། ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ཕྱིར་བསྒྲགས་བྱས་འདུག  སྐྱེས་པ་དེ་གསང་ཉུལ་བའི་དོགས་གཞིའི་འོག་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༥ ཉིན་རྒྱ་ནག་སུའུ་ཀྲུའུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་འདས་པའི་ལོ་གཉིས་རིང་བཀག་ཉར་འོག་བཞག་ཡོད་འདུག

རྒྱ་ནག་གཞུང་གིས་ཇོན་གྱིས་གསང་ཉུལ་བྱས་པའི་ནག་ཉེས་ར་འཕྲོད་བྱུང་ཡོད་སྐོར་ཙམ་ལས་ཁ་གསལ་གང་ཡང་བཤད་མེད་པའི་ཁར། གསང་བའི་ཁྲིམས་ར་བསྡུས་ཏེ་ཐག་གཅོད་བྱས་ཡོད་སྟབས། ཁོང་གི་ནང་མི་སོགས་ནས་ཇོན་ལ་ནག་ཉེས་གང་ཡང་མེད་སྐོར་དང་། ཁྲིམས་ཐག་དེ་ནི་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས། ཁོའི་གཟུགས་པོའི་གནས་སྟངས་དང་རྒྱའི་བཙོན་ཁང་ནང་གི་བདེ་འཇགས་ལ་བློ་འཚབ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

US President Joe Biden To Meet Japanese PM Kishida On The Sidelines Of G7 Summit

ད་ལྟའི་ཆར་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གིས་ཉི་ཧོང་ནང་གཞུང་འབྲེལ་སྐོར་སྐྱོད་གནང་བཞིན་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཉི་ཧོང་གི་སྲིད་བློན་ཧྥོ་མེའོ་ཁེ་སི་ཌ་(Fumio Kishida)མཆོག་དང་མཇལ་འཕྲད་གནང་སྟེ། ཡུལ་གཉིས་ཀྱི་ཚོང་འབྲེལ་ཡར་རྒྱས་གཏོང་ཕྱོགས་གཙོས། ཞི་བདེ་རྒྱ་མཚོའི་ཁུལ་དང་ཉེ་འདབས་རྒྱལ་ཁབ་ཁག་གི་བདེ་འཇགས་ཐད་ཨ་རིའི་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་ཕྱོགས་ཐད་གྲོས་མོལ་གནང་འཆར་ཡོད་པ་མ་ཟད། དཔལ་འབྱོར་སོགས་ཀྱི་ཐད་ནས་ཀྱང་རོགས་སྐྱོར་སྔར་ལྷག་གནང་འཆར་ཡོད་འདུག དེ་ནི་རྒྱ་ནག་གཞུང་གི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དབང་ཤུགས་རྒྱ་སྐྱེད་ཀྱི་སྲིད་ཇུས་ལ་ཁ་གཏད་དུ་གྱུར་ཡོད་སྟབས། དུས་སྐབས་འདི་འདྲ་ཞིག་ལ་རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ནི་མེ་འབར་སྒང་ལ་ཤིང་ལྕག་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད།

མ་གཞི་འདི་ལོའི་ཟླ་ ༢ ཚེས་ ༥ ནས་ ༦ བར་ཉིན་གྲངས་གཉིས་རིང་ཨ་རིའི་ཕྱི་འབྲེལ་བློན་ཆེན་ཨེན་ཊོ་ནི་བྷི་ལིན་ཀན་མཆོག་རྒྱ་ནག་ནང་ཕེབས་གཏན་འཁེལ་ཡོད་ཀྱང་། ཟླ་དེའི་ཕྱི་ཚེས་ ༢ ཉིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨ་རིའི་མཁའ་ཁུལ་དུ་མྱུལ་ཞིབ་ལྒང་ཕུག་ (surveillance balloon) ཅིག་འཕུར་སྐྱོད་བྱས་པའི་གནད་དོན་ལ་ཞིབ་འཇུག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཏེ་སྐོར་སྐྱོད་ཕྱིར་འཐེན་གནང་སྟེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད་པའི་ཁར། ཕྱི་ཟླ་ ༤ ཚེས་ ༡༧ ཉིན། རྒྱ་མི་དམངས་གཙོ་དོན་གཉེར་བ་དང་སྐྱབས་བཅོལ་བ་རྣམས་ལ་སོ་ལྟ་བྱས་ཏེ་རྒྱ་ནག་གཞུང་ལ་གནས་ཚུལ་མཁོ་སྤྲོད་བཞིན་པའི་ཉེས་མིང་འོག ཨ་རིའི་ནེའུ་ཡོག་གྲོང་འཁྱེར་ནས་རྒྱ་ནག་གི་མི་སེར་ཡིན་པ་ཅཱིན་ཅིང་པིང་དང་ལུ་ཇིན་ཝང་ཟེར་བ་གཉིས་འཛིན་བཟུང་བྱས་ཡོད་པ་དང་། དེར་བསྟུན་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་རྒྱ་གཞུང་གིས་ཀྱང་ཨ་རིའི་ཧ་ཝཊ་གཙུག་ལག་སློབ་ཁང་དང་ཉི་ཧོང་ནས་སློབ་མཐར་ཕྱིན་པ་གསར་འགོད་པ་རྒན་གྲས་དཱོང་ཡུ་ཡུ་ཟེར་བ་ཞིག་གིས་རྒྱ་ནག་གི་གསང་བ་ཕྱིར་བསྒྲགས་བྱེད་བཞིན་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་སོགས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཧ་ཅང་ཛ་དྲག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་ཡིན་པའི་རྒྱ་ནག་གི་གསང་ཉུལ་བ་འགོག་རྒོལ་གྱི་ཁྲིམས་དེབ། དྲ་ལམ་གྱི་པར།

འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༦ ཉིན་རྒྱ་ནག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་ཉུལ་བ་འགོག་ཐབས་ཀྱི་ཁྲིམས་(中华人民共和国反间谍法)ཞེས་པ་གཏན་འབེབ་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་རེད། ཁྲིམས་དེ་གཏན་འབེབ་བྱས་རྗེས་རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་མང་པོས་རྒྱ་ནག་ནང་ཕྱིའི་གནད་ཡོད་མི་སྣ་དང་ཚོང་པ། གསར་འགོད་པ་སོགས་ལ་གསང་ཉུལ་གྱི་ཉེས་མིང་འོག་འཛིན་བཟུང་དང་བཀག་ཉར་གྱི་གནད་དོན་སྔར་ལས་མང་པ་འབྱུང་རྒྱུ་ཡིན་པའི་སེམས་འཚབ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
The Heishanxia section of the Yellow River in China’s Ningxia Hui autonomous region. Photo: Xinhua
Mobile App

རྨ་ཆུའི་རྒྱུད་དུ་ཆུ་མཛོད་ཆེན་པོ་ཞིག་གསར་དུ་བརྒྱག་རྒྱུ་ཡིན་འདུག

༢༠༢༣/༠༥/༠༨
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་སྐུ་གྲོངས། 

༢༠༢༣/༠༥/༠༨
Covid global health emergency is over, WHO says. Photo ;Reuters
Mobile App

རྒྱལ་སྤྱིའི་ནང་ཏོག་དབྱིབས་ཛ་དྲག་གི་གནས་སྟངས་ཡོལ་ཟིན་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ། 

༢༠༢༣/༠༥/༠༦
Mobile App

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་བཞུགས་སྒར་དྷ་རམ་ས་ལར་བསྡུས།

༢༠༢༣/༠༥/༠༥
Ukrainian President Volodymyr Zelensky (right) hoped the call with Chinese leader Xi Jinping would give impetus to relations with Beijing.
Mobile App

ཞི་ཅིན་ཕིང་དང་ཛེ་ལེན་སི་ཀི་གཉིས་ཀྱིས་ཁ་པར་ལམ་ནས་ཁ་བརྡ་བྱས།

༢༠༢༣/༠༤/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist