མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིའི་རིགས་རིག་པའི་ཞིབ་འཇུག་གི་གྲུབ་དོན་ལས་བུད་མེད་ཚོས་སྐྱེས་པ་ལས་ལས་ཀ་ཤུགས་ཆེར་བྱེད་པའི་རྒྱུ་མཚན་བཤད་པ།

བོད་ཀྱི་དུས་བབ།
༢༠༢༣/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ཡོན་ཁྲེན། (Yuan Chen) རུའུ་ཏི་མེ་སི། (Ruth Mace)

བོད་བསྒྱུར་ཞུ་མཁན། འདན་ཀུན་དགའ།

འཛམ་གླིང་འདིའི་སྟེང་གི་མི་ཕལ་མོ་ཆེ་ལ་མཚོན་ན་ལུས་ཤུགས་ངལ་རྩོལ་གྱིས་ཉིན་ལྟར་དུས་ཚོད་དང་ནུས་ཤུགས་མང་ཆེ་བ་རྫོགས་བཞིན་ཡོད། ཡིན་ནའང་ཁྱིམ་ལས་ཁྲོད་དུ་བུད་མེད་དང་སྐྱེས་པ་གཉིས་ཀྱི་སུ་ཞིག་གིས་ལས་ཀ་ཤུགས་ཆེར་བྱེད་ཀྱི་ཡོད་མེད་ཐག་གཅོད་ནུས་སམ། རྔོན་ལས་ཀྱི་སྤྱི་ཚོགས་ཕལ་མོ་ཆེའི་ཁྲོད་དུ་སྐྱེས་པ་རྣམས་ནི་རྔོན་པ་དང་བུད་མེད་རྣམས་ནི་བསྡུ་ལེན་བྱེད་མཁན་དེ་ཡིན་ལ། སྐྱེས་པ་རྣམས་ཀྱིས་རྒྱང་ཐག་རིང་པོར་བགྲོད་ཀྱི་ཡོད། ཡིན་ཡང་སྤྱི་ཚོགས་གཞན་གྱི་ཁྲོད་དུ་ངལ་རྩོལ་བྱེད་སྟངས་ཅི་ལྟར་ཡིན་ནམ།

ང་ཚོས་རྒྱ་ནག་གི་གྲོང་གསེབ་ཁུལ་ཏེ། རིག་གཞུང་སྣ་མང་ལྡན་པའི་བོད་ཀྱི་མཐའ་མཚམས་ཁུལ་དུ་གནས་པའི་ཞིང་པ་དང་འབྲོག་པ་ཁག་ཅིག་ལ་ཞིབ་འཇུག་བྱས་ནས། ཁྱིམ་ལས་ཁྲོད་དུ་དོན་དམ་པའི་སུ་ཞིག་གིས་ལས་ཀ་ཤུགས་ཆེར་བྱེད་བཞིན་པའི་རྒྱུ་རྐྱེན་ཁག་ཅིག་དང་རྒྱུ་མཚན་ཅིའི་ཕྱིར་ཡིན་མིན་སྟོན་རྒྱུ་ཡིན། ང་ཚོའི་རྙེད་དོན་དེ་དག་དེང་གི་སྐྱེ་དངོས་(Current Biology) ཞེས་པར་སྤེལ་ཡོད་ལ། དེ་རུ་སྤྱི་ཚོགས་འདྲ་མིན་གྱི་ནང་དུ་ལས་ཀའི་ཁྲོད་ཀྱི་ཕོ་མོའི་དབྱེ་བ་སྐོར་ལ་གསལ་བོ་བཀོད་ཡོད།

འཛམ་གླིང་འདིའི་སྟེང་གི་མི་རྒན་པ་ཕལ་ཆེ་བ་གཉེན་སྒྲིག་བྱས་ཡོད། གཉེན་སྒྲིག་ནི་གན་རྒྱ་ཞིག་རེད་ལ། ཕྱོགས་གཉིས་ཀྱི་འདོད་དོན་འགྲུབ་པར་སུ་ཡིན་ནའང་འགྲོ་སོང་དང་ཁེ་ཕན་འདྲ་མཉམ་དུ་ཡོང་བར་རེ་བ་བྱེད། ཡིན་ནའང། ཁྱིམ་ལས་ཁྲོད་དུ་དབང་ཆའི་འདྲ་མཉམ་མེད་པར། ཕྱོགས་གཅིག་གིས་གཉེན་ཐོར་གྱིས་འཇིགས་སྐུལ་ན། ཕྱོགས་གཞན་པ་དེར་མཉམ་སྡོད་གྱི་འཚོ་བའི་ནང་དུ་འདྲ་མཉམ་མིན་པའི་བློས་གཏོང་བྱེད་དུ་འཇུག

ཁྱིམ་དང་བྲལ་བ།

ང་ཚོས་ཕོ་མོའི་འབྲེལ་བའི་ཁྲོད་དུ་རང་གི་སྐྱེས་ཡུལ་བཞག་ནས་བཟའ་ཟླའི་ཁྱིམ་དུ་སོང་བར་ལས་ཤུགས་ཆེ་བ་ཡོད་པའི་བཤད་རྒྱུན་དེ་ལ་བརྟག་དཔྱད་བྱེད་རྒྱུ་ཐག་བཅད། དེ་འདྲ་བའི་བཟའ་ཚང་ཁྲོད་དུ་ཚུར་ཡོང་མཁན་གྱི་བཟའ་མི་གསར་པ་དེ་ཁྱིམ་ཚང་གསར་པ་དེའི་ནང་གི་མི་སུ་ཞིག་ལའང་འབྲེལ་བ་མེད་ཅིང་། དེ་དག་གི་ཁྱིམ་རྒྱུད་དང་འབྲེལ་བ་མེད་ན། ཁྲག་རྒྱུད་མི་གཅིག་པའི་མི་ཚང་ཞིག་ནས་བཟའ་མི་གསར་པ་དེ་དག་ལ་དབང་ཆ་འཛིན་ཕྱོགས་ཐད་དུ་གྱོང་གུད་ཅིག་ཡོད་པར་སྙམ།

འཛམ་གླིང་འདིའི་སྟེང་གི་གཉེན་སྒྲིག་མང་ཆེ་བའི་ནང་དུ་བུད་མེད་རྣམས་ནི་རང་ཡུལ་བཞག་ནས་མནའ་མར་འགྲོ་མཁན་དེ་ཡིན་ཞིང་། སྐྱེས་པ་ཚོ་ནི་རང་ཡུལ་དུ་ནང་མིའི་མཉམ་དུ་འདུག་མཁན་དེ་ཆགས་ཡོད། འདི་ལ་སྐྱེས་སྡོད་ལམ་ལུགས་སུ་གྲགས། མཉམ་སྡོད་ལམ་ལུགས་ནི་ཕོ་མོ་གཉིས་ཀ་གཉེན་སྒྲིག་བྱས་པའི་རྗེས་སུ། ཕྱོགས་གཉིས་ཀྱི་ཁྱིམ་ཚང་དང་བྲལ་ནས་ས་གནས་གཞན་ཞིག་ཏུ་མཉམ་སྡོད་བྱེད་པ་དེ་ཡིན་ཅིང་། དེང་སང་འདི་ལྟར་བྱེད་མཁན་ཤིན་ཏུ་མང་།

ཡང་མོ་སྡོད་ལམ་ལུགས་ནི། བུད་མེད་རྣམས་རང་ཡུལ་དུ་བསྡད་ཅིང་སྐྱེས་པའམ་མག་པ་དེ་ཚུར་གནས་ཚང་དུ་ཡོང་བ་ལ་གོ་ཞིང་། འདི་ལྟ་བུ་ནི་ཅུང་དཀོན། ད་དུང་གཅིག་ཡོད་པ་ནི། གཉིས་སྡོད་ལམ་ལུགས་དེ། ཕོ་མོ་གཉིས་ཀ་རང་ཡུལ་ནས་རང་ཁྱིམ་དང་མི་བྲལ་ཞིང། ཁྱོ་ག་དང་ཆུང་མ་གཉིས་ཁ་ཁར་གནས་པར་བྱེད་ལ། འདི་ནི་ཤིན་ཏུ་དཀོན། སྟབས་ལེགས་པ་ཞིག་ལ། བོད་ཀྱི་མཐའ་མཚམས་འདི་ནི་སྣ་མང་རང་བཞིན་ཞིག་ཡིན་པས། གོང་གི་ལམ་ལུགས་བཞི་བོ་མི་རིགས་འདྲ་མིན་ཁྲོད་དུ་མཐོང་རྒྱུ་འདུག

ང་ཚོའི་ཞིབ་འཇུག་གིས་གྲོང་གསེབ་ཁག་གི་མི་རིགས་ཁག་དྲུག་ལ་དོ་སྣང་བྱས་ཡོད་ཅིང། ལྷག་པར་དུ་རྒྱ་ནག་གི་ལན་ཀྲུའི་གཙུག་ལག་སློབ་གྲྭ་ཆེན་མོའི་མཉམ་འབྲེལ་འོག་ཏུ། ང་ཚོས་གཉེན་སྒྲིག་བྱས་ཡོད་པའི་མི་༥༠༠ ལྷག་ལ་གཉེན་སྒྲིག་རྗེས་སུ་ཁྱིམ་ཚང་གང་དུ་བཅས་ཡོད་པར་བཅར་འདྲི་བྱས་པ་དང་། ཡང་ཁོང་ཚོར་ལས་རྩོལ་ཚོར་འདེད་གཅིག་གོན་དུ་བཅུག་ནས་ཁོང་ཚོའི་ལས་ཤུགས་ལ་དཔྱད་ཞིབ་བྱས།

བུད་མེད་ཀྱིས་ལས་ཀ་ཤུགས་ཆེར་བྱེད།

ང་ཚོའི་རྙེད་དོན་ལྟར་ན་བུད་མེད་ཀྱིས་སྐྱེས་པ་ལས་ལས་ཀ་མང་དུ་བྱས་འདུག་པ་དང་ལས་ཀ་མང་ཆེ་བ་ཁྱིམ་མི་ཚོའི་ཆེད་དུ་ཡིན་པ་རེད། འདི་ནི་བུད་མེད་སོ་སོས་ལས་ཀ་ཅི་ཙམ་བྱས་པའི་སྙན་ཐོ་དང་། ལས་རྩོལ་ཚོར་འདེད་ཀྱི་གྲངས་ཐོ་གཉིས་ཀས་བདེན་དཔང་བྱས་ཡོད།

བུད་མེད་རྣམས་ཀྱིས་ཉིན་གཅིག་ལ་ཆ་སྙོམས་གོམ་པ་༡༢༠༠༠ སྤོ་བཞིན་པ་དང་། སྐྱེས་པ་ཚོས་གོམ་པ་༩༠༠༠ མ་གཏོགས་སྤོས་མི་འདུག དེའི་རྐྱེན་གྱིས་སྐྱེས་པ་རྣམས་ཀྱིས་ལས་ཀ་ཧུར་ཐག་བྱེད་བཞིན་ཡོད་མོད། བུད་མེད་ལས་ཉུང་བ་བྱེད། སྐྱེས་པ་ཚོའི་དུས་ཚོད་མང་ཆེ་བ་རང་དགར་འདུག་པ་དང་སྤྱི་ཚོགས་ཀྱི་བྱ་འགུལ། ཡང་ན་ཡར་མར་འཁྱམས་པ་དང་ངལ་གསོ་བ་བཅས་རེད།

གཅིག་བྱས་ན་འདི་ནི་བུད་མེད་རྣམས་ཀྱི་གཟུགས་གཞིའི་ནུས་སྟོབས་ཆ་སྙོམས་ཀྱིས་ལྟོས་ན་སྐྱེས་པ་ཚོ་ལས་ཞན་པས་ཡིན་སྲིད། དེར་བརྟེན་ཁྱིམ་ཚང་ནང་དུ་དབང་ཆ་ཐོབ་རྒྱུའང་ཇེ་ཉུང་དུ་སོང་ཡོད་ངེས། ཡིན་ན་ཡང་། ང་ཚོའི་རྙེད་དོན་གཞན་ཞིག་ནི་གཉེན་སྒྲིག་རྗེས་ནས་རང་ཁྱིམ་དང་གཉེན་ཉེ་སོགས་ལ་ཁ་བྲལ་ནས་འཚོ་སྡོད་བྱེད་པའི་མི་རྣམས་(ཕོ་མོ་སུ་ཡིན་རུང་)ཀྱི་ལས་ཤུགས་ནི་རང་ཁྱིམ་དུ་བསྡད་པའི་མི་རྣམས་ལ་མཚོན་ན་ལས་ཤུགས་ཆེ་བར་འདུག

དེར་བརྟེན་ཁྱེད་རང་བུད་མེད་ཅིག་ཡིན་པ་དང་གཉེན་སྒྲིག་བྱས་རྗེས་རང་ཁྱིམ་དང་གྱེས(འཛམ་གླིང་གི་བུད་མེད་མང་ཆེ་བ་འདི་ལྟར་རེད)་ཚེ། ཁྱེད་ཀྱིས་རང་གི་ནང་མི་རྣམས་དྲན་པའི་གདུང་བ་གཅིག་པུ་མ་ཡིན་པར། ད་དུང་ལས་ཤུགས་ཡོད་པས་ཀྱང་མྱངས་པར་བྱེད། ཕོ་མོ་གཉིས་གཉེན་སྒྲིག་བྱས་རྗེས་ཕྱོགས་གཉིས་ཀ་རང་ཡུལ་དང་བྲལ་བ་ལ་མཚོན་ན། ཕོ་མོ་གཉིས་ཀས་ལས་ཀ་ལ་ཧུར་ཐག་བྱེད་མོད། (གཉེན་ཉེ་ཚོའི་རོགས་པ་ཇེ་དཀོན་དུ་ཡིན།) ད་དུང་བུད་མེད་རྣམས་ཀྱིས་ལས་ཀ་ཤུགས་ཆེ་བར་བྱེད། ང་ཚོའི་ཉམས་ཞིབ་ལ་གཞིར་བཞག་ཚེ་ལས་ཤུགས་ཁྲོད་དུ་ཕོ་མོ་གཉིས་ཀ་འདྲ་མཉམ་ཏག་ཏག་ཅིག་ཡོང་བ་ནི་སྐྱེས་པ་རྣམས་ཚུར་མག་པ་ཡོང་བ་དང་བུད་མེད་རྣམས་རང་ཡུལ་དུ་སྡོད་པའི་སྐབས་དེ་རེད་འདུག

གྲུབ་དོན་འདི་ལས་ང་ཚོས་ཤེས་པ་ནི་འཛམ་གླིང་སྟེང་གི་བུད་མེད་རྣམས་ཅིའི་ཕྱིར་གནས་ལ་འགྲོ་བ་དང་སྐྱེས་པ་རྣམས་མིན་པ་དེ་ཤེས་ཐུབ། མག་པར་འགྲོ་བ་ནི་སྐྱེས་པ་ལ་མཚོན་ན་ངན་པར་བརྩི་ཞིང་། དེའང་སྐྱེས་པ་ཚོར་ཉིན་གཅིག་ལ་གོམ་པ་༢༠༠༠ ཙམ་བསྣན་པ་དང་བུད་མེད་ཚོ་ལ་གོམ་པ་ ༡༠༠༠ ལས་སྣོན་དགོས་མེད།

ཞིང་ལས་དང་འབྲོག་ལས། ཁྱིམ་ལས་བཅས་ལ་བཏང་བའི་དུས་ཚོད་དང་ནུས་ཤུགས་དེ་དུས་ཚོད་སྟོང་བར་བསྡུར་དགོས་ཀྱི་ཡོད། དེར་བརྟེན་གྲོང་གསེབ་འདིའི་ཁུལ་གྱི་ཁྱིམ་ལས་ཁྲོད་དུ་ལས་རྩོལ་ངེས་ཅན་བྱེད་མཁན་རྣམས་སུ་དུས་ཚོད་སྟོང་བར་ངལ་གསོ་བྱེད་པ་ཉུང་ཉུང་ཡིན། འཕེལ་འགྱུར་གྱི་ལྟ་ཚུལ་ནས་ལུས་པོའི་བདེ་ཐང་ལ་ནུས་པ་ཐོན་ཏེ་རིགས་རྒྱུད་གསོན་གནས་ལ་འཕེལ་རྒྱས་གཏོང་མ་ཐུབ་ན། ངལ་གསོ་མི་བྱེད་པ་ནི་ལེགས་པོ་ཞིག་མིན། གནས་ཚུལ་འདིའི་ཁྲོད་དུ་ང་ཚོས་དོན་དམ་གྱིས་གནས་སྟངས་འདི་ལེགས་པོ་ཞིག་ཡིན་མིན་མི་ཤེས། དེ་ལ་ཞིབ་འཇུག་མང་པོ་བྱས་མེད། འདི་ལྟ་བུའི་དབུལ་བོ་དང་གྲོང་གསེབ་ཁུལ་དུ་གནས་སྟངས་འདི་བདེན་པ་ཡིན་མོད། ཡང་འབྱོར་ཕྱུག་ལྡན་ན་དེ་ལྟར་མིན་སྲིད།

གྲོང་ཁྱེར་ཕལ་མོ་ཆེ་རུ། དཔེར་ན། འགུལ་མེད་ཀྱི་མི་ཚེ་ནི་ཁྱབ་གདལ་དུ་འགྲོ་བཞིན་འདུག ཞིབ་འཇུག་བྱས་པ་ལས་བསྟན་དོན་དུ་རྒྱུན་སྡོད་བྱེད་པའི་མི་ཚེ་སྐྱེལ་སྟངས་འདི་ནི་ལས་ཁུངས་ཀྱི་ལས་བྱེད་རྣམས་སུ་གལ་གནད་ཅན་གྱི་འཕྲོད་བསྟེན་གྱི་དཀའ་ངལ་ཞིག་ཆགས་བཞིན་འདུག ཁོང་ཚོར་ནད་རྙིང་ལྟ་བུའི་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་དེ། རྒྱགས་པ་ཆགས་པ་དང་སྐྱེ་འཕེལ་གྱི་ནུས་པ་ཉམས་པ། སེམས་ཁམས་འཁྲུག་པའི་གནད་དོན་སོགས་དང་འབྲེལ་བ་ཡོད།

ལས་རྩོལ་གྱི་ཁྲོད་ཕོ་མོ་འདྲ་མཉམ་མིན་པ་ནི་ཁྱིམ་ཚང་ནང་ལོགས་གཅིག་པུ་མ་ཡིན་པར་ཕྱི་ལོགས་སུའང་དེ་བཞིན་ཡིན། ང་ཚོའི་ཞིབ་འཇུག་གིས་ཅིའི་ཕྱིར་བུད་མེད་རྣམས་ཀྱིས་སྐྱེས་པ་ལས་ཀྱང་ལས་ཤུགས་ཆེ་བ་འགན་དུ་ལེན་བཞིན་པ་འཕེལ་འགྱུར་རང་བཞིན་གྱི་མཐོང་ཚུལ་ཞིག་ནས་བཤད་ཡོད།

ཡིན་ནའང་གནས་ཚུལ་འདི་དག་ག་ལེར་འགྱུར་བཞིན་འདུག བུད་མེད་རྣམས་ཀྱིས་གཉེན་སྒྲིག་བྱས་རྗེས་སུ་ཕོ་མོ་གཉིས་ཀྱི་ཁྱིམ་ཚང་དང་བྲལ་ཏེ་སོ་སོའི་ཁྱིམ་ཚང་གསར་པ་འགོ་འཛུགས་བཞིན་པ་ཇེ་མང་ནས་ཇེ་མང་རེད། ཁོང་ཚོར་དབང་ཚད་ཡོད་རྒྱུའང་ཇེ་ཆེ་རེད། ལྷག་པར་དུ་བུད་མེད་རྣམས་ཀྱི་འབྱོར་བ་དང་ཤེས་ཡོན། རང་གསོའི་ནུས་པ་འཕེལ་བའི་རྐྱེན་གྱིས་དེ་ལ་ཕན་ནུས་ཆེ་བར་ཐོན། རིམ་བཞིན་འགྱུར་ལྡོག་འདིའི་ཁྲོད་ནས་གྲོང་ཁྱེར་དང་བཟོ་གྲྭ། ཞབས་ཞུའི་ལས་རིགས་ཀྱི་སྐྱེས་པ་རྣམས་ཀྱིས་ལས་རྩོལ་ཆེ་བ་འཁུར་དགོས་པའི་གནས་སྟངས་ཆགས་རྒྱུ་རེད།

མ་རྩོམ་གྱི་དྲ་ཐག https://theconversation.com/women-work-harder-than-men-our-anthropological-study-reveals-why-196826

འབྲེལ་ཡོད་གསར་འགྱུར།

པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

སྐར་མ ༤༩ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese