མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀར་མཛེས་ཁུལ་གྱི་སློབ་གྲྭ་ཁག་གིས་བོད་ཡིག་སློབ་མཚམས་འཇོག་དགོས་པའི་བཙན་བཀའ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༤ ལོ་ནས་དཀར་མཛེས་ཁུལ་གྱི་བོད་ཡིག་སློབ་འབྲིང་ལྔའི་ནང་བོད་ཡིག་སློབ་མཚམས་འཇོག་དགོས་པའི་བཙན་བཀའ་བཏང་ཡོད་འདུག

བོད་ཁུལ་གྱི་བྱིས་པ་ས་ཡ་གཅིག་ཙམ་རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་བཅུག བོད་ཀྱི་དུས་བབ་ཀྱི་པར།

ཉེ་ལམ་རྒྱ་ནག་གཞུང་གིས་བོད་དཀར་མཛེས་ཁུལ་དུ་བོད་ཡིག་སློབ་ཁྲིད་བྱེད་བཞིན་པའི་དར་མདོ་བོད་ཡིག་སློབ་འབྲིང་དང་། ལྕགས་ཟམ་རྫོང་བོད་ཡིག་སློབ་འབྲིང་། དཀར་མཛེས་རྫོང་བོད་ཡིག་སློབ་འབྲིང་། ཉག་ཆུ་རྫོང་བོད་ཡིག་སློབ་འབྲིང་། སྡེ་དགེ་རྫོང་བོད་ཡིག་སློབ་འབྲིང་སོགས་སུ་བརྡ་སྦྱོར་ཞིག་བཏང་བའི་ནང་། ཕྱི་ལོ་ ༢༠༢༤ ལོ་ནས་སློབ་གྲྭ་དེ་དག་གི་ནང་བོད་ཡིག་སློབ་ཁྲིད་བྱས་མི་ཆོག་པའི་ཁར། སང་ལོ་ནས་ཀློག་དེབ་སོགས་ཚང་མ་རྒྱ་ཡིག་ཏུ་བསྒྱུར་ནས། རྩིས་རིག་དང་དངོས་ཁམས། རྫས་འགྱུར་གཙོས་སློབ་ཚན་ཚང་མ་རྒྱ་ཡིག་ཁོ་ནའི་ནང་སྦྱང་དགོས་པའི་བཙན་བཀའ་བཏང་ཡོད་འདུག

 འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་འདི་གའི་གསར་འགོད་པར།  རྒྱ་ནག་གཞུང་གིས་གནོན་ཤུགས་དང་བཙན་བཀའ་གཞིར་བཟུང་། ད་ལོ་ནི་དཀར་མཛེས་ཁུལ་གྱི་མངའ་ཁོངས་སུ་ཡོད་པའི་སློབ་འབྲིང་དེ་དག་ནང་བོད་ཡིག་སློབ་ཚན་སློབ་པའི་ལོ་མཐའ་མ་དེ་ཆགས་ཡོད་ཅིང་།  སང་ལོ་ནས་ད་ལྟ་བོད་ཡིག་སློབ་ཁྲིད་བྱེད་མུས་ཡིན་པའི་སློབ་འབྲིང་དེ་དག་གིས་སློབ་མཚམས་འཇོག་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་ལ། སྤྱིར་སློབ་གྲྭ་དེ་དག་ནང་རྒྱ་ནག་གཞུང་ཕྱོགས་ཀྱིས་བོད་ཡིག་སློབ་མཚམས་འཇོག་དགོས་པའི་བརྡ་སྦྱོར་ཞིག་འབྱོར་ཡོད་ཀྱང་། བརྡ་སྦྱོར་དེ་མི་མང་ལ་སྟོན་གྱི་མེད་སྐོར་སོགས་བརྗོད་བྱུང་།

 ཡང་ཁོང་གིས། སྤྱིར་དཀར་མཛེས་ཁུལ་གྱི་མངའ་ཁོངས་སུ་བོད་པའི་སློབ་འབྲིང་མང་པོ་ཞིག་ཡོད་རེད་དེ།  བོད་ཡིག་སློབ་ཁྲིད་བྱེད་མུས་ཡིན་པའི་སློབ་གྲྭ་ལྔ་དྲུག་ཙམ་ལས་མེད་པ་དང་། སང་ལོ་ནས་སློབ་གྲྭ་དེ་དག་གི་ཁྲིད་གཞི་དང་ཀློག་དེབ་ཚང་མ་རྒྱ་ཡིག་ཏུ་བསྒྱུར་ནས། རྒྱ་ཡིག་གཙོས་ཨང་རྩིས་དང་། དངོས་ཁམས། རྫས་རིགས་སོགས་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱ་རྒྱུ་ཡིན་སྐོར་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ ནས་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་དུའང་བོད་ཡིག་སློབ་ཁྲིད་བྱེད་མུས་ཡིན་པའི་སློབ་གྲྭ་ཁག་གིས་བོད་ཡིག་སློབ་མཚམས་འཇོག་དགོས་པའི་བརྡ་ཁྱབ་བཏང་ཡོད་སྐོར་སོགས་བརྗོད་བྱུང་།

རྒྱལ་སྤྱིའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་སྙན་ཐོ་ལྟར་ན། རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་བརྒྱ་ཆ་བདུན་ཅུ་ལྷག་དང་། བོད་པའི་སློབ་མ་བཞིའི་ནང་གི་སློབ་མ་གསུམ་བཙན་གྱིས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་ཁག་ཏུ་འཇུག་གི་ཡོད་ཅིང་། ད་སྔ་བར་ལོ་ ༦ ནས་ ༡༨ བར་ཡིན་པའི་བོད་པའི་སློབ་མ་ཁྱོན་འབུམ་ ༨ ནས་ ༩ བར་དབང་སྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ནང་གཏན་སྡོད་བྱེད་མུས་ཡིན་པ་དང་། བྱིས་པ་ལོ་བཞི་དང་ལྔ་ཅན་ཡང་སློབ་གྲྭ་དེ་དག་གི་ནང་བཙན་གྱིས་འཇུག་གི་ཡོད་སྐོར་སོགས་གསལ་ཡོད་འདུག

གཞན་ཡང་། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༨ ཉིན་རྒྱ་ནག་གཞུང་གིས་མགོ་ལོག་དར་ལོག་ནས་སེང་འབྲུག་སྟག་རྩེའི་བཅའ་སྡོད་སློབ་གྲྭ་གཙོས་མགོ་ལོག་རྨ་ཆེན་རྫོང་ནས་སློབ་གྲྭ་གསུམ་དང་། དགའ་བདེ་ནས་སློབ་གྲྭ་གཅིག གཅིག་སྒྲིལ་གྱི་སློབ་གྲྭ་གཉིས་བཅས་ཁྱོན་བོད་མི་རང་གི་སྒེར་གཉེར་སློབ་གྲྭ་ ༧ སྒོ་བརྒྱབ་བཅུག་ཡོད་ཅིང་།  འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་སའི་སློབ་གྲྭ་དང་དགོན་སྡེ་ཁག་བཙན་གྱིས་སྒོ་བརྒྱབ་འཇུག་གི་ཡོད་པ་མ་ཟད། བོད་ནང་གི་རྩོམ་པ་པོ་དང་མཁས་དབང་མང་པོ་ཞིག་ལ་ནག་ཉེས་སྣ་ཚོགས་གཡོག་ནས་འབུར་འཇོམས་གཏོང་གིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

ཆུ་ཚོད་ ༢ སྔོན་ལ།
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

ཆུ་ཚོད་ ༥ སྔོན་ལ།
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧
དྲ་ལམ་གྱི་པར།
Mobile App

བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་།

༢༠༢༦/༠༩/༡༧
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese