མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཨོ་གླིང་གི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་ཨོ་གླིང་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ལ་མཇལ་འཕྲད་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་འཛམ་གླིང་ཞི་བདེར་གལ་ཆེན་ཆགས་ཡོད་སྐོར་གསུངས་འདུག

སྲིད་སྐྱོང་མཆོག་གིས་ཨོ་གླིང་ནེའུ་སོ་ཐི་ཝེ་ལ་ིསིའི་གྲོས་ཚོགས་ཚོགས་ཁང་དུ་གསུང་བཤད་། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༣།༠༦།༡༩

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར།  དེ་རིང་ཚེས་ ༡༩ ཉིན་རྒྱབ་ཨོ་གླིང་ནེའུ་སོ་ཐི་ཝེ་ལི་སི་(New South Wales) མངའ་སྡེའི་གྲོས་ཚོགས་ཚོགས་ཁང་དུ།ཨོ་གླིང་བོད་དོན་ལྷན་ཚོགས་ (Australia Tibet Council) དང་ཨོ་གླིང་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱི་གོ་སྒྲིག་འོག  སྲིད་སྐྱོང་མཆོག་གིས་བཙན་བྱོལ་ནང་གི་དམངས་གཙོ་དང་འབྲེལ་བའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ཅིང་།  སྐབས་དེར་མངའ་སྡེའི་གྲོས་ཚོགས་འཐུས་མི་མེ་ཁེལ་རེ་གྷན་ (Micheal Regan) ལགས་དང། མངའ་སྡེའི་གྲོས་ཚོགས་འཐུས་མི་ཇཱེ་མེ་སི་གྷི་རི་ཧྥིན་(James Griffin) ལགས། ཨོ་གླིང་ཨེ་སི་བྷི་ཨེ་སི་གསར་ཁང་ (SBS News) གི་གསར་འགོད་པ་ཀར་ལ་ (Karla Grant) ལགས་ཀྱིས་ལས་རིམ་མདོ་འཛིན་གནང་ཡོད་འདུག དེ་རིང་སྔ་དྲོ་ཨོ་གླིང་ཉིན་རེའི་གསར་ཤོག་ (Sydney Morning Herald) གི་གསར་འགོད་པ་ (Mathew Knott) ལགས་ཀྱི་བཅར་འདྲིར་ལན་འདེབས་གནང་ཡོད་འདུག  

ཁ་སང་ཕྱི་ཚེས་ ༡༨ ཉིན་སྲིད་སྐྱོང་མཆོག་གིས་སི་ཌི་ནི་འཕྲུལ་རིག་གཙུག་ལག་སློབ་གཉེར་ཁང་དུ། ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཞིབ་འཇུག་ཚོགས་ཆུང་ (Asia Pacific Research Group)དང་། སྤྱི་ཚོགས་དང་ཆབ་སྲིད་ཚན་རིག་སྡེ་ཚན་གཉིས་ཀྱི་གོ་སྒྲིག་འོག   བོད་རྒྱའི་དཀའ་རྙོག་སེལ་རྒྱུ་ནི་འཛམ་གླིང་ཞི་བདེར་གལ་ཆེན་ཆགས་ཡོད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ཅིང་། སྐབས་འདིའི་འདུ་འཛོམས་ཐོག་རྒྱ་ནག་དམངས་གཙོ་དོན་གཉེར་བ་དང་། མཁས་དབང་། རྩོམ་པ་པོ། བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་མི་བཅས་མཉམ་ཞུགས་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་ནས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟའི་ཆར་བོད་རྒྱའི་དཀའ་རྙོག་དེ་དབུ་མའི་ལམ་གྱི་སྲིད་ཇུས་འོག་སེལ་ཐབས་གནང་བཞིན་ཡོད་པའི་སྐོར་གསུང་བཤད་གནང་འདུག

སྲིད་སྐྱོང་མཆོག་ཨོ་གླིང་གྲོས་ཚོགས་འཐུས་མི་སོ་ཧྥེས་ཤི་ཁཱམ་ཕི་སི་ལགས་མཇལ་འཕྲད། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༣།༠༦།༡༨

ཉིན་གུང་སི་ཌི་ནི་གྲོང་ཁྱེར་གྱི་གྲུ་ཁ་གསར་པ་རུ། གྲོས་ཚོགས་འཐུས་མི་ལྕམ་སོ་ཧྥེས་སི་ཁཱམ་ཕི་སི་(Dr Sophie Scamps)་ལགས་ཀྱིས་སྲིད་སྐྱོང་མཆོག་ཨོ་གླིང་དུ་འཚམས་གཟིགས་སུ་ཕེབས་པར་གསོལ་སྟོན་ཞིག་གོ་སྒྲིག་གནང་ཡོད་ཅིང་། སྐབས་དེར་ས་གནས་ཀྱི་གནད་ཡོད་མི་སྣ་དང་། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་མཉམ་ཞུགས་གནང་འདུག

དེ་བཞིན་ཁ་སང་སྔ་དྲོར་སྲིད་སྐྱོང་མཆོག་གིས་སི་ཌི་ནི་གྲོང་ཁྱེར་གྱི་ས་གནས་བོད་རིགས་གཞོན་སྐྱེས་དང་། དྭང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་བ་བཅས་མི་གྲངས་བརྒྱ་ལྷག་ལ་ཐུག་འཕྲད་གནང་ཡོད་ཅིང་། སྐབས་དེར་བོད་ཀྱི་ལོ་རྒྱུས་དང་། ས་བབ་ཆགས་སྟངས། ཁོར་ཡུག་གི་གནས་བབ། བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་མ་ཟད། གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་བྱས་ནས་དེབ་ཀློག་དགོས་པ་གལ་ཆེ་བའི་སྐོར་གསུངས་ཏེ་མི་མང་གི་དྲི་བར་ལན་འདེབས་གནང་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་སི་ཌི་ནི་གྲོང་ཁྱེར་དུ་སྲིད་སྐྱོང་མཆོག་ནས་གཟའ་མཇུག་བོད་ཡིག་སློབ་གྲྭར་འཚམས་གཟིགས་དང་། དེ་གའི་དགེ་ལས་དང་། ཕ་མ་སློབ་ཕྲུག་རྣམས་ལ་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་པར་ཕ་མ་རྣམས་ཀྱིས་འོས་འགན་དྭང་དུ་བླངས་ནས་སོ་སོའི་བུ་ཕྲུག་གི་རྒྱུད་དུ་རང་ཉིད་ཀྱི་རིག་གཞུང་སྦྱང་བརྩོན་དགོས་པའི་བག་ཆགས་བཟང་པོ་འཇོག་དགོས་སྐོར་གསུང་བཤད་གནང་ཡོད་འདུག

སྲིད་སྐྱོང་མཆོག་གིས་ཨོ་གླིང་སི་ཌི་ཌི་འཕྲུལ་རིག་གཙུག་ལག་སློབ་གླིང་དུ་གསུང་བཤད་གནང་བ། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༣།༠༦།༡༨

ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་གིས་ཨོ་གླིང་ཁུལ་གྱི་བོད་རིགས་མི་མང་ལ་ཐུག་འཕྲད་དང་གསུང་བཤད་གནང་ཡོད་སྐབས། སྲིད་སྐྱོང་མཆོག་གིས་ད་ལྟའི་བཀའ་ཤག་གི་ཆབ་སྲིད་ལངས་ཕྱོགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་བརྟན་བཟོ་བྱེད་ཐབས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་རྒྱུན་གནས་བྱེད་ཐབས། རྗེས་འབྱོར་བོད་མིའི་སྡོད་ཁང་དཀའ་ངལ་སེལ་ཐབས། ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་ཁྲིམས་འཆར་གསར་པའི་སྐོར། རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུགས་ཤུགས་ཆེ་གནང་དགོས་སྐོར་སོགས་གསུངས་འདུག

སྲིད་སྐྱོང་མཆོག་གི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་གོ་སྒྲིག་འོག བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་ཞི་བདེ་ཡོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་དང་། ཨེ་བྷི་སི་གསར་ཁང་གི་ཐད་གཏོང་བྱ་རྒྱུ་ཡིན་འདུག ཕྱི་ཚེས་ ༢༢ ཉིན་ཨོ་གླིང་ཨིན་ཌི་ཡ་སློབ་གཉེར་ཁང་གིས་གདན་ཞུས་ལྟར། རྒྱ་གར་དང་བོད་ཀྱི་གནའ་དེང་གི་འབྲེལ་བའི་སྐོར་གསུང་བཤད་གནང་རྒྱུ་དང་། ཕྱི་ཚེས་ ༢༣ ཉིན་སྲིད་སྐྱོང་མཆོག་བོད་ཀྱི་རོལ་དབྱངས་དུས་སྟོན་ཐོག་ཕེབས་རྒྱུ་ཡིན་པ་མ་ཟད། མདོ་འཛིན་པ་སཱ་རཱ་ཧ་ཀཱ་ནོ་སི་ཁི་(Sarah Kanowski)་དང་མཉམ་དུ་ཨེ་བྷི་སི་རླུང་འཕྲིན་ཁང་དུ་བོད་ཀྱི་རིག་གཞུང་དང་གནམ་གཤིས་གནས་སྟངས་སྐོར་བགྲོ་གླེང་གནང་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

[1/5] Australia's Foreign Affairs Minister Penny Wong speaks during the Maritime Cooperation Forum of the ASEAN-Australia Special Summit, in Melbourne, Australia March 4, 2024. REUTERS/Jaimi Joy Purchase Licensing Rights
Mobile App

ཨོ་གླིང་གིས་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ཆེད་དུ་ཨ་སྒོར་ས་ཡ་ ༤༡།༨ འགྲོ་གྲོན་གཏང་འཆར་འདུག

༢༠༢༤/༠༣/༠༤
སྲིད་སྐྱོང་མཆོག་གིས་ཨོ་གླིང་གི་གསར་འགོད་པ་རྣམས་ལ་བོད་དོན་ཐོག་གཏམ་བཤད་གནང་། ཐད་གཏོང་ནས་བླངས། ༢༠༢༣།༦།༢༡
Mobile App

སྲིད་སྐྱོང་མཆོག་གིས་ཨོ་གླིང་གི་གསར་འགོད་པ་རྣམས་ལ་བོད་དོན་ཐོག་གཏམ་བཤད་གནང་།

༢༠༢༣/༠༦/༢༡
ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས། ༢༠༢༣།༠༦།༡༤ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་དྷ་རམ་སར་ཕེབས། 

༢༠༢༣/༠༦/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese