མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆར་ཆུས་གནོད་སྐྱོན་ཐེབས་པའི་ཡུལ་མི་ཚོར་གྱོན་ཆས་སོགས་ཀྱིས་རོགས་རམ་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

དྷ་ས་ཁུལ་གྱི་བོད་མི་ཚོས་གྱོན་ཆས་སོགས་བསྡུ་རུབ་བྱས་ཏེ་ཀང་ར་རྫོང་ཁོངས་ཀྱི་གནོད་ཐེབས་ཡུལ་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་སླད་རོགས་རམ་བྱེད་བཞིན་འདུག

དྷ་ས་ཁུལ་གྱི་བོད་མི་ཚོས་ཆར་ཆུས་གནོད་འཚེ་ཐེབས་པའི་ཡུལ་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་གྱོན་གོས་སྦྱིན་པ་བཏང་། ༢༠༢༣།༠༨།༢༤ དུས་བབ་ཀྱི་པར།

འདི་ལོའི་ཆར་དུས་སུ་ཧི་མ་ཅལ་མངའ་སྡེའི་ནང་ཆར་ཞོད་ཆེ་བའི་རྐྱེན་གྱིས། ས་རུད་དང་ཆུ་ལོག་སོགས་རྒྱུགས་ཏེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་ཡོད་པ་མ་ཟད། དམིགས་བསལ་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་དང་མ་ན་ལི་ཁུལ་དུ་གནོད་འཚེ་ཐེབས་ཡོད་སྟབས། དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱིས། ཀཱང་རའི་རྫོང་དཔོན་ལས་ཁུངས་བརྒྱུད་རང་བྱུང་གོད་ཆག་བྱུང་བའི་ཡུལ་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་གྱོན་གོས་རིགས་རླངས་འཁོར་གང་སྦྱིན་པ་བཏང་སོང་།

འདི་གའི་གསར་འགོད་པས་དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ་དེ་འབྲེལ་སྐོར་སྐད་ཆ་དྲིས་པར་ཁོང་གིས། ད་ལོ་ཧི་མ་ཅལ་མངའ་སྡེའི་ནང་དང་དམིགས་བསལ་ཀཱང་ར་རྫོང་ཁོངས་ཀྱི་མི་མང་སྡོད་ཁང་མང་པོར་གཏོར་བཤིག་ཐེབས་ནས་ཉིན་རེའི་འཚོ་བར་དཀའ་ཁག་འཕྲད་བཞིན་ཡོད་སྟབས། རྫོང་དཔོན་ལས་ཁུངས་བརྒྱུད་རྒྱ་གར་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་བོད་མིའི་གྱོན་ཆས་ཞལ་འདེབས་རྒྱག་གི་ཡོད། ཅེས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ས་གནས་རྒྱ་གར་མི་མང་ལ་རོགས་སྐྱོར་མཚོན་ཕྱིར་བཞུགས་སྒར་ཁུལ་གྱི་མི་མང་ནས་གྱོན་ཆས་སྦྱིན་གཏོང་གནང་དགོས་པའི་འབོད་སྐུལ་གནང་བ་ལྟར། ཚོགས་སྡེ་ཁག་དང་མི་སྒེར་སོགས་ནས་གྱོན་གོས་རིགས་འབོར་ཆེན་སྦྱིན་གཏོང་བྱས་འདུག་ལ། མུ་མཐུད་ནས་མི་མང་གིས་གྱོན་གོས་སོགས་སྦྱིན་པ་གཏོང་གི་ཡོད་སྟབས། སང་ཉིན་ཡང་གྱོན་གོས་རླངས་འཁོར་གང་རྫོང་དཔོན་ལས་ཁུངས་སུ་གཏོང་འཆར་འདུག

རྒྱ་གར་གྱི་ (IndiaToday) གསར་ཁང་གི་གནས་ཚུལ་ལྟར་ན། ཆར་དུས་མགོ་བཙུགས་པ་ནས་ཉེ་བའི་ཟླ་གཅིག་ཙམ་གྱི་ནང་། ཧི་མ་ཅལ་མངའ་སྡེའི་ནང་ཁྱོན་བསྡོམས་མི་གྲངས་ ༢༣༨ རྐྱེན་འདས་དང་མི་གྲངས་ ༤༠ བོར་བརླག་ཏུ་ཕྱིན་ཡོད་པ་དང་། ཧི་མ་ཅལ་ཁྱོན་ཡོངས་ཀྱི་འགྲོ་ལམ་གྲངས་  ༧༠༩ གནོད་སྐྱོན་ཐེབས་ཏེ་འགག་ཡོད་འདུག

དེ་རིང་ཕྱི་ཚེས་ ༢༤ ཉིན་ཧི་མ་ཅལ་མངའ་སྡེའི་གནམ་གཤིས་བརྟག་དཔྱད་ཁང་གིས། ཀཱང་ར་རྫོང་དང་མན་ཌིའི། སིམ་ལ། ཀུ་ལི། སོ་ལན། ཅང་པ་སོགས་སུ་ཆར་བ་ཤུགས་ཆེན་འབབ་སྲིད་པའི་ཉེན་བརྡ་བཏང་འདུག་ལ། ས་གནས་དེ་དག་གི་སློབ་གྲྭ་ཁག་གནས་སྐབས་སྒོ་བརྒྱབ་འདུག

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist