མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཕྱི་ནང་གཉིས་ནས་༸སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དང་ཨ་རི་སོགས་ཀྱི་གཞུང་འབྲེལ་མི་སྣས་༸གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་གནང་བ་མ་ཟད། རང་དབང་གི་ཡུལ་ལུང་གང་སར་གནས་པའི་བོད་མི་རྣམས་དང་ཧི་མ་ལ་ཡའི་རི་རྒྱུད་པ། ནང་པ་དང་ད་དུང་བོད་ནང་གི་བོད་མི་ཚོས་རྣམ་པ་འདྲ་མིན་ཐོག་ནས་༸སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་གནང་འདུག

ཨ་རིའི་གཞུང་གིས་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས

ཕྱི་ཟླ་ ༧ ཚེས་ ༦ ཉིན་ཕྱི་ལུགས་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་བོད་གཞུང་མང་གཉིས་གཙོས་འཛམ་གླིང་ས་ཕྱོགས་གང་སར་སྲུང་གཙི་བྱས་དང་བྱེད་མུས་ཡིན་པ་ལྟར། དེ་རིང་ཁ་སང་འཛམ་གླིང་གི་དབུ་ཁྲིད་ཁག་ཅིག་གིས་༧སྐུའི་འཁྲུངས་སྐར་འཚམས་འདྲི་གནང་ཡོད་ཅིང་། རྒྱ་གར་གྱི་སྲིད་བློན་ནཱ་རེན་དྷི་རཱ་མོ་ཌི་མཆོག་གིས་སྒེར་གྱི་ཊུ་ཝེ་ཊུར་( twitter) དྲ་ལམ་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་ཉིན་མོར་ལྷག་བསམ་རྣམ་དག་གིས་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་། མགོན་པོ་གང་ཉིད་ཀྱི་སྐུ་ཁམས་བདེ་ཞིང་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཞུས་ཡོད་ཅེས་གསུངས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནེ་བྷི་ལིན་ཁེན་(Antony Blinken) མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲ་ཚིགས་ཐོག་ཏུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ། འདི་ནི་བོད་མི་ཡོངས་ཀྱི་བཀྲ་ཤིས་དོན་འགྲུབ་ཀྱི་ཉིན་མོ་ཞིག་རེད། མགོན་པོ་གང་ཉིད་ཀྱི་ཕངས་པ་མེད་པའི་བྱམས་བརྩེས་འཛམ་གླིང་ཡོངས་སུ་བློ་སྤོབས་བསྐྲུན་ཡོད་པ་མ་ཟད། ༧གོང་ས་མཆོག་གི་འཚེ་བ་མེད་པ་དང་ཞི་བདེའི་དམ་བཅའ་ལ་ངས་སེམས་གཏིང་ནས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། དེ་རིང་གི་ཉིན་མོ་འདི་ནི་༧མགོན་པོ་གང་ཉིད་ཀྱི་བྱམས་སྙིང་རྗེ་དང་བཟོད་པའི་ཐུགས་རེ་ཡིས་བོད་མི་ཡོངས་དང་། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་ཁས་ལེན་བྱེད་པའི་ཉིན་མོ་ཞིག་ཀྱང་ཡིན།  ཨ་རིའི་གཞུང་ངོས་ནས་བོད་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་སྲུང་སྐྱོབ་བྱེད་པ།  གནོན་ཤུགས་ཅི་ཡང་མེད་པར་རང་དབང་གི་ཐོག་ནས་ཆོས་ཕྱོགས་ཀྱི་དབུ་ཁྲིད་འོས་འདེམས་དང་དད་མོས་བྱེད་པར་འགྱུར་བ་མེད་པའི་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན་ཞེས་གསུངས་འདུག ཡང་ཁོང་གི་སྒེར་གྱི་ཊུ་ཝི་ཊུར་དྲ་ལམ་སྟེང་དུ། ༧གོང་ས་མཆོག་དགུང་གྲངས་ ༨༨ ལ་ཕེབས་པར་སྐུ་ཁམས་བདེ་ཞིང་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ་བ་དང་། ༧མགོན་པོ་གང་ཉིད་ཀྱི་བྱམས་སྙིང་རྗེའི་ཐུགས་རེ་ཡིས་འཛམ་བུ་གླིང་གི་ད་ལྟ་དང་མ་འོངས་བར་བློ་སྒོ་འབྱེད་ཐུབ་པར་སྨོན་ཞེས་གསུངས་འདུག

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་རཱ་ཛེ་ཡཱ་(Uzra Zeya )མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་བ་དང་སྦྲགས། ཨ་རིའི་གཞུང་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་བཅས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་འགྱུར་བ་མེད་པའི་ཐོག་རྒྱབ་སྐྱོར་ཡོད་པ་ནན་བརྗོད་ཞུ་རྒྱུ་ཡིན་པ་དང་། བསྐྱར་དུ་༧གོང་ས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞེས་གསུངས་འདུག

དེ་བཞིན་རྒྱ་གར་གྱི་ཚན་རིག་བློན་ཆེན་ཁི་རེན་རི་ཅེ་ཅི་(Kiren Rijiju) མཆོག་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་པད་མ་མཁའ་འགྲོ་མཆོག འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཕི་རེམ་སིང་ཧ་(Prem Singh Tamang) མཆོག ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨར་ཝིན་ཌི་ཁི་ཇེ་རི་ཝལ་( Arvind Kejriwal ) མཆོག  ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནཱ་ཝིན་པཱ་ནེ་ཀི་(Naveen Patnaik) མཆོག ཨན་དྷི་ར་མངའ་སྡེའི་བློན་ཆེན་(Nara Chandrababu Naidu) མཆོག རྒྱ་གར་ལྷོ་ཕྱོགས་གྷོ་ཝ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པེ་རཱ་མོ་ཌི ་སཱ་ཝིན་ཌི(Dr. Pramod Sawant) མཆོག རྒྱ་གར་གྲོས་ཚོགས་འཐུས་མི་ཤཱ་ཤཱི་ཐཱ་རོར་(Shashi tharoor) མཆོག་སོགས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་འདུག

༧སྐུའི་འཁྲུངས་སྐར་ཉིན་མོ་བཞུགས་སྒར་དྷ་རམ་ས་ལར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་གཞུང་འབྲེལ་མཛད་སྒོ་འཚོགས་ཡོད་པ་མ་ཟད། འཛམ་གླིང་གི་རང་དབང་ལུང་པ་གང་སར་ཡོད་པའི་བོད་མི་འདུས་སྡོད་མི་མང་དང་། ཧི་མ་ལ་ཡའི་རི་རྒྱུད་ཁུལ། སོག་རིགས་དང་ནང་པ་བཅས་ཀྱིས་༸སྐུའི་འཁྲུངས་སྐར་སྲུང་གཙི་བྱས་དང་བྱེད་མུས་ཡིན་ཡང་། ད་ལོ་བལ་ཡུལ་དུ་རྣམ་རྒྱལ་སློབ་གྲྭར་འཁྲུངས་སྐར་མཛད་སྒོ་གོ་སྒྲིག་བྱས་ཏེ། ཕྱི་རྒྱལ་གྱི་དོན་གཅོད་ཁག་ཅིག་ཀྱང་གདན་འདྲེན་ཞུས་ཡོད་ཀྱང་། བལ་ཡུལ་གཞུང་གིས་བལ་ཡུལ་སྐུ་ཚབ་དོན་གཅོད་ལ་ཁ་པར་ཡང་ཡང་འབྱོར་ཏེ། ༧སྐུའི་འཁྲུངས་སྐར་མཛད་སྒོ་མཚམས་འཇོག་ཏུ་བཅུག་ཡོད་འདུག

རྒྱ་གཞུང་གིས་བོད་ནང་དུ་བོད་མི་ཚོར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་བྱེད་པར་དམ་དྲགས་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། དྲ་ལམ་ཁག་ཏུ་བོད་མི་རྣམས་ཀྱིས་འདྲ་རིས་དང་། སྙན་ངག་སོགས་ཀྱི་ལམ་ནས་འཁྲུངས་སྐར་སྲུང་གཙི་མཚོན་པའི་རང་ཉིད་ཀྱི་ཚོར་བ་ཕྱིར་མངོན་པ་མང་པོ་མཐོང་རྒྱུ་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

His Holiness the Dalai Lama with Prince Mangosuthu Buthelezi during a visit to South Africa.
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་རྒྱལ་སྲས་ཤིག་སྐུ་གྲོངས་པར་ཐུགས་གསོ་མཛད།

༢༠༢༣/༠༩/༡༡
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་དད་ལྡན་མཇལ་བཅར་བ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཐའེ་ཝན་གྱི་ཚན་རིག་པ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༤
His Holiness the Dalai Lama's brief talk to students from Harvard University at Leh Ladakh 2023/08/21
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཧ་ཝར་ཌི་སློབ་ཆེན་གྱི་སློབ་མ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༨/༢༡
༧གོང་ས་མཆོག གསུང་འཕྲིན།

རང་བྱུང་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་འཛམ་གླིང་མི་མང་ལ་ཐུགས་གསོ་མཛད།

༢༠༢༣/༠༨/༡༡
2023 Dalai Lama Fellows
Photo: Dalai Lama Fellows
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གི་རྗེས་འཇུག་པའི་ལྷན་ཚོགས་འཚོག་གིན་འདུག

༢༠༢༣/༠༨/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist