མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཤིང་སྡོང་ ༡༡༣ བཙུགས་ནས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཌལ་ཧོ་སི་རུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙིའི་ཆེད་ཤིང་སྡོང་ ༡༡༣ འདེབས་འཛུགས་བྱེད་བཞིན་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན་ཌལ་ཧོ་སི་རུ་ཤིང་སྡོང་ ༡༡༣ འདེབས་འཛུགས་བྱེད་བཞིན་པ། ༢༠༢༣།༠༦།༢༨

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་ ༨༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཐོན་ལ་ཉེ་བ་དང་སྟབས་བསྟུན། དེ་རིང་ཧི་མ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཌལ་ཧོ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་བོད་མི་བསྟན་འཛིན་བྱམས་ཆེན་ལགས་ཀྱིས་སྣེ་འཁྲིད་དེ། ཌལ་ཧོ་ཁུལ་དུ་ཤིང་སྡོང་ ༡༡༣ བཙུགས་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ནས་༧རྒྱལ་བའི་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་ཡོད་པ་རེད།

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བསྟན་འཛིན་བྱམས་ཆེན་ལགས་སུ་དམིགས་བསལ་ཤིང་སྡོང་ ༡༡༣ འདེབས་འཛུགས་བྱེད་དོན་ཅི་ཡིན་དྲིས་པར་ཁོང་གིས། ཤིང་སྡོང་ ༡༡༣ འདེབས་འཛུགས་བྱེད་པའི་རྒྱུ་མཚན་གཙོ་བོ་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དགུང་གྲངས་ ༡༡༣ བར་དུ་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་བསྩལ་ཡོད་པར་བརྟེན། ༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བཞུགས་རྒྱུའི་རྟེན་འབྲེལ་མཚོན་ཆེད་ཤིང་སྡོང་ ༡༡༣ འདེབས་འཛུགས་བྱེད་ཀྱི་ཡོད། དེ་བཞིན་༧གོང་ས་མཆོག་གིས་ཁོར་ཡུག་གི་ཐོག་ལ་དགོངས་པ་ཆེན་པོ་བཞེས་ཀྱི་ཡོད་པར་བརྟེན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཤར་སྐྱོད་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་ང་ཚོའི་ལས་འགན་ཞིག་ཆགས་ཀྱི་ཡོད་པས། ཁོར་ཡུག་སྲུང་སྐྱོབ་དང་བོད་ཀྱི་བདེན་མཐའ་གསལ་བའི་ཆེད་དུའང་ཤིང་སྡོང་འདེབས་འཛུགས་བྱེད་ཀྱི་ཡོད། མདོར་ན་མི་སྒེར་དང་འཛམ་གླིང་སྤྱི་ལ་ཕན་པའི་དོན་དུ་ཡིན། ཞེས་བརྗོད་བྱུང་།

བསྟན་འཛིན་བྱམས་ཆེན་ལགས་ཀྱིས་གསུངས་པ་ལྟར་ན། ད་ལོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་སྟབས། དེ་རིང་༧སྐུའི་བླ་གཟའ་ལྷག་དཀར་གྱི་ཉིན་དང་བསྟུན། ཌལ་ཧོ་སིའི་རི་མཐོ་ཞིག་གི་སྟེང་དུ་ཤིང་སྡོང་འདེབས་འཛུགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་ཅིང་། ཤིང་སྡོང་འདེབས་འཛུགས་ཀྱི་ལས་འགུལ་དེའི་ནང་ཌལ་ཧོ་སིའི་གཞོན་སྐྱེས་ ༢༡ གིས་དང་བླངས་མཉམ་ཞུགས་བྱས་ཡོད་པ་དང་། ཤིང་སྡོང་འདེབས་འཛུགས་ཀྱི་ལས་གཞི་དེའི་སྦྱིན་བདག་ནི་ཨི་ཊ་ལིར་གནས་བཞུགས་སྒྲོལ་མ་མིག་དམར་ལགས་ཡིན་འདུག

ཕྱི་ལོ་ ༢༠༢༠ ལོར་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཌལ་ཧོ་ས་གནས་བོད་ཀྱི་སྨན་རྩིས་ཁང་གི་ཨམ་རྗེ་བཟོད་པ་ལགས་ཀྱིས་ཤིང་སྡོང་འདེབས་འཛུགས་བྱས་ཡོད་པ་དང་། སྐབས་དེ་དུས་མི་མང་ཚང་མས་མཉམ་རུབ་བྱས་ཏེ་ཤིང་སྡོང་ ༢༠༠ ལྷག་བཏབ་ཡོད་འདུག གཞན་ཡང་། འདས་ལོར་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཌལ་ཧོ་ས་གནས་བོད་མི་ཚོས་སློབ་གྲྭའི་ཕྲུ་གུ་ཚོར་ཉི་གདུགས་དང་སྤྲི་གོར། དེབ། སྨྱུ་གུ། རྔན་པ་སོགས་ཕུལ་ཡོད་འདུག ད་དུང་འདས་ལོའི་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་ས་གནས་མགོ་འཛིན་གྱིས་སྣེ་ཁྲིད་པའི་ཐོག་ནས་ཤིང་སྡོང་ ༥༠༠ ལྷག་འདེབས་འཛུགས་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྐར་མཛད་སྒོ 
བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྲུང་གཙི་ཞུས་སོང་།

༢༠༢༣/༠༧/༠༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག བོད་ཀྱི་དུས་བབ་ཀྱི་སྐུ་པར། ༢༠༢༣།༣།༡༥
Mobile App

བདུན་གཅིག་རིང་རིན་མེད་ཞལ་ལག་ཕུལ་ནས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་གནང་རྒྱུ་ཡིན་འདུག 

༢༠༢༣/༠༦/༣༠
Congratulating the President of India on Her Birthday་. Photo Courtesy: dalailamadotcom
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་རྒྱ་གར་སྲིད་འཛིན་གྱི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༣/༠༦/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist