མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སང་ཉིན་ནས་རྒྱལ་ས་ལྡི་ལིར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་འཚོག་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༢༣/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་དང་ཨུ་རུ་སུའི་མགོ་འཁྲིད་པུ་ཊིན་གཉིས་མ་གཏོགས་རྒྱལ་ཁབ་གཞན་གྱི་དབུ་འཁྲིད་རྣམས་དེ་རིང་ནས་རྒྱལ་ས་ལྡི་ལིར་འཛོམས་ཀྱི་འདུག

སང་ཉིན་ཕྱི་ཚེས་ ༩ ནས་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་དབུ་ཁྲིད་ཀྱི་ཚོགས་ཆེན་འཚོག་རྒྱུ་ཡིན་ཞིང་། ཚོགས་ཐོག་ཏུ་ཨ་རིའི་སྲིད་འཛིན་ཇོ་བྷའེ་ཌིན་མཆོག་དང་། ཧྥ་རན་སིའི་སྲིད་འཛིན་ཨེམ་མཱ་ནུལ་མཱ་ཁི་རོན་མཆོག དབྱིན་ཡུལ་སྲིད་བློན་རི་ཤི་སུ་ནཱཀ་མཆོག ཨོ་གླིང་གི་སྲིད་བློན་ཨིན་ཐོ་ནེེ་ཨལ་བྷ་ནེ་སི་མཆོག ཉི་ཧོང་གི་སྲིད་བློན་ཧྥུ་མོ་ཀི་ཤི་ཌ་མཆོག ཨེ་ཌ་ལིའི་སྲིད་བློན་ཇོར་ཇི་ཡ་མེ་ལོ་ནི་མཆོག་སོགས་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་དབུ་འཁྲིད་རྣམས་དེ་རིང་འཛོམས་བཞིན་ཡོད་ཀྱང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་རྒྱ་ནག་གི་མཐུན་ཕྱོགས་ཨུ་རུ་སུའི་མགོ་འཁྲིད་པུ་ཌིན་ཡང་ཐེངས་འདིའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱ་རྒྱུ་མིན་པ་རེད།

ལྷན་ཚོགས་ཐོག་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་མཉམ་ཞུགས་མ་བྱས་པར་རྒྱ་ནག་གི་སྲིད་བློན་ལི་ཆིང་(Li Qiang)གིས་སྣེ་འཁྲིད་པའི་ཚོགས་ཆུང་ཞིག་གིས་མཉམ་ཞུགས་བྱ་རྒྱུ་ཡིན་སྟབས། ད་ལན་ཞི་ཅིན་ཕིན་ལྷན་ཚོགས་ཐོག་མཉམ་ཞུགས་མ་བྱས་པའི་ཐད་གླེང་སློང་མང་པོ་ཡོང་མུས་ཡིན་ཞིང་། དེ་འབྲེལ་བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཞི་ཅིན་ཕིན་ཚོགས་ཆེན་དུ་མ་ཡོང་བའི་གནད་དོན་དེའི་ཐད་རྒྱ་དཀར་ནག་གཉིས་ཀས་དམིགས་བསལ་གསལ་བཤད་བྱས་མེད་ཀྱང་། ཕྱི་ལོ ༢༠༢༠ ལོར་ཧིན་བོད་མཐའ་མཚམས་ཀྱི་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་རྗེས། ཕྱོགས་གཉིས་ཀའི་འབྲེལ་ལམ་ཇེ་ཞན་དུ་གྱུར་ཡོད་པའི་ཁར། འདས་པའི་ལོ་ཤས་རིང་ཕྱོགས་གཉིས་ཀས་མཐའ་མཚམས་ཁུལ་དུ་དམག་མི་འགྲེམས་འཇོག་བྱེད་བཞིན་དམག་རྒྱག་པར་སྟ་གོན་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཉེ་སྔོན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༣ ལོའི་རྒྱ་ནག་གི་ས་ཁྲ་ཟེར་བ་ཞིག་གསལ་བསྒྲགས་བྱས་ཏེ། ས་ཁྲ་དེ་ས་ཁྲ་ཙམ་ཞིག་མིན་པར་མ་འོངས་པར་རྒྱལ་ཁབ་འཕེལ་རྒྱས་དང་བརྟན་བརླིང་ཡོང་བའི་འཆར་གཞི་ཁག་གི་རྨང་གཞི་ཡིན་ཚུལ་བསྒྲགས་ཡོད་ལ། ས་ཁྲ་དེའི་ནང་དུ་རྒྱ་གར་གྱི་མངའ་ཁོངས་ཨ་རུ་ན་ཅལ་དང་ཨེག་སི་ཆིན། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་བརྒྱ་ཆ་ ༩༠ རྒྱ་ནག་ལ་དབང་སྐོར་གྱི་ས་ཁྲ་བཟོས་རྐྱེན་འདབས་འབྲེལ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ ༦ གིས་ས་ཁྲ་དེར་རྩ་བ་ཉིད་ནས་ངོས་ལེན་མེད་པའི་རྒོལ་གཏམ་བསྒྲགས་ཏེ་རྒྱ་ནག་དང་འཁོན་སེམས་སྔར་ལས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

ཐེངས་འདིའི་ལྷན་ཚོགས་ཀྱི་མགོ་བརྗོད་ནི་གོ་ལ་གཅིག ཁྱིམ་ཚང་གཅིག་དང་། ཕུགས་འདུན་གཅིག་(One Earth, One Family and One Future ) ཡིན་ཞིང་། ད་ལན་སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་འཁྲིད་རྣམས་ཀྱི་ཚོགས་འདུའི་སྟེང་། འཛུགས་སྐྲུན་གྱི་ལས་གཞིས་རང་བྱུང་ལ་ཐེབས་པའི་གནོད་འཚེ་དང་། གོ་ལའི་འཕྲོད་བསྟེན། གོ་ལའི་ཟས་བཅུད་ཀྱི་འཁོར་འགྲོས། ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་བྱས་ནས་རང་བྱུང་ཁམས་ལ་ཐེབས་པའི་གནོད་འཚེ་སོགས་ཀྱི་ཐད་ལ་གླེང་སློང་བྱ་རྒྱུ་ཡིན་འདུག་ལ། ཚོགས་ཆེན་འདི་དག་བསྟུན་ནས་རྒྱ་གར་གཞུང་གིས་ལྡི་ལི་གསར་པ་ཁུལ་གྱི་ས་གནས་མང་དག་ལ་འགྲོ་སྐྱོད་དམ་དྲག་དང་། ཁུལ་དེའི་ཉེན་རྟོག་ལས་ཁུངས་ཀྱིས་ནམ་རྒྱུན་ཡུལ་སྐོར་སྤྲོ་འཆམ་པ་ཆེས་མང་སའི་རྒྱ་གར་གྱི་རྒྱལ་སྒོ་(India Gate) དང་ཀར་ཊ་ཡ་ལམ་གཞུང་(Kartavya Path )སོགས་སུ་འགྲོ་བར་སྟངས་འཛིན་བྱེད་བཞིན་ཡོད་འདུག

The G20 Summit 2023 is being held in New Delhi from September 9 to 10. Here is more about the first G20 Summit and the world leaders who will be attending or won’t be showing up this year. (Photo: PTI)

ད་ལན་གྱི་ལྷན་ཚོགས་ཀྱི་སྔ་གཞུག་ཏུ་དཔེར་ན། ཟླ་འདིའི་ཕྱི་ཚེས་ ༥ དང་༦ ཉིན་ལྡི་ལི་རུ་རྒྱལ་ཁབ་སོ་སོའི་དཔལ་འབྱོར་སྐུ་ཚབ་བར་ཚོགས་འདུ་དང་། ཕྱི་ཚེས་ ༡༣ དང་ ༡༤ ཉིན་ཝཱ་རཱ་ཎ་སིའི་གྲོང་ཁྱེར་དུ་དཔལ་འབྱོར་བརྟན་བརླིང་གི་ལས་འཛིན་པའི་ལྷན་ཚོགས། དེ་བཞིན་ཚེས་ ༡༤ ནས་༡༦ བར་མམ་བྷེ་རུ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཚོགས་པ་ཁག་གི་ཚོགས་འདུ། ཚེས་ ༡༨ དང་ ༡༩ ཉིན་རཱ་ཇི་པུར་དུ་འཆར་འགོད་བྱ་བའི་ཚོགས་པ་ཁག་གི་ཚོགས་འདུ། ཕྱི་ཚེས་ ༢༠ ནས་ ༢༣ བར་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་དུ་རྒྱལ་སྤྱིའི་དཔལ་འབྱོར་གྱི་ཁང་བཟོའི་ལས་དོན་གྱི་ཚོགས་པ་ཁག་གི་ཚོགས་འདུ་བཅས་བསྡུ་རྒྱུ་ཡིན་འདུག

སྤྱིར་རྒྱ་ནག་གཞུང་གི་ཚོགས་ཆུང་དེས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥  ནས་ཉིན་གྲངས་གཉིས་རིང་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ནཱ་གྷར་ (Itanagar) དུ་འཚོགས་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ཚོགས་ཆེན་ཁྲོད་དང་། འདི་ལོའི་ཕྱི་ཟླ་ ༥ ཕྱི་ཚེས་ ༢༣  ནས་ཉིན་གྲངས་གཉིས་རིང་རྒྱ་གར་བྱང་ཕྱོགས་ཇཱ་མུ་དང་ཀ་ཤི་མིར་མངའ་སྡེའི་ཤྲི་ནཱ་སྒར་དུ་འཚོགས་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་ཁྲོད་དུའང་མཉམ་ཞུགས་བྱས་མེད་པ་རེད། 

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

India arrests Chinese employee of smartphone maker Vivo
Mobile App

རྒྱ་གར་གྱིས་ཝི་ཝོ་ (Vivo) ཁ་པར་བཟོ་སྐྲུན་ཁང་གི་ལས་བྱེད་རྒྱ་མི་ཞིག་འཛིན་བཟུང་བྱས།

༢༠༢༣/༡༠/༡༢
Mobile App

རྒྱ་ནག་གཞུང་གིས་ཕྱི་འབྲེལ་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས།

༢༠༢༣/༠༧/༠༡
པར་དབང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
Mobile App

འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་དེ་རྒྱའི་ཁོངས་གཏོགས་ཡིན་ཟེར་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས།

༢༠༢༣/༠༦/༢༩
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོམ་བགྲོད་པ་རྣམས་
Mobile App

གཞོན་ནུའི་བོད་དོན་གོམ་བགྲོད་པ་རྣམས་ཏེ་ཛི་པུར་དུ་བསླེབ་རྒྱུར་སྤྱི་ལེ་ ༤༣ ལྷག་ལས་མི་འདུག

༢༠༢༣/༠༥/༡༩
Chinese President Xi Jinping with Hong Kong Chief Executive-elect John Lee in Beijing. Photo: Handout
Mobile App

ཧོང་ཀོང་གི་བདམས་ཐོན་སྤྱི་ཁྱབ་པེ་ཅིན་དུ་ཕྱིན་ཏེ་ཞི་ཅིན་ཕིང་ལ་ཐུག་འཕྲད་བྱས།

༢༠༢༢/༠༥/༣༡

མཆན། 1

  1. midlaj says:
    ལོ་ 2 སྔོན།

    སང་ཉིན་ཕྱི་ཚེས་ ༩ ནས་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་དབུ་ཁྲིད་ཀྱི་ཚོགས་ཆེན་འཚོག་རྒྱུ་ཡིན་ཞིང་།
    ཚོགས་ཐོག་ཏུ་ཨ་རིའི་སྲིད་འཛིན་ཇོ་བྷའེ་ཌིན་མཆོག་དང་། ཧྥ་རན་སིའི་སྲིད་འཛིན་ཨེམ་མཱ་ནུལ་མཱ་ཁི་རོན་མཆོག དབྱིན་ཡུལ་སྲིད་བློན་རི་ཤི་སུ་ནཱཀ་མཆོག ཨོ་གླིང་གི་སྲིད་བློན་ཨིན་ཐོ་ནེེ་ཨལ་བྷ་ནེ་སི་མཆོག ཉི་ཧོང་གི་སྲིད་བློན་ཧྥུ་མོ་ཀི་ཤི་ཌ་མཆོག ཨེ་ཌ་ལིའི་སྲིད་བློན་ཇོར་ཇི་ཡ་མེ་ལོ་ནི་མཆོག་སོགས་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་དབུ་འཁྲིད་རྣམས་དེ་རིང་འཛོམས་བཞིན་ཡོད་ཀྱང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese