མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ་མཇལ་ཁ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

དོན་འགྲུབ་དབང་ཆེན་ལགས་ལོ་མང་རྗེས་ཐེངས་དང་པོར་དྷ་སར་འབྱོར་བ་དང་བསྟུན། ༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཏུ་ལྟ་སྐོར་སོགས་གནང་འདུག

༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ་མཇལ་ཁ་བསྩལ། ཕྱི་ལོ་ ༢༠༢༣།༧།༡
པར་དབང་། དགའ་ལྡན་ཕོ་བྲང་།

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་བྱས་པའི་སྐོར་ལ་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་ནང་གི་གནས་སྟངས་སྐོར་དང་བཙོན་ཁང་གི་སྐབས་ཀྱི་གནས་ཚུལ་སྙན་སེང་ཞུས་ཡོད་པ་དང་། གཙོ་བོ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་བོད་མི་བརྒྱ་ལྷག་ལ་བཅར་འདྲི་བྱས་པའི་དངོས་བཤུས་གློག་བརྙན་འཇིགས་བྲལ་ཕབ་སྐྲུན་བྱས་ཏེ། རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་བྱེད་པར་ལས་ཀ་གང་འཚམ་སྒྲུབ་ཡོད་པ་དང་། འཇིགས་བྲལ་གློག་བརྙན་ལའང་རྒྱལ་སྤྱིའི་རང་བཞིན་གྱི་གཟེངས་རྟགས་ཀྱང་ཐོབ་པ་ཞུས་ཡོད།དམིགས་བསལ་ ༧གོང་ས་མཆོག་གིས་ངོས་རང་ད་དུང་དགུང་ལོ་བཅོ་ལྔ་དང་ཉི་ཤུ་ལྷག་བཞུགས་པར་སྣང་དག་མི་འདུག དེའི་རིང་ང་ཚོ་མཉམ་དུ་བོད་དུ་ལོག་ཐུབ་ཀྱི་རེད། ཁྱེད་ཚོས་བློ་བདེ་བོ་བྱས་ནས་སྡོད་གསུངས་སོང་། ཧ་ཅང་དགའ་བོ་བྱུང་སོང་། ཞེས་དང་། ཡང་དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྤྱན་འབུལ་ཞུས་པའི་བརྙན་ཐུང་སྐོར་ལ་ཁོང་གིས། ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་བོད་ཀྱི་ཨ་མདོ་ཁུལ་དུ་རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། བརྙན་ཐུང་དེ་ནི་ཕྱི་ལོ་ ༢༠༢༠ ལོར་བོད་ནང་གི་བོད་མི་ཚོས་མཆོད་པའི་ཚུལ་དུ་སྐུ་པར་བཟུང་ནས་༧གོང་ས་མཆོག་གང་མགྱོགས་བོད་དུ་ཕེབས་པར་རེ་སྒུག་བྱེད་ཀྱི་འདུག་པའི་སྐོར་ཡིན་ཞེས་བརྗོད་སོང་།

དེ་བཞིན་ཁ་སང་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཙོས་སྤྱི་འཐུས་རྒྱུན་ལས་རྣམས་ལ་མཇལ་འཕྲད་གནང་འདུག སྐབས་དེར་དོན་འགྲུབ་དབང་ཆེན་ལགས་ཀྱིས།  བོད་ནང་དུ་༧གོང་ས་མཆོག་གི་ཕྱག་དེབ་མང་པོ་འགྲེམ་སྤེལ་བྱས་པ་དང་། དངོས་བཤུས་གློག་བརྙན་འཇིགས་བྲལ་བཟོ་བསྐྲུན་བྱས་རྗེས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་བརྒྱུད་རིམ་སྐོར་ངོ་སྤྲོད་དང་། བོད་ཀྱི་བྱིས་པ་རྣམས་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭར་བཙན་འཇུག་བྱེད་བཅུག་པ་དང་། འབྲོག་པ་གནས་སྤོས་བྱེད་བཅུག་པ། འཛུགས་སྐྲུན་ལ་ཁ་གཡར་ནས་བོད་པའི་ས་ཆ་མང་པོ་བཙན་འཕྲོག་བྱས་ནས་མི་རིགས་མཉམ་བསྲེས་བྱེད་བཅུག་པ། ལོ་ ༡༨ མན་འདབས་གྲྭ་བཙུན་བྱེད་མི་བཅུག་པ་སོགས་བོད་ནང་འཆར་གཞི་དང་ལྡན་པའི་མི་རིགས་རྩ་མེད་བཟོ་བཞིན་ཡོད་སྐོར་དང་། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་དོན་དྲིལ་བསྒྲགས་དང་། ལས་འགུལ་གང་མང་སྤེལ་དགོས་སྐོར་སོགས་བརྗོད་འདུག

ཕྱི་ཟླ་ ༦ ཚེས་ ༢༩ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དོན་གྲུབ་དབང་ཆེན་ལགས་ཨ་རི་ནས་བཞུགས་སྒར་དྷ་རམ་ས་ལར་གཟིགས་སྐོར་དུ་འབྱོར་ཡོད་ཅིང་། སྐབས་དེར་གྷ་གྷལ་གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་། བོད་མི་མང་སྤྱི་འཐུས་ཁག་ཅིག གཞུང་ཁོངས་མིན་པའི་ཚོགས་པ་ཁག་བཅས་དྷ་སའི་མི་མང་ཁག་ཅིག་གིས་ཕེབས་བསུ་གནང་འདུག སྐབས་དེར་དོན་འགྲུབ་དབང་ཆེན་ལགས་ཀྱིས། ཕྱི་ལོ་ ༢༠༡༧ ལོར་ཨ་རིར་སྐྱབས་བཅོལ་དུ་འབྱོར་ནས་ཐེངས་མང་པོ་ཕྱི་བསྐྱོད་ཡིག་ཆ་ཞུས་ཀྱང་མ་རག་པར་ལྷག་པ་རེད། ཐེངས་འདིར་ལྡི་ལི་སྐུ་ཚབ་དོན་གཅོད་དང་། ཨ་རིའི་སྐུ་ཚབ་དོན་གཅོད། ཡོ་རོབ་སྐུ་ཚབ་དོན་གཅོད་ཐུན་མོང་གིས་རྒྱབ་སྐྱོར་ལ་བརྟེན་ནས་ཆོག་ཆེན་ཐོབ་པ་རེད། ༧གོང་ས་མཆོག་གི་ཞལ་མཇལ་ཐོབ་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་སོང་།

དོན་འགྲུབ་དབང་ཆེན་ལགས་ཀྱི་ལྟ་སྐོར་ཐད་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དོན་འགྲུབ་དབང་ཆེན་ལགས་བོད་ནས་ཨ་རིར་འབྱོར་ཡང་ཕྱི་བསྐྱོད་ཡིག་ཆ་མ་རག་པ་རེད། ད་ལན་ཐེངས་དང་པོ་རྒྱ་གར་ནང་དུ་ཡོང་གི་ཡོད་པ་རེད། ཁོང་ལ་མཚོན་ན་བོད་ནང་དུ་ཆབ་སྲིད་གནས་སྟངས་ཐད་ནས་དཀའ་ངལ་མང་པོ་འཕྲད་དེ་བཙོན་འཇུག་བྱས་པ་དང་། བཙོན་གྲོལ་ཐོབ་པའི་རྗེས་སུའང་སེམས་ཁམས་སུ་དཀའ་ངལ་མང་པོ་འཕྲད་ཡོད་པ་རེད། ང་ཚོས་དྷ་རམ་ས་ལར་ཕེབས་པར་དགའ་བསུ་ཡོད་ཅེས་གསུངས་འདུག དེ་བཞིན་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་དང་མཇལ་མོལ་གནང་འདུག

ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་མགོ་ལོག་འཇིགས་མེད་ལགས་དང་ལྷན་དུ་རྒྱ་གཞུང་གིས་བཙན་གནོན་བྱེད་པའི་གནས་སྟངས་ཐད་བོད་ནང་གི་བོད་མི་མང་པོ་བཅར་འདྲི་བྱས་པའི་དངོས་བཤུས་འཇིགས་བྲལ་གློག་བརྙན་རྒྱལ་སྤྱིའི་ཐོག་འགྲེམས་སྤེལ་བྱས་པས། རྒྱ་གཞུང་གིས་ཁོང་ལ་ལོ་དྲུག་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཕྱི་ལོ་ ༢༠༡༧ ལོར་གསང་བའི་ཐོག་སུད་སི་བརྒྱུད་ནས་ཨ་རིར་སྐྱབས་བཅོལ་དུ་འབྱོར་ནས་ད་ལན་ཐེངས་དང་པོ་དྷ་སར་ཕེབས་པ་ཞིག་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Former Tibetan Political prisoner Sonam Gyapo Passes away
Mobile App

བོད་ཀྱི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས་འདས་གྲོངས་སུ་ཕྱིན།

༢༠༢༣/༠༨/༢༤
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན། སྲིད་སྐྱོང་གིས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་ཀྱི་པར། ༡༨།༠༧།༢༠༢༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དབུ་འཛུགས་ཞུས་སོང་།

༢༠༢༣/༠༧/༡༨
Mobile App

རྡོ་རྗེ་བཀྲ་ཤིས་གཅེན་གཅུང་གཉིས་ལ་སྙིང་སྟོབས་གཟེངས་རྟགས་ཕུལ་སོང་།

༢༠༢༣/༠༧/༡༢
པར་དབང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
Mobile App

འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་དེ་རྒྱའི་ཁོངས་གཏོགས་ཡིན་ཟེར་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས།

༢༠༢༣/༠༦/༢༩
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་ ༦ སྤྱི་མོས་གཏན་འབེབ་གནང་སོང་།

༢༠༢༣/༠༣/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist