མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཨོ་གླིང་གི་གསར་འགོད་པ་རྣམས་ལ་བོད་དོན་ཐོག་གཏམ་བཤད་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨོ་གླིང་ནང་གི་གསར་འགོད་པ་སོགས་ལ་བོད་ནང་གི་གནས་སྟངས་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སོགས་ཀྱི་ཐོག་གཏམ་བཤད་གནང་།

སྲིད་སྐྱོང་མཆོག་གིས་ཨོ་གླིང་གི་གསར་འགོད་པ་རྣམས་ལ་བོད་དོན་ཐོག་གཏམ་བཤད་གནང་། ཐད་གཏོང་ནས་བླངས། ༢༠༢༣།༦།༢༡

དེ་རིང་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་གོ་སྒྲིག་འོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་ཞི་བདེ་ཡོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་ཁོང་གིས་འབྱུང་འགྱུར་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་ཚེ།  བོད་རྒྱའི་འབྲེལ་ལམ་ཡག་པོ་ཡོང་ཐུབ་པའི་ཁར། རྒྱལ་ཁབ་གཞན་གྱི་བདེ་འཇགས་སོགས་ལ་གནོད་འཚེ་གཏོང་མི་སྲིད་སྐོར་སོགས་གསུངས་སོང་།

 སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་པས་ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་རང་དབང་ཞེས་པའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། འདས་པའི་ལོ་གཅིག་ནང་འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་དང་ས་སྐྱོང་ས་ཚིགས་ ༢༡༠ ཡི་སྤྱི་དམངས་རང་དབང་དང་། ཆབ་སྲིད་ཁེ་དབང་གི་གནས་སྟངས་སོགས་ཀྱི་ཐད་ཉམས་ཞིབ་བྱས་ཏེ། བོད་དེ་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་ཡིན་པའི་ངོས་འཛིན་བྱས་ཡོད་པ་ལྟར། དོན་དངོས་སུ་བོད་ནང་དུ་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ་རང་དབང་མེད་པ་དང་། བོད་ནང་གི་གནས་སྟངས་དང་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱེད་ཆོག་གི་མེད་པའི་སྐོར། གཞན་ཡང་ཕྱི་མི་ནང་དུ་བསྐྱོད་པར་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་དང་བྱེད་མུས་ཡིན་པའི་ཁར། བོད་མི་ལ་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་མེད་པར་བརྟེན། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༧ ཙམ་གྱིས་རང་ལུས་མེར་བསྲེགས་པའི་སྐོར། བོད་ནང་དུ་ཆོས་དད་རང་མོས་མེད་པའི་སྐོར། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཐད་ལ་ཐེ་ཇུས་བྱེད་བཞིན་ཡོད་པའི་སྐོར། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་གང་འདྲ་ཡོད་མེད་ཤེས་ཀྱི་མེད་སྟབས།  རྒྱལ་སྤྱིའི་ཚོགས་པ་ཁག་མང་པོ་ཞིག་གིས་ཁོང་ཉིད་འཕྲལ་དུ་ཀློད་གྲོལ་གཏང་དགོས་པའི་འབོད་སྐུལ་ཐེངས་མང་ཞུ་དགོས་སྐོར་སོགས་གསུངས་སོང་།

 ཁོང་གིས། རྒྱ་གཞུང་གིས་བོད་ནང་དུ་འགྲོ་འོང་བཀག་སྡོམ་སོགས་བྱས་ཏེ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། བྱིས་པ་ཚུད་པའི་བོད་མིའི་རིགས་རྫས་བསྡུ་རུབ་བྱས་དང་བྱེད་མུས་ཡིན་ལ།  བོད་ཕྲུག་མང་པོ་ཞིག་ཕ་མ་དང་ཁ་བྲལ་དུ་བཅུག་ནས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་བཙན་གྱིས་བཅུག་སྟེ། རྒྱ་སྒྱུར་སློབ་གསོ་སྤྲོད་ཀྱི་ཡོད་པའི་སྐོར། རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་རྒྱ་ནག་གི་རང་སྐྱོང་ས་ཚིགས་ཁག་དང་། བོད་ནང་གི་ས་གནས་ཁག་ཏུ་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་སྟེ། བོད་ཀྱི་ན་གཞོན་མང་པོ་ཞིག་བཙན་གྱིས་རྒྱ་ནག་ཏུ་མངག་གཏོང་བྱེད་ཀྱི་ཡོད་སྐོར་དང་། ཕྱི་ལོ་ ༢༠༠༠ ཙམ་ནས་རྒྱ་ནག་གཞུང་གིས་ཆུ་མཛོད་མང་པོ་ཞིག་གསར་རྒྱག་དང་།  མེ་འཁོར་དང་གནམ་གྲུ་འབབ་ཚུགས་སོགས་གསར་འཛུགས་བྱས་ཏེ། བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བརླག་ཚད་མེད་བཏང་ཡོད་པ་དང་། ཨེ་ཤ་ཡའི་རྒྱུག་ཆུ་མང་པོ་ཞིག་བོད་མཐོ་སྒང་གི་འཁྱག་རོམ་སོགས་ལ་བརྟེན་ནས་བཞུར་གྱིན་ཡོད་སྟབས། བོད་ནི་ཨེ་ཤ་ཡའི་ཆུ་མཛོད་དང་། འཛམ་གླིང་གི་སྣེ་མོ་གསུམ་པ་ཡིན་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ཨོ་གླིང་གི་གསར་འགོད་པ་རྣམས་ལ་བོད་དོན་ཐོག་གཏམ་བཤད་གནང་། ཐད་གཏོང་ནས་བླངས། ༢༠༢༣།༦།༢༡

 ཡང་སྲིད་སྐྱོང་མཆོག་གིས། ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་བར་ས་མཚམས་རྩོད་རྙོག་མང་པོ་ཡོང་གི་ཡོད་པ་དང་། རྒྱ་ནག་གི་དམག་ཤུགས་རྒྱ་སྐྱེད་དེ་ཕྱིའི་རྒྱལ་ཁབ་མང་པོའི་བདེ་འཇགས་ལ་དཀའ་ངལ་ཆེན་པོ་བཟོ་ཡི་ཡོད་པར་བརྟེན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་རྒྱའི་དཀའ་རྙོག་ནི་འཚེ་མེད་ཞི་བ་དང་གྲོས་མོལ་ཁོ་ནའི་ལམ་ནས་སེལ་ཐབས་བྱེད་དགོས་གལ་ཆེ་སྐོར་གསུངས་ཡོད་པ་དང་། གལ་ཏེ་འབྱུང་འགྱུར་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་ཚེ། ས་ཁུལ་ཡོངས་ལ་ཞི་བདེ་ཡོང་སྲིད་པ་དང་། བོད་དང་རྒྱ་ནག་གི་འབྲེལ་ལམ་ཡག་པོ་ཡོང་བ།  རྒྱལ་ཁབ་གཞན་གྱི་དེ་འཇགས་ལའང་ཉེན་ཚབས་མེད་སྐོར་དང་། རྒྱ་ནག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་འཆད་ཀྱི་ཡོད་ཀྱང་། དོན་དངོས་སུ་བོད་དེ་རྒྱ་ནག་གི་ཆ་ཤས་མིན་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་གི་མཛད་འཆར་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཨོ་གླིང་ཨིན་ཌི་ཡ་སློབ་གཉེར་ཁང་གིས་གདན་ཞུས་ལྟར། རྒྱ་གར་དང་བོད་ཀྱི་གནའ་དེང་གི་འབྲེལ་བའི་སྐོར་གསུང་བཤད་གནང་རྒྱུ་དང་། ཕྱི་ཚེས་ ༢༣ ཉིན་སྲིད་སྐྱོང་མཆོག་བོད་ཀྱི་རོལ་དབྱངས་དུས་སྟོན་ཐོག་ཕེབས་རྒྱུ་ཡིན་པ་མ་ཟད། མདོ་འཛིན་པ་སཱ་རཱ་ཧ་ཀཱ་ནོ་སི་ཁི་(Sarah Kanowski) དང་མཉམ་དུ་ཨེ་བྷི་སི་རླུང་འཕྲིན་ཁང་དུ་བོད་ཀྱི་རིག་གཞུང་དང་གནམ་གཤིས་གནས་སྟངས་སྐོར་བགྲོ་གླེང་གནང་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

[1/5] Australia's Foreign Affairs Minister Penny Wong speaks during the Maritime Cooperation Forum of the ASEAN-Australia Special Summit, in Melbourne, Australia March 4, 2024. REUTERS/Jaimi Joy Purchase Licensing Rights
Mobile App

ཨོ་གླིང་གིས་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ཆེད་དུ་ཨ་སྒོར་ས་ཡ་ ༤༡།༨ འགྲོ་གྲོན་གཏང་འཆར་འདུག

༢༠༢༤/༠༣/༠༤
སྲིད་སྐྱོང་མཆོག་ཨོ་གླིང་གྲོས་ཚོགས་འཐུས་མི་སོ་ཧྥེས་ཤི་ཁཱམ་ཕི་སི་ལགས་མཇལ་འཕྲད། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༣།༠༦།༡༨
Mobile App

སྲིད་སྐྱོང་མཆོག་གིས་ཨོ་གླིང་གི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་།

༢༠༢༣/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese