མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་གྲུ་འཐིམས་ནས་ཉུང་མཐར་མི་ ༧༩ རྐྱེན་འདས་སུ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

གྷི་རི་སི་ཡུལ་མི་གནས་སྤོ་བློན་ཆེན་གྱིས་ཡོ་རོབ་མཐུན་ཚོགས་ཀྱིས་ཡུལ་མི་གནས་སྤོ་སྲིད་ཇུས་བསྐྱར་ཞིབ་བྱ་གལ་ཆེ་སྐོར་བརྗོད་འདུག

The Greek coastguard released images of the crowded boat before it went down

ཁ་སང་ཕྱི་ཚེས་ ༡༤ ཉིན་གྷི་རི་སི་ནས་ཨི་ཊ་ལིར་འགྲོ་བཞིན་པའི་མཚོ་གྲུ་ཞིག་མཚོ་ནང་དུ་འཐིམས་ནས་ཉུང་མཐར་མི་༧༩ རྐྱེན་འདས་ཕྱིན་ཡོད་ཅིང་། མི་བརྒྱ་སྐོར་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། སྲོག་ཉེན་ལས་ཐར་བའི་མི་མང་ ༢༥ ལ་ཀཱ་ལཱ་མཱ་ཏཱ་(kalamata) ས་ཁུལ་གྱི་གྲོང་གསེབ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག

གྷི་རེ་སི་སྲིད་འཛིན་ཀཱ་ཌར་རི་ནཱ་( Katerina Sakellaropoulou)་མཆོག་མྱུར་སྐྱོབ་བྱེད་ཡུལ་དུ་བསྐྱོད་ནས་རྐྱེན་འདས་སུ་ཕྱིན་པར་མྱ་ངན་ཞུས་ཡོད་ཅིང་། གྷི་རི་སི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་བློན་ཆེན་ལཱོན་ནི་སི་སཱར་མཱ་སི་(Ioannis Sarmas)་ལགས་ཀྱིས། སྙིང་རྗེ་མེད་པའི་ནག་ཚོང་གིས་ང་ཚོ་མིའི་རིགས་ཀྱི་བདེ་སྐྱིད་གཏོར་བཤིག་བཏང་བ་ཡིད་ལ་བཅིངས་ནས། ཉིན་གསུམ་རིང་གྷི་རི་སི་རྒྱལ་ཡོངས་ཀྱི་མྱ་ངན་ཞུ་རྒྱུ་ཡིན་སྐོར་བསྒྲགས་འདུག

གྷི་རི་སི་མཚོ་འགྲམ་ལྟ་སྲུང་མགྲིན་ཚབ་པ་ནི་ཀོ་སི་ཨ་ལེ་ཞུའུ་(Nikos Alexiou)་ལགས་ཀྱིས། མཚོ་གྲུ་ནང་དུ་མི་ག་ཚོད་ཡོད་མེད་ཀྱི་གྲངས་ཀ་གསལ་བོ་མི་འདུག་ཅིང་། མཚོ་གྲུའི་ནང་གི་མི་རྣམས་གློ་བུར་དུ་ཕྱོགས་གཅིག་ལ་གནས་སྤོ་བྱས་པས་མགོ་རྟིང་སློག་ཡོད་འདུག  ཕལ་ཆེར་མཚོ་གྲུའི་ཕྱི་ནང་གཉིས་ཀྱི་ནང་དུ་མི་མང་པོ་ཁེངས་འདུག་ཅེས་བརྗོད་འདུག

ཀཱ་ལཱ་མཱ་ཐཱ་ལྷོ་ཕྱོགས་གྲུ་ཁའི་གྲོང་སྡེ་སྤྱི་ཁྱབ་ལཱོན་ནི་སི་ཛཱ་ཧྥི་རོ་པུ་ལོ་སི་(Ioannis Zafiropoulos)་ལགས་ཀྱིས། མཚོ་གྲུའི་ནང་དུ་མི་༥༠༠ ལྷག་ཡོད་ཅིང་། གྷི་རི་སི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ ༧༥ མཚམས་ཀྱི་རྒྱ་མཚོ་གཏིང་ཟབ་སར་ཐག་ཉེ་བར་གྱུར་སྐབས་གནོད་འཚེ་ཐེབས་ཡོད་པ་དང་། ཐེངས་འདིར་མི་གྲངས་༡༠༤ སྐྱོབ་ཐབས་བྱུང་ཡོད་པ་ལས། མི་གྲངས་ ༢༥ ལ་སྨན་བཅོས་བྱེད་མུས་འདུག དེའི་ཁྲོད་ནས་ལོ་ཆུང་ཤོས་ ༡༦ དང་། ལོ་ཆེ་ཤོས་ ༤༩ བཅས་ཡིན་འདུག ཀཱ་ལཱ་མཱ་ཐའི་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་ཀཱ་ཌི་རི་ནཱ་ལགས་ཀྱིས་ད་ལྟ་ཆར་སྲོག་ཉེན་ལས་ཐར་ཡོད་པའི་མི་མང་པོ་ཞིག་ལ་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་དང་གྷི་རི་སི་ལྟ་སྲུང་བས་སྲོག་ཉེན་ལས་ཐར་བའི་ཁྲོད་ཨེ་ཇེབ་ཀྱི་མི་གྲངས་ ༣༠ དང་། པཱ་ཀི་སི་ཐན་གྱི་མི་གྲངས་ ༡༠ པ་དང་། སི་རི་ཡའི་མི་གྲངས་ ༣༥ ། དེ་བཞིན་པཱ་ལེ་སི་ཊན་གྱི་མི་གྲངས་ ༢ ་བཅས་ཡོད་འདུག

གྷི་རི་སི་ཡུལ་མི་གནས་སྤོའི་བློན་ཆེན་(Yiorgos Michaelidis) ལགས་ཀྱིས། འདི་ནི་ཁྲིམས་འགལ་གྱི་དངུལ་སྤྲད་ནས་མི་མང་ལྐོག་འདྲེན་བྱེད་པ་ཙམ་མ་རེད། གནད་དོན་འདི་ནི་གྷི་རི་སི་དང་། ཨི་ཊ་ལ་སོགས་ཀྱི་སྐྱབས་བཅོལ་བ་དང་མི་མང་གནས་སྤོའི་དཀའ་ངལ་ཙམ་མ་ཟད། ཡོ་རོབ་མཐུན་ཚོགས་ཀྱི་བདེ་འཇགས་དང་འབྲེལ་བ་དམ་ཟབ་ཡོད་པས། ཡུལ་མི་གནས་སྤོ་སྲིད་ཇུས་བསྐྱར་ཞིབ་བྱ་གལ་ཆེ་སྐོར་བརྗོད་འདུག ལོ་རེ་བཞིན་ཡུལ་མི་གནས་སྤོ་བའི་གནད་དོན་གྱིས་མི་བརྒྱ་སྐོར་རེ་རྐྱེན་འདས་སུ་གྱུར་བཞིན་ཡོད་ཅིང་། འདི་ལོའི་ཕྱི་ཟླ་གཉིས་པའི་ནང་དུའང་ཨི་ཊ་ལི་ལྷོ་ཕྱོགས་ཀྱི་ཁཱ་ལཱ བྷི་རི་ཡ་(Calabria )ས་ཁུལ་ཡུལ་མི་གནས་སྤོ་བ་༩༤ རྐྱེན་འདས་སུ་ཕྱིན་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོའི་ནང་དུ་ད་ལོ་གཅིག་པོ་ཡུ་རོབ་རྒྱལ་མཚམས་བརྒལ་ནས་ཡུལ་མི་གནས་སྤོ་བ་དང་སྐྱབས་བཅོལ་བ་ཁྲི་བདུན་ལྷག་འབྱོར་ཡོད་པ་དང་། དེའི་ཁྲོད་ཀྱི་མང་ཤོས་ནི་ཨི་ཊ་ལི་རྒྱལ་ཁབ་བརྒྱུད་ནས་ཡོང་བ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese