མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཟླ་འདིའི་ནང་མགོན་པོ་སྐྱིད་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ལས་འགུལ་ཐེངས་གཉིས་སྤེལ་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་རང་ཉིད་ཀྱི་གཅེན་པོ་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་བྱེད་དུ་བཅུག་མེད་པའི་ཁར་གཅར་རྡུང་བྱས་ནས་ལོག་བཏང་ཡོད་འདུག

བོད་ཀྱི་ཕྱུག་བདག་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཞི་བའི་འབོད་སྐུལ་བྱེད་སྐབས། ༢༠༢༣།༠༥།༡༠

དེ་རིང་ཕྱི་ཚེས་ ༡༣ དང་ཟླ་འདིའི་ཕྱི་ཚེས་ ༥ བཅས་བསྟུད་མར་བོད་ཀྱི་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས། གྲྭ་བཞི་བཙོན་ཁང་མདུན་དུ། ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ཏེ། རང་ཉིད་ཀྱི་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་བྱེད་དུ་འཇུག་པའི་རེ་སྐུལ་ཞུས་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་ཁོང་མོའི་རེ་སྐུལ་དང་ལེན་བྱས་མེད་པ་མ་ཟད། གཅར་རྡུང་བྱས་ཏེ་ཕྱིར་ལོག་བཏང་ཡོད་འདུག

འདི་གའི་གསར་འགོད་པར་དེ་འབྲེལ་གནས་ཚུལ་འབྱོར་བའི་ནང་མགོན་པོ་སྐྱིད་ལགས་ཀྱིས། སྤྱི་ཟླ་ ༧ ཚེས་ ༥ དང་རེས་གཟའ་ལྷག་པའི་ཉིན་ངས་རྡོ་རྗེ་བཀྲ་ཤིས་ལ་ཐེངས་ཤིག་ཐུག་གི་འཇོག་རོགས་ཞེས་ཞུ་བ་འཐེན་པ་ཡིན། ང་ཚོས་ལས་བཞིན་པ་དག་ང་ཚོའི་བརྙན་ཐུང་ནང་ལེན་ཐུབ་ཀྱི་མི་འདུག ང་ཚོར་བརྙན་ལེན་བཅུག་གི་མི་འདུག ང་ཚོར་གཅར་རྡུང་བྱས་ནས་ལག་གི་ཁ་པར་འཕྲོག་གི་འདུག མི་གཅིག་གི་སྟེང་དུ་ཉེན་རྟོག་པ་བཞི་ལྔ་རེ་རུབ་ཡོང་གི་འདུག ངའི་གནས་ལུགས་དང་དྲང་བདེན་འདི་ཁྲིམས་ཁང་དང་བཙོན་ཁང་གི་སྒོ་གང་དུ་ཕྱིན་ཡང་བཤད་ས་མི་འདུག གཅིག་མཚུངས་རེད་འདུག ཁོ་ཚོས་ལས་བཞག་པ་ཞིག་བཤད་ན་ཆོག་ཀྱང་མི་ཆོག་ཀྱང་ངས་བཤད་ཀྱི་ཡིན། རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་ན་དཔོན་པོ་དང་མང་ཚོགས་ཀྱི་མགོ་ཐོག་གི་ཁྲིམས་འདྲ་མཉམ་ཡིན་པ་དང་བོད་པ་དང་རྒྱ་རིགས་ཀྱི་མགོ་ཐོག་གི་ཁྲིམས་འདྲ་མཉམ་རེད། འོན་ཀྱང་། ང་ཚོར་འདྲ་མཉམ་ཡོང་གི་ཡོད་དམ། ཞེས་དོགས་འདྲི་དང་བཅས་བརྗོད་སོང་།

ཡང་མགོན་པོ་སྐྱིད་ལགས་ཀྱིས། ཕྱི་ལོ་ ༢༠༢༡ ཟླ་  ༡ ཚེས་ ༡༥ ཉིན་ངས་ཞུ་བ་འཐེན་སྟབས་ང་ལ་རྡོ་རྗེ་བཀྲ་ཤིས་ཀྱི་བརྙན་ཐུང་ཞིག་ལེན་བཅུག་སོང་། དེ་ནས་བཟུང་ད་བར་ངའི་སྤུན་ཡ་རྡོ་རྗེ་ཚེ་བརྟན་དང་ངེད་གཉིས་ལ་ཐུག་འཕྲད་བྱེད་ཀྱི་མི་འཇུག་པ་མ་ཟད། ཐ་ན་ཡི་གེ་གཅིག་ཀྱང་སྤྲོད་ཀྱི་འཇུག་གི་མི་འདུག ད་ཟླ་ ༧ པའི་ནང་ང་ལ་ཐུག་གི་འཇུག་དགོས་ཟེར་མོད། ད་དུང་ཐུག་གི་བཅུག་མ་སོང་། ཞེས་བརྗོད་འདུག  འདི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ལྟར། བཙོན་མ་ཐུག་རྒྱུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་མེད་པ་ཡིན་ན།

ཡང་ཁ་སང་ཕྱི་ཚེས་ ༡༢ ཉིན་བཞུགས་སྒར་དུ། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་བཅས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༣ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ་བོད་ཀྱི་ཆབ་སྲིད་བཙོན་པ་དང་ཚོང་པ་གྲགས་ཅན། སྤྱི་ཚོགས་ཞབས་ཞུ་པ་རྡོ་རྗེ་བཀྲ་ཤིས་ལགས་དང་། ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་གཉིས་ལ་ཕུལ་སོང་།

རྡོ་རྗེ་བཀྲ་ཤིས་ལགས་ནི་ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་ཟླ་བ་འགའི་རྗེས་སུ་རྒྱ་ནག་གཞུང་གིས་ངོ་རྒོལ་བར་མཐུན་འགྱུར་བསྐྲུན་པ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐྱབས་རྟེན་ཕུལ་ཡོད་ལུགས་སོགས་བརྗོད་དེ་འཛིན་བཟུང་བྱས་ནས་ཟླ་ ༨ ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ཀྱང་འཛིན་བཟུང་བྱས་ནས་ལོ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༧ ཉིན་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་པར་གསང་བའི་ཐོག་ནས་རྒྱ་སྒོར་ཁྲི་ ༡༥༠ ཙམ་གྱི་དངུལ་བུན་གཡོ་ལེན་བྱས་ཚུལ་བརྗོད་དེ། རྡོ་རྗེ་བཀྲ་ཤིས་ལགས་ལ་ཚེ་བཙོན་དང་། ཁོང་གི་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་དེ། བོད་རང་སྐྱོང་ལྗོངས་ཟེར་བའི་བཙོན་ཁང་ཆེ་ཤོས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཏང་བ་ཟེར་བའི་ཉེས་མིང་ཕོག་པའི་བཙོན་པ་བཅུག་སའི་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་སློང་བློ་བཟང་བསྟན་པ། པར་དབང་། བོད་ཀྱི་དུས་བབ།
Mobile App

བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་སློང་བློ་བཟང་བསྟན་པ་ལགས་འདས་གྲོངས་སུ་ཕྱིན།

༢༠༢༣/༠༨/༡༠
Mobile App

རྡོ་རྗེ་བཀྲ་ཤིས་གཅེན་གཅུང་གཉིས་ལ་སྙིང་སྟོབས་གཟེངས་རྟགས་ཕུལ་སོང་།

༢༠༢༣/༠༧/༡༢
བོད་ཀྱི་ཕྱུག་བདག་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཞི་བའི་འབོད་སྐུལ་བྱེད་སྐབས། ༢༠༢༣།༠༥།༡༠
Mobile App

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལཊ་ཀློད་ཡོད་ཀྱང་མ་འོངས་པར་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

༢༠༢༣/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist