མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གི་མགོ་འཁྲིད་ལ་བོད་དོན་གླེང་སློང་གནང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཕྱི་འབྲེལ་བློན་ཆེན་སྐུ་ཞབས་བྷི་ལིན་ཀན་མཆོག་རྒྱ་ནག་ནང་དུ་ཕེབས་ཏེ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་དང་ལྷན་དུ་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ཧོང་ཀོང་སོགས་ལ་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་བྱེད་བཞིན་ཡོད་པར་ཐུགས་འཚབ་ཆེན་པོས་གླེང་སློང་གནང་ཡོད་སྐོར་བསྒྲགས་འདུག

US Secretary of State Antony Blinken Meets Chinese President Xi Jinping. photo: AFP .19th June 2023

ཉེ་སྔོན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བདུན་ཕྲག་གོང་མའི་གཟའ་མཇུག་ཙམ་ལ་ཕྱི་འབྲེལ་བློན་ཆེན་ཨན་ཐོ་ནེ་བྷི་ལིན་ཀན་ (Antony Blinken) མཆོག་རྒྱ་ནག་ཏུ་ཕེབས་ཏེ།  ཨ་རྒྱ་གཉིས་བར་བྱུང་དང་འབྱུང་བཞིན་པའི་དཀའ་རྙོག་སོགས་ཀྱི་ཐོག་གྲོས་མོལ་གནང་རྒྱུ་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༩ ཉིན་ཕྱི་འབྲེལ་བློན་ཆེན་མཆོག་གིས་རྒྱ་ནག་དམར་ཤོག་གཞུང་གི་མགོ་ཁྲིད་ཞི་ཅིན་ཕིང་དང་ཕྱི་འབྲེལ་བློན་ཆེན་ཆིན་ཀང་གི་གཙོས་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་སྟེ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་བརྟན་པོར་ཚུགས་པར་མཉམ་ལས་མུ་མཐུད་བྱེད་པར་གྲོས་མཐུན་བྱུང་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག་ལ། ད་ལན་གྱི་གཞུང་འབྲེལ་ཕྱོགས་ཕེབས་དེ་ནི་ཕྱི་ལོ་ ༢༠༡༩ ལོ་སྟེ་མི་ལོ་ ༥ ཡི་རྗེས་སྲིད་འཛིན་བྷའེ་ཌིན་གཞུང་གི་ཆེས་མཐོའི་མགོ་འཁྲིད་ཅིག་རྒྱ་ནག་ཏུ་ཕེབས་པ་ཐེངས་དང་པོ་ཡིན་པ་རེད།

དེའི་ཐད་ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་གི་སྒེར་གྱི་ཊུ་ཝེ་ཊར་དུ། ད་ལན་རྒྱ་ནག་གི་མགོ་ཁྲིད་ཞི་དང་དོན་སྙིང་ལྡན་པའི་ཁ་བརྡ་ཞིག་བྱེད་ཁོམ་བྱུང་ལ། ཐུག་འཕྲད་སྐབས་ཨ་རྒྱ་གཉིས་ཀྱི་མཉམ་རུབ་ཀྱི་འགན་འཁྲི་ཚུད་པའི་གནད་དོན་གལ་ཆེན་གྱི་ཐད་ལ་གྲོས་བསྡུར་གནང་ཡོད་སྐོར་དང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས། ཕྱི་སྲིད་བློན་ཆེན་མཆོག་རྒྱ་ནག་ཏུ་ཕེབས་པ་བརྒྱུད། ཨ་རྒྱ་གཉིས་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐད་ལ་གྲོས་བསྡུར་བྱས་ཡོད་ཅིང་། ཁོང་གི་ཕྱོགས་ཕེབས་བརྒྱུད་དེ་ཨ་རྒྱ་གཉིས་ཀྱི་སྐུ་ཚབ་ཚོགས་མི་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་དུ་ཚུགས་ཐུབ་པར་གྲུབ་འབྲས་ཐོན་ཐུབ་པའི་རེ་བ་ཡོད་ལུགས་བརྗོད་འདུག

དེ་རིང་སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྐུ་ཚབ་ཚོགས་ཆུང་གིས་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་གནད་དོན་དང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྒྲིག་བྱས་པའི་གནད་དོན། དེ་བཞིན་རྒྱ་ནག་གཞུང་གིས་ཐའེ་ཝན་གཙོས་ལྷོ་དང་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་མང་པོ་ཞིག་ལ་གནོན་ཤུགས་སྤྲོད་མུས་ཡིན་པ་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་ལ་གླེང་སློང་གནང་ཡོད་འདུག ཡིན་ནའང་། ཨ་རྒྱ་གཉིས་ཀྱི་དམག་དོན་གདོང་ཐུག་དང་རྙོག་གླེང་ཡང་ཡང་འབྱུང་གི་ཡོད་པ་མ་ཟད།  ལྷག་པར་ཐའེ་ཝན་གྱི་གནམ་མཚོ་གཉིས་སུ་རྒྱ་ནག་གཞུང་གིས་དྲག་དམག་ཡང་ཡང་མངག་གཏོང་བྱས་ཏེ་ཨ་རྒྱ་གཉིས་ཀྱི་བར་དུ་རྙོག་གླེང་འབྱུང་གི་ཡོད་ཀྱང་། ད་ལན་གྱི་ཐུག་འཕྲད་སྐབས་ཨ་རྒྱ་གཉིས་ཀྱི་དམག་དོན་ཐད་གླེང་སློང་གནང་ཐུབ་མེད་པ་མ་ཟད། རྒྱ་ནག་ཕྱོགས་ནས་དམག་དོན་དང་འབྲེལ་བའི་གནད་དོན་ཐད་གླེང་སློང་བྱ་འདོད་མེད་པའི་རྣམ་འགྱུར་བསྟན་ཡོད་སྐོར་བཀོད་འདུག དེའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་བྱང་ཨ་མེ་རི་ཁ་དང་རྒྱ་མཚོའི་ལས་དོན་འགན་འཛིན་ཡང་ཐའོ་ (Yang Tao) ཡིས། ཨ་རྒྱ་གཉིས་ཀྱི་དམག་དོན་ཐད་གྲོས་བསྡུར་བྱེད་པར་ཨ་རིས་དམག་དོན་གྱི་འགོག་རྐྱེན་དེ་དག་མེད་པར་བཟོ་དགོས། ཞེས་བརྗོད་འདུག

ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་མི་ལིར་(Matthew Miller) མཆོག་གིས། སྐུ་ཞབས་བྷི་ལི་ཀན་མཆོག་གི་རྒྱ་ནག་གི་ཕྱོགས་ཕེབས་འདི་དང་བསྟུན། ཨ་རྒྱ་གཉིས་ཀྱི་སྲིད་འབྱོར་གཉིས་ཀྱི་གནད་དོན་མང་པོ་ཞིག་གི་ཐད་ལ་གླེང་སློང་དང་གྲོས་བསྡུར་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ཧོང་ཀོང་། དེ་བཞིན་མི་སྒེར་མང་པོ་ཞིག་ལ་དྲག་གནོན་དང་གནོན་ཤུགས་སྤྲོད་ཀྱིན་ཡོད་པར་སེམས་འཚབ་ཆེན་པོས་གླེང་སློང་དང་། ཨ་རིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་བདེ་འཇགས་སོགས་ཀྱི་ཐད་ལ་དོ་ཁུར་ཆེན་པོ་གནང་ཡོད་སྐོར་བརྗོད་འདུག

Antony Blinken Meets China’s Foreign Minister Qin Gang. photo:AFP.18 June 2023

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཕྱི་འབྲེལ་བློན་ཆེན་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་ (Qin Gang) ལ་ཐུག་འཕྲད་གནང་སྟེ། ཕྱོགས་གཉིས་ཀྱི་ཕྱི་སྲིད་ཀྱི་ལས་དོན་གཙོ་བོར་གྱུར་བའི་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱེད་མུས་ཡིན་པའི་གནད་དོན་དང་། ཐའེ་ཝན་གྱི་གནད་དོན། ཨ་རྒྱ་གཉིས་ཀྱི་ཕྱི་འབྲེལ་ལས་དོན་དང་ཚོང་འབྲེལ། དེ་བཞིན་མཉམ་ལས་གོང་མཐོར་གཏང་རྒྱུའི་ཐད་གྲོས་མོལ་གནང་ཡོད་འདུག

སྤྱིར་ཨ་རིའི་ཕྱི་འབྲེལ་བློན་ཆེན་མཆོག་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༥ ནས་ ༦ བར་ཉིན་གྲངས་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕེབས་ཏེ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་དང་ཕྱི་འབྲེལ་མི་སྣ་སོགས་སུ་ཐུག་འཕྲད་གནང་འཆར་ཡོད་ཀྱང་། ཟླ་དེའི་ཕྱི་ཚེས་ ༢ ཉིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་གཞུང་གིས་ཨ་རིའི་མཁའ་ཁུལ་དུ་མྱུལ་ཞིབ་ལྒང་ཕུག་ (surveillance balloon) ཅིག་ཆེད་གཏོང་གིས་གསང་བའི་ལྟ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་བསྒྲགས་རྗེས།  བློན་ཆེན་མཆོག་རྒྱ་ནག་ཏུ་ཕེབས་རྒྱུའི་གཞུང་འབྲེལ་ཕྱོགས་སྐྱོད་དེ་གློ་བུར་ཕྱིར་འགྱངས་གནང་དགོས་བྱུང་ཡོད་པ་རེད།

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་ཁུལ་དུ་གནམ་མཚོ་གཉིས་ཀྱི་དྲག་རྒོལ་དམག་མི་མངག་གཏོང་བྱས་ཏེ། ཐའེ་ཝན་གཞུང་མང་གཉིས་ལ་སུན་གཙེར་ཡང་ཡང་བཟོས་དང་བཟོ་མུས་ཡིན་སྟབས། ཨ་རིས་ཐའེ་ཝན་གཙོས་ཨེ་ཤ་ཡའི་མཚོ་གླིང་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་དམག་ཤུགས་སྐྱེད་པར་རྒོལ་ལན་ཡང་ཡང་སློག་གི་ཡོད་པ་མ་ཟད། འདས་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སེ་པེ་ལོ་སི་མཆོག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་དང་བཙན་བཀའ་སྣང་མེད་དུ་བཞག་ནས། ཐའེ་ཝན་དུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་རྗེས། ཕྱོགས་ཡོངས་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་གྱུར་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨ་རིས་ཐའེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་སླད་རོགས་འདེགས་བྱེད་མུས་ཡིན་པ་དེར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Chinese President Xi Jinping and US President Joe Biden take a walk after their talks at the Filoli estate in the US state of California on US local time November 15, 2023. Photo: Xinhua
Mobile App

ཨ་རིའི་སྲིད་འཛིན་མཆོག་གིས་ཞི་ཅིན་ཕིང་ལ་བོད་དོན་གླེང་སློང་གནང་ཡོད་འདུག 

༢༠༢༣/༡༡/༡༧
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་ཡིན་པའི་རྒྱ་ནག་གི་གསང་ཉུལ་བ་འགོག་རྒོལ་གྱི་ཁྲིམས་དེབ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༥/༡༥
US Secretary of State Antony Blinken at Freedom House’s annual Freedom Awards on May 9, 2023.
Mobile App

ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ནས་བོད་མིའི་རིགས་རྫས་བསྡུ་རུབ་ལ་ཐུགས་འཚབ་ཡོད་སྐོར་གསུངས།

༢༠༢༣/༠༥/༡༡
Finnish Foreign Affairs Minister Pekka Haavisto shakes hands with Secretary of State Antony Blinken in Brussels on Tuesday. NATO Secretary-General Jens Stoltenberg is between them. AFP - Getty Images
Mobile App

ཧྥིན་ལེན་ཌི་རྒྱལ་ཁབ་རྒྱལ་སྤྱིའི་ནུབ་ཆིངས་སྒྲིག་འཛུགས་སུ་ཞུགས།

༢༠༢༣/༠༤/༠༦
China stays away from G20 meet in Arunachal Pradesh. Photo :Times Of India .
Mobile App

རྒྱ་ནག་གིས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ལ་མཉམ་ཞུགས་བྱས་མེད་པ་རེད།

༢༠༢༣/༠༣/༢༧
Mobile App

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཡོད།

༢༠༢༣/༠༣/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese