མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཔོན་ཞིག་གིས་ཨ་སྒོར་ས་ཡ་ ༤༥ ལྷག་ཟོས་པའི་ནག་ཉེས་འོག་སྲོག་ཁྲིམས་བཅད།

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་མི་སྲོག་འགན་ལེན་ཚད་ཡོད་ཚོང་གཉེར་ཁང་གི་འགན་འཛིན་ཟུར་པ་ཝང་བྷིན་གྱིས་ཨ་སྒོར་ས་ཡ་ ༤༥ ལྷག་ལྐོག་ཟ་དང་ཨ་སྒོར་ས་ཡ་ ༧ ལྷག་སྦེད་སྐོང་བྱས་པའི་ཉེས་མིང་འོག་སྲོག་ཁྲིམས་བཅད་ཡོད་འདུག

རྒྱ་ནག་མི་སྲོག་འགན་ལེན་ཚད་ཡོད་ཚོང་གཉེར་ཁང་གི་འགན་འཛིན་ཟུར་པ་ཝང་བྷིན།

ཁ་སང་ཕྱི་ཚེས་ ༡༣ ཉིན་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་མི་སྲོག་འགན་ལེན་ཚད་ཡོད་ཚོང་གཉེར་ཁང་(China Life Insurance Company Limited)གི་འགན་འཛིན་ཝང་བྷིན་(Wang Bin)ཞེས་པ་ཞིག་གིས། ཨ་སྒོར་ས་ཡ་ ༤༥ ལྐོག་ཟ་བྱས་པ་དང་། ཨ་སྒོར་ས་ཡ་ ༧།༤༤ སྦེད་སྐོང་བྱས་པའི་ནག་ཉེས་འོག ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་དུས་ཡུན་ལོ་གཉིས་འཕར་འགྱང་གིས་ཝང་ལ་སྲོག་ཁྲིམས་བཅད་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡ པོའི་ནང་ཞིབ་འཇུག་བྱེད་མགོ་བཙུགས་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༩ ཚེས་ ༡ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་གིས་ཝང་བྷིན་གྱིས་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་པ། རང་ཉིད་ཀྱི་ཁེ་ཕན་སླད་དབང་ཆ་བེད་སྤྱོད་ལོག་པར་བཏང་བའི་དོགས་གཞིའི་འོག ལས་གནས་དང་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བཏང་ཡོད་འདུག དེ་ནས་ཟླ་དེའི་ཕྱི་ཚེས་ ༡༤ ཉིན་དངོས་སུ་འཛིན་བཟུང་བྱས་ཡོད་འདུག

བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༢༡ ལོར་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་པའི་ཉེས་མིང་འོག་སྲོག་ཁྲིམས་བཅད་པའི་རྒྱ་ནག་ཧྭ་རོང་རྒྱུ་ནོར་དོ་དམ་ཚད་ཡོད་ཚོང་གཉེར་ཁང་གི་འགན་འཛིན་ཟུར་པ་ལའེ་ཞོ་མིན་དང་ཝང་བྷིན་བར་གསང་བའི་འབྲེལ་འདྲིས་ཟབ་པ་མ་ཟད། ཨོ་མིན་གྱི་རྒྱན་འཇོག་ཁྲོམ་རའི་ནང་གི་གཅེན་གཅུང་དུའང་འབོད་སྲོལ་ཡོད་འདུག  ད་དུང་ཝང་བྷིན་གྱིས་ལའེ་ཞོ་མིན་གྱི་གཉེན་ཉེ་ཚོར་ཞི་བདེ་རྒྱ་མཚོ་ཚོང་གཉེར་ཁང་དང་རྒྱ་ནག་མི་སྲོག་འགན་ལེན་ཚད་ཡོད་ཚོང་གཉེར་ཁང་ནང་དུ་ལས་ཀའི་གོ་སྐབས་སྤྲད་པ་དང་། ལའེ་ཞོ་མིན་གྱིས་ཝང་བྷིན་གྱི་གཅུང་པོ་ཝང་ཆང་ཧྭ་རོང་རྒྱུ་ནོར་དོ་དམ་ཚད་ཡོད་ཚོང་གཉེར་ཁང་དུ་ཡར་འཇུག་མར་ལེན་ཐེངས་མང་བྱས་པ་སོགས་གོ་དབང་ལོག་སྤྱོད་བྱས་པ་མ་ཟད། འདས་ལོར་ཝང་བྷིན་འཛིན་བཟུང་བྱས་རྗེས་ཝང་ཆང་ཧོང་ཀོང་ནས་པེ་ཅིན་དུ་ཕྱིར་ལོག་རྗེས་གོ་ཐོས་མེད་པར་གྱུར་ཡོད་པ་རེད།

དེ་བཞིན་རྒྱ་སྒོར་ས་ཡ་ ༨༥ ལྷག་ལྐོག་ཟ་བྱས་པའི་རྒྱ་ནག་རྒྱལ་ཁབ་འཕེལ་རྒྱས་དངུལ་ཁང་གི་དམར་ཤོག་དྲུང་ཆེ་ཧུའུ་ཧའེ་པང་ལ་ཕྱི་ལོ་ ༢༠༢༡ ལོར་ཧུའུ་པའེ་ཞིང་ཆེན་ཁྲིན་ཌི་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཧུའུ་ཧའེ་པང་དང་ཝང་བྷིན་གཉིས་ལོ་ ༤ ལྷག་ལ་ལས་རོགས་བྱས་ནས་བསྡད་པ་མ་ཟད། ལའེ་ཞོ་མིན་དང་ཧུའུ་ཧའེ་པང་གཉིས་གཅིག་རྗེས་མཐུད་དུ་གནས་ཚུལ་བྱུང་རྗེས་ཝང་བྷིན་མཉམ་དུ་ཡོད་དགོས་ངེས་པའི་གླེང་གཞི་བྱུང་ཡོད་ཀྱང་། ད་ལྟ་བར་དུ་ཝང་བྷིན་ལ་ཐག་གཅོད་བྱུང་མེད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

སྐར་མ ༢༠ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༤ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese