མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཀར་ན་ཊ་ཀའི་མངའ་སྡེ་བློན་ཆེན་གསར་བར་འཚམས་འཕྲིན་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཀར་ན་ཊ་ཀ་གཞུང་མང་གཉིས་ནས་ལྷག་བསམ་རྣམ་དག་གིས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྤྱི་ཁྱབ་བློན་ཆེན་གསར་བའི་ལས་དོན་ལམ་ལྷོངས་ཡོང་བའི་ཐུགས་སྨོན་བསྩལ་འདུག

His Holiness the Dalai Lama with Karnataka Chief Minister Siddaramaiah during His Holiness’s 78th birthday celebrations at Sera Je Monastery in Bylakuppe, Karnataka, India on July 6, 2013. Photo by Tenzin Choejor

དེ་རིང་ཉིན་རྒྱབ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་སི་དྷ་རཱ་མི་ཡ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་འདུག་པ་དང་། འཚམས་འཕྲིན་གྱི་ནང་། འདི་ལོའི་ཕྱི་ཟླ་བཞི་བ་ནི་ང་ཚོ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་དྲུག་ཅུ་ཕྱིན་པའི་དུས་དྲན་ཡིན་པ་དྲན་གསོ་གནང་བ་དང་སྦྲགས། ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་ལ་རྒྱ་གར་ནང་གནས་སྡོད་བྱེད་ཡུལ་ཞིག་འཚོལ་བཞིན་པའི་སྐབས་དེར། སྲིད་བློན་ནེ་རུ་མཆོག་གིས་རྒྱ་གར་གྱི་མངའ་སྡེ་འདྲ་མིན་གྱི་བློན་ཆེན་རྣམས་ནས་བོད་མི་རྣམས་ལ་སྡོད་གནས་མཁོ་སྤྲོད་གནང་བའི་འབོད་སྐུལ་ཞུས་སྐབས། ཀར་ན་ཊ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ (S. Nijalingappa) གྱིས་སྦྱིན་སྤོབས་ཆེ་ཤོས་ཀྱི་བརྡ་ལན་བཏང་ཡོད་པ་རེད་ལ། དོན་དངོས་ཐོག་ཕྱི་ལོ་ ༡༩༥༦ ལོར་ངོས་རང་རྒྱ་གར་ནང་ཡོང་སྐབས། ཁོང་དང་ཐུག་འཕྲད་བྱ་རྒྱུ་བྱུང་བ་མ་ཟད། སྐབས་དེའི་ཐུག་འཕྲད་ཀྱི་དྲན་པ་གསལ་བོ་ཞེ་དྲགས་ཡོད།

ཁྱེད་ཀྱིས་མཁྱེན་གསལ་ལྟར། ཕྱི་ལོ་ ༡༩༦༠ ནང་ཀར་ན་ཊ་ཀའི་ནང་བོད་མི་ཁྱོན་སུམ་ཁྲི་ལྷག་གིས་གནས་སྡོད་བཅས་ཏེ་རྒྱ་གར་ནང་གི་བོད་མིའི་མི་འབོར་མང་ཤོས་ཆགས་པ་རེད། ངོས་ལ་མཚོན་ན་ཀར་ན་ཊ་ཀའི་མངའ་སྡེ་བཀའ་དྲིན་ཆེན་པོ་ཡིན། ཕྱི་ལོ་ ༢༠༡༨ ལོར་བྷན་གྷ་ལོའུ་རུ་དམིགས་བསལ་ཚོགས་ཆེན་ཞིག་གི་སྟེང་ངོས་ལ་ཀར་ན་ཊ་ཀའི་གཞུང་མང་གཉིས་ནས་བོད་མི་རྣམས་ལ་གྲོགས་འདྲིས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བྱུང་།

ཀར་ན་ཊ་ཀ་མངའ་གཞུང་གིས་བོད་མིའི་གཞིས་ཆགས་ལྔ་གསར་སྐྲུན་བྱེད་དུ་བཅུག་པའི་ཐོག ང་ཚོའི་ནང་པའི་དགོན་སྡེ་ཆེ་ཤོས་ཀྱི་གྲལ་མང་པོ་ཞིག་བསྐྱར་གསོ་བྱེད་དུ་བཅུག་པར་དགའ་སྤོབས་བྱུང་། དགོན་སྡེ་དེ་དག་ནང་དཔལ་ནཱ་ལནྡཱའི་རིག་གཞུང་གཞིར་བཞག་སྟེ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སོགས་རྒྱ་གར་གྱི་གནའ་བོའི་ཤེས་རིག་ད་ལྟའང་སློབ་གཉེར་བྱས་དང་བྱེད་མུས་ཡིན། དེར་བརྟེན། ཀར་ན་ཊ་ཀའི་གཞུང་མང་གིས་བོད་མི་རྣམས་ལ་དཀའ་ཁག་ཆེ་བའི་དུས་སྐབས་འདིར་རྒྱབ་སྐྱོར་ལྷད་མེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། མཇུག་ཏུ། སྤྱི་ཁྱབ་བློན་ཆེན་གསར་པ་མཆོག་གི་འབྱུང་འགྱུར་ལས་དོན་ལམ་ལྷོངས་དང་ཀར་ན་ཊ་ཀའི་མི་མང་གི་རེ་འདོད་སྐོང་ཐུབ་པའི་ཐུགས་སྨོན་བཅས་བསྩལ་འདུག

དེ་རིང་སྐུ་ཞབས་སི་དྷ་རཱ་མི་ཡ་ལགས་ཀྱིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་བའི་ལས་འཁུར་གྱི་དམ་འབུལ་ཞུས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཀར་ན་ཊ་ཀའི་ནང་ཁ་གཏད་སྲིད་དོན་ཚོགས་པ་བྷི་ཇི་པི་དང་རྒྱལ་ཡོངས་མང་གཙོ་ཚོགས་པ་གཉིས་ཀྱི་གཙོས་སྲིད་དོན་ཚོགས་པ་ཁག་ཅིག་གི་བར་འོས་བསྡུ་བྱས་ཏེ།  རྒྱལ་ཡོངས་མང་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་བརྟེན། ད་རེས་ཁོང་ཀར་ན་ཊ་ཀའི་མངའ་སྡེ་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བ་ཐེངས་གཉིས་པ་ཆགས་ཀྱི་ཡོད་ཅིང་། ཕྱི་ལོ་ ༢༠༡༣ ནས་ ༢༠༡༨ བར་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་དུ་ཐོག་མར་བསྡད། སྐུ་ཞབས་སི་དྷ་རཱ་མི་ཡ་ལགས་ནི་སྤྱི་ཚོགས་རིང་ལུགས་དང་ཆོས་ལུགས་རིས་མེད་ཀྱི་རིང་ལུགས་གཙོ་འཛིན་བྱེད་མཁན་ཞིག་ཡིན་པའི་ཁར། ཁོང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས་རྒྱ་གར་ནང་བྷི་ཇི་པི་སྲིད་དོན་ཚོགས་པའི་དབང་སྒྱུར་འོག སྒོ་བརྒྱབ་ཟིན་པ་ལྟ་བུའི་རྒྱ་གར་གྱི་ཆབ་སྲིད་ལམ་ལུགས་ལ་སྒོ་མོ་གསར་པ་ཞིག་ཕྱེ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

ཆུ་ཚོད་ ༡༧ སྔོན་ལ།
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese