མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་འཆར་ཡོད་པར་བཀག་འགོག་གི་ཐབས་ཤེས་བྱེད་བཞིན་ཡོད་འདུག

China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club

དེ་རིང་སིཌ་ནེ་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཨོ་གླིང་ནང་གདན་ཞུའི་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་ཀྱང་། ཨོ་གླིང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། སྲིད་སྐྱོང་མཆོག་གི་ཕྱོགས་ཕེབས་ལ་དགག་པ་མཐའ་གཅིག་ཏུ་ཡོད་པ་མ་ཟད། ཨོ་གླིང་གཞུང་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་གཞུང་འབྲེལ་གདན་ཞུ་གནང་རྒྱུ་ཕྱིར་འཐེན་དགོས་པའི་སྐུལ་མ་བཏང་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་། རྒྱ་ནག་གཞུང་ཚབ་མི་སྣ་ཁག་ཅིག་གིས་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་མོའུ་རེ་སི་ (Maurice Reilly) ལགས་དང་ཐུག་འཕྲད་བྱས་ཏེ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ལས་རིམ་ཞིག་གི་སྟེང་ཕེབས་འཆར་ཡོད་པ་ཕྱིར་བསྡུ་གནང་དགོས་པ་མ་ཟད། ཨོ་གླིང་ནང་ཁ་བྲལ་བའི་ལས་འགུལ་སྤེལ་མི་ཆོག་ཅེས་སྲིད་སྐྱོང་མཆོག་གི་གསུང་བཤད་ལས་རིམ་དང་ཨོ་གླིང་དུ་གནས་བཞུགས་བོད་མི་ཆབ་སྲིད་བཙོན་པ་རྣམས་དང་ཐུག་འཕྲད་བྱ་རྒྱུ་སོགས་མཚམས་འཇོག་དགོས་སྐོར་བརྗོད་ཡོད་འདུག

སྐབས་དེར་རྒྱ་ནག་གཞུང་ཚབ་ཁང་གིས་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ལ་ཞུ་ཡིག་ཅིག་སྤྲད་ཡོད་པའི་ནང་། ཨོ་གླིང་གཞུང་གིས་རྒྱ་ནག་གི་ལངས་ཕྱོགས་དང་གནས་བབ་སོགས་ལ་རྩིས་མེད་བཏང་བ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་གྲངས་ཉུང་མི་རིགས་ཡོངས་ཀྱིས་རྒྱ་ནག་དབུས་ས་གཉིས་ཀྱི་སྲིད་ཇུས་ལ་སེམས་གཏིང་ནས་མོས་མཐུན་དང་རྒྱབ་སྐྱོར་ཡོད་ལ། ད་ལྟ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ལོ་རྒྱུས་ནང་གནས་སྟངས་ཆེས་ལེགས་པ་ཞིག་ཏུ་ཡོད། ཅེས་བརྗོད་ཡོད་པ་རེད།

ཡང་རྒྱ་ནག་གཞུང་ཚབ་ཁང་གི་ཞུ་ཡིག་དེའི་ནང་། བོད་ཅེས་པའི་ཚབ་ཏུ་ཤི་ཙང་ཞེས་བྲིས་དེ། སླར་ཡང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་བོད་རྒྱལ་ཁབ་ཀྱི་མིང་ནག་བསུབ་དང་དེའི་ཚབ་ཏུ་རྒྱ་ནག་གིས་འབོད་ཀྱིན་པའི་ཤི་ཙང་ཞེས་པ་འཇུག་ཐབས་བྱེད་བཞིན་ཡོད་པ་མངོན་གསལ་ཆགས་ཡོད།

དེ་འབྲེལ་ཐད་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་ (Maurice Reilly) ལགས་ཀྱིས། སི་ནེ་ཞོགས་པའི་ཆ་འཕྲིན་ལ་བརྗོད་དོན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ལས་རིམ་སྟེང་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་མི་བྱེད་པ་མ་ཟད། ད་ལྟ་ཚོགས་པ་དེའི་དྲ་རྒྱའི་སྟེང་སྲིད་སྐྱོང་མཆོག་གི་གསུང་བཤད་ལས་རིམ་གྱི་འཛིན་བྱང་འཚོང་གི་ཡོད་པ་སྤྱི་བསྒྲགས་བྱས་ཡོད་ཅེས་བརྗོད་འདུག་ལ། སྐུ་ཞབས་མོའུ་རེ་སི་ལགས་རྒྱ་ནག་གཞུང་ཚབ་པར་ཐུག་སྐབས། ཁོས་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ནི་རང་དབང་གི་ཐོག་ནས་སྤྱི་དམངས་ཀྱི་བགྲོ་གླེང་དང་གསར་འགོད་རང་དབང་། སྨྲ་བརྗོད་རང་དབང་བཅས་ཀྱི་ལྟེ་གནས་ཤིག་ཡིན་ཞེས་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་པར་བརྗོད་ཡོད་འདུག

སིཌ་ནེ་ཞོགས་པའི་ཆ་འཕྲིན་གྱིས། རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་མཆོག་ཨོ་གླིང་ནང་གཞུང་ཕྱོགས་ཕེབས་གནང་རྒྱུ་བཀག་འགོག་བྱེད་པར་ཐབས་ཤེས་གཏོང་བཞིན་ཡོད་སྟབས། དེས་ཨོ་གླིང་གི་སྨྲ་བརྗོད་རང་དབང་ལ་ཁྱད་གསོད་གཏོང་གི་ཡོད་ཅེས་བརྗོད་འདུག

ད་ལྟ་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་དྲ་ཐག་ཏུ། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡།༣༠ ནས་ཉིན་རྒྱབ་ཆུ་ཚོད་ ༡།༣༠ བར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་ཞི་བདེ་ཡོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་གཏན་ཁེལ་ཡོད་ཅིང་། སྤེན་པ་ཚེ་རིང་མཆོག་ནི་ཕྱི་ལོ་ ༢༠༢༡ ལོར་ཨོ་གླིང་ཚུད་པའི་འཛམ་གླིང་རྒྱལ་ཁབ་ ༣༠ མ་ཟིན་ཙམ་གྱི་ནང་གི་བོད་མི་ཚོས་དམངས་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཡིན་པ་དང་། ཕྱི་ལོ་ ༡༩༩༦ ནས་ ༢༠༡༦ བར་གྲོས་ཚོགས་འཐུས་མི་དང་སྤྱི་འཐུས་ཚོགས་གཙོ་སྐབས་གཉིས་ཀྱི་རིང་གནང་མྱོང་བ་སོགས་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་ཕྱག་ལས་གནང་མཁན་རིང་ཤོས་ཀྱི་གྲས་ཤིག་ཡིན་པ་སོགས་ངོ་སྤྲོད་གནང་འདུག་པ་མ་ཟད། འདས་པའི་ལོ་ངོ་ ༧༠ ལྷག་གི་རིང་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་དང་བྱེད་མུས་ཡིན་པ་དང་། དམིགས་བསལ་ད་ལྟ་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ལག་བསྟར་བྱས་ཏེ། བོད་མི་རྣམས་རྒྱ་སྒྱུར་བྱེད་བཞིན་ཡོད་ཀྱང་། ད་དུང་བོད་མི་རྣམས་ཀྱིས་རང་ཡུལ་དུ་ལོགས་པའི་རེ་བ་དང་འདུན་པ་བརྟན་པོ་ཡོད་སྐོར་སོགས་བཀོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༨ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese