མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་དབང་ཞུ་རུ་ཕྱིན་པའི་རྒྱ་གཞུང་ལས་བྱེད་པ་ཞིག་བཙན་འཁྲིད་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་ཉེན་རྟོག་པ་ཟུར་པ་དང་གུང་ཁྲན་ཏང་ཡོན་ལས་བྱེད་ཅིག་དུས་འཁོར་དབང་ཆེན་ཞུ་རུ་ཕྱིན་ན་ཁྲིམས་འགལ་ཡིན་པའི་ཉེས་འཛུགས་འོག་བོད་མི་ཚེ་པོ་ལགས་བཙན་འཁྲིད་བྱས་འདུག

རྒྱ་ནག་ཉེན་རྟོག་པ་ཟུར་པ་བོད་མི་ཚེ་པོ་ལགས། པར་དུས་བབ་ལ་མཁོ་སྤྲོད་བྱས།

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོར། བོད་སྒ་སྐྱེ་རྒུ་མདོ་ཆུ་དམར་ལེབ་རྫོང་ཁོངས་ནས་ཡིན་པའི་རྒྱ་གཞུང་ཉེན་རྟོག་པ་ཟུར་པ་དང་། གུང་ཁྲན་ཏང་ཡོན་ཚེ་པོ་ཟེར་བའི་སྐྱེས་པ་ཞིག་གིས། ཨ་མ་རྒས་མོ་དང་བཟའ་ཟླ་བུ་ཕྲུག་བཅས་ནང་མི་གསུམ་ཁྲིད་དེ། གུང་ཐང་སྐུ་ཕྲེང་བདུན་པ་བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་གི་ཉིན་གྲངས་བཞིའི་རིང་གི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་ཕྱིན་ཏེ། ལམ་བར་གྱི་ཁྲིན་འདུ་རྫོང་གི་ཟ་ཁང་ཞིག་ནང་ཉིན་གུང་གི་ཟ་མ་ཟ་བཞིན་པའི་སྐབས་སུ། གློ་བུར་དུ་རྒྱ་གཞུང་ཉེན་རྟོག་པ་བསླེབས་ཏེ་ཁོང་ཚོ་གང་དུ་འགྲོ་མཁན་ཡིན་མིན་སོགས་འདྲི་རྩད་བྱས་པ་མ་ཟད། དུས་འཁོར་དབང་ཆེན་ཞུ་རུ་འགྲོ་མཁན་ཡིན་ན་ཐོ་འགོད་བྱེད་དགོས་ཚུལ་བརྗོད་ཡོད་འདུག

དེ་ནས་ཁོང་ཚོས་ཐོ་འགོད་བྱས་ཏེ་ཅུང་ཙམ་ལས་མ་འགོར་བར་མི་གཞན་ཞིག་ཡོང་སྟེ། དུས་འཁོར་དབང་ཆེན་ལ་འགྲོ་ཆོག་གི་མ་རེད་ཟེར་ནས་ཁོང་ཚོ་ཚང་མ་ཕྱིར་ལོག་དགོས་པའི་བཀའ་བཏང་ཡོད་པ་མ་ཟད། ཚེ་པོ་ལ་ཁྱོད་རང་ད་བར་ལོ་ངོ་༣༢ རིང་ས་གནས་འདྲ་མིན་ནང་ཉེན་རྟོག་པ་སོགས་ཀྱི་ལས་འགན་འདྲ་མིན་ཁུར་མྱོང་བའི་གུང་ཁྲན་ཏང་ཡོན་རྒན་གྲས་ཤིག་ཡིན་སྟབས། ཁྲིམས་ལུགས་ཆ་ཚང་ཤེས་བཞིན་དུ་དེ་འདྲ་བྱས་པ་ནི་ཧ་ཅང་ཚབས་ཆེན་དང་ཁྲིམས་འགལ་ཡིན་ལུགས་རྗོད་དེ། ཁོང་ཉེན་རྟོག་ཁང་དུ་བཙན་འཁྲིད་བྱས་ཡོད་འདུག

ཚེ་པོ་ལགས་ཀྱིས་ད་བར་ལོ་ངོ་༣༢ རིང་རྫ་སྟོད་སོགས་ས་གནས་འདྲ་མིན་ནང་ཉེན་རྟོག་པ་དང་ཡུལ་ཚོའི་འགོ་ཁྲིད། ཕྱུག་རིགས་ཚན་པའི་འགོ་ཁྲིད་སོགས་ཀྱི་འགན་ཁུར་མྱོང་ཡོད་འདུག་ལ། ད་ལྟ་རང་ལོ་དྲུག་ཅུའི་ནང་བསླེབས་ཡོད་འདུག

སྐྱེ་རྒུ་མདོ་ཁུལ་ཁྲ་སྟོད་ལའི་བཀག་འགོག་ས་ཚིགས་ཤིག པར་དུས་བབ་ལ་མཁོ སྤྲོད་གནང་།

གུང་ཐང་རིན་པོ་ཆེ་མཆོག་གི་དུས་འཁོར་དབང་ཆེན་ཞུ་བར་བོད་ཡུལ་ཕྱོགས་མཐའ་ཀུན་ནས་མི་གྲངས་ཁྲི་ཚོ་མང་པོ་འཛོམས་བཞིན་ཡོད་སྟབས། ས་གནས་སྲིད་གཞུང་གིས་བརྡ་ཁྱབ་བཏང་སྟེ། ཐེངས་འདིའི་དུས་དབང་ནི་མཛོད་དགེ་སྟོད་སྨད་མི་མང་གི་ཆེད་དུ་ཡིན་སྟབས། ས་གནས་གཞན་ནས་ཆོས་ཞུ བར་ཡོང་མི་ཆོག་པ་དང་། ཡོང་ནའང་ཕྱིར་ལོག་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་ལྟར། ལམ་བར་གྱི་ས་གནས་མང་པོ་ནས་ཉེན་རྟོག་པས་བཀག་འགོག་བྱས་ཏེ་དུས་དབང་ཞུ་རུ་འགྲོ་བ་ཡིན་མིན་སོགསའདྲི་རྩད་བྱས་ཏེ་འགོག་བཞིན་ཡོད་འདུག

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

ཆུ་ཚོད་ ༡༧ སྔོན་ལ།
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese