མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཀྱི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༣/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས་ནད་གཞིའི་རྐྱེན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་འདས་གྲོངས་སུ་ཕྱིན་ཡོད་འདུག

Former Tibetan Political prisoner Sonam Gyapo Passes away

འདི་གའི་གསར་འགོད་པས་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་འབྲེལ་ཡོད་ལས་བྱེད་ཅིག་ལ་བཀའ་འདྲི་ཞུས་པར་ཁོང་གིས། དམ་པ་ཁོང་ནད་མནར་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག ཅེས་བརྗོད་བྱུང་བ་དང་། དབུས་གཙང་ཆོལ་ཁའི་ངོས་ནས་དམ་པ་ཁོང་ལ་གདུང་ཤུགས་དྲག་པོས་མྱ་ངན་ཞུས་པ་དང་སྦྲགས་ནས། དཔལ་ལྡན་དགའ་ལྡན་ཕོ་བྲང་དང་རྣམ་རྒྱལ་གྲྭ་ཚང།  ཀིརྟི་བྱེས་པ་གྲྭ་ཚང།  གདན་ས་གསུམ། སྒྲོལ་མ་གླིང་།  བྱང་རྩེ་གྲྭ་ཚང།  ཤར་རྩེ་གྲྭ་ཚང་བཅས་ལ་བསྔོ་རྟེན་ཕུལ་བ་སོགས་བྱས་ཏེ། འདས་པོ་གང་ཉིད་ཚེ་རབས་ནས་ཚེ་རབས་བར་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བའི་སྨོན་ལམ་ཤུགས་དྲག་ཞུ་བཞིན་ཡོད་པ་དབུས་གཙང་ཆོལ་ཁའི་དྲ་ཐོག་ཏུ་སྤེལ་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས། ཐོག་མར་ཕྱི་ལོ་ ༡༩༨༧ ལོའི་ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་པ་ ༢༡ གིས་སྣེ་ཁྲིད་པའི་ཞི་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱས་སྟབས། རྒྱ་ནག་གཞུང་གིས་དགེ་འདུན་དེ་དག་ལ་གསར་བརྗེ་ངོ་ལོག་པའི་ནག་ཉེས་སོགས་གཡོགས་ཏེ།  བསོད་ནམས་རྒྱལ་པོ་ལགས་སུ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། དེ་རྗེས་བཙོན་གྲོལ་ཐོབ་པ་དང་རྒྱ་གར་དུ་ནང་པའི་གནས་ཆེན་ཁག་དང་༧གོང་ས་མཆོག་ལ་མཇལ་ཁ་ཞུ་བའི་གོ་སྐབས་ཐོབ་པ་སོགས་གནས་སྐོར་ཕེབས་རྗེས། ཕྱིར་བོད་དུ་ལོག་སྐབས་བོད་དང་བལ་ཡུལ་གྱི་ས་མཚམས་འགྲམ་གྱི་མགྲོན་ཁང་ཞིག་ནས་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ། ཁྲིམས་འགལ་གྱི་ཐོག་ནས་རྒྱལ་མཚམས་བརྒལ་བའི་ཉེས་མིང་འོག་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།

ཡང་ཕྱི་ལོ་ ༢༠༠༥ ལོར་རྒྱ་གཞུང་ཉེན་རྟོག་པས་དམ་པ་ཁོང་གི་སྡོད་ཤག་གི་ཕྱི་ནང་གསང་གསུམ་ལ་སྔོག་བཤེར་བྱེད་སྐབས། ༧གོང་ས་མཆོག་གི་སྐུ་པར་དང་གསུང་ཆོས་ཀྱི་བརྙན་སྡེར་སོགས་ལག་སོན་བྱུང་སྟབས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་མིང་འོག་ནས་ལོ་ ༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་བཅས་ཁྱོན་མི་ལོ་ཧྲིལ་བོ་ ༡༧ གྱི་རིང་རྒྱ་ནག་གི་བཙོན་ཁང་དུ་བཙོན་འཇུག་བྱས་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

རྡོ་རྗེ་བཀྲ་ཤིས་གཅེན་གཅུང་གཉིས་ལ་སྙིང་སྟོབས་གཟེངས་རྟགས་ཕུལ་སོང་།

༢༠༢༣/༠༧/༡༢
༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ་མཇལ་ཁ་བསྩལ། ཕྱི་ལོ་ ༢༠༢༣།༧།༡
པར་དབང་། དགའ་ལྡན་ཕོ་བྲང་།
Mobile App

༧གོང་ས་མཆོག་གིས་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་སུ་མཇལ་ཁ་བསྩལ།

༢༠༢༣/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist