མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩམ་པ་རང་གིས་བཟས་ནས་ལག་པ་གཞན་ལ་ཕྱིས།

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱང་ལྟ།

བོན་སྤྱི་སྨོན་ལམ་མཐར་ཕྱིན་དང་འབྲེལ་བའི་གནས་ཚུལ་ཚང་མས་མཁྱེན་གསལ་ལྟར། བསྐྱར་གླེང་བྱ་དགོས་མ་མཆིས། འདིར་དེ་དང་འབྲེལ་ནས་གྲོས་ཚོགས་ཚོགས་མ་ཐུབ་པའི་བྱས་ཉེས་སུ་ལ་ཡོད་མེད་སྐོར་གླེང་བར་འདོད། ཉེ་ལམ་དགེ་ལུགས་པའི་སྤྱི་འཐུས་གོ་ཕན་གྱིས་བང་ཆེན་གསར་ཁང་བརྒྱུད་ནས་མི་མང་ལ་བརྡ་ལན་འདི་འདྲ་ཞིག་སྤྲད་ཡོད། གྲོས་ཚོགས་ཚོགས་མ་ཐུབ་པར་ཉིན་བཞིའི་རྗེས་ཚོགས་གཙོ་སྦྲེལ་བོས་སྤྱི་འཐུས་རྒྱུན་ལས་བསྐངས་ནས་གྲོས་ཚོགས་ཕར་འགྱང་དང་། ཡང་ན་ཚོགས་ཐུབ་རྒྱུར་ཐབས་ལམ་གང་འདྲ་འདུག་ཅེས་གནད་དོན་གཉིས་ཐད་གྲོས་བསྡུར་བྱས་ཤིང་། སྤྱི་འཐུས་རྒྱུན་ལས་ཀྱིས་སྨོན་ཐར་དང་འབྲེལ་བའི་གནས་ཚུལ་”བརྒྱུད་ལམ་གཞན་ནས་བསླེབས་ཀྱི་ཡོད་ནའང་། ང་ཚོའི་བདེ་སྲུང་གི་ངོས་ནས་ཕྱག་སྦྲེལ་སྤྱི་འཐུས་ལ་བརྒྱུད་ལམ་དེ་ཚོས་དཔང་རྟགས་ཁ་གསལ་མ་ཡོང་བར་དོགས་གཞི་གང་ཡང་མེད་ཅེས་གསལ་བསྒྲགས་ཤིག་སྤེལ་པ་ཡིན་ན། གྲོས་ཚོགས་ཚོགས་ན་འགྲིག་གི་འདུག་”ཅེས་ཐབས་ལམ་བཏོན་སྐོར་བཤད་སོང་། ཧ་ཧ། སྐད་ཆ་འདི་ནི་ཧ་ཅང་གི་རྫབ་ཆེན་མིན་ནམ། ༸གོང་ས་མཆོག་གི་སྐུ་ཕྱཱ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བདེ་འཇགས་ལ་རྒྱ་གར་གཞུང་གིས་འགན་ལེན་བྱེད་བཞིན་ཡོད། གནས་ཚུལ་ཡོང་ཁུངས་ནས་གནད་དོན་ལ་འགྱུར་བ་མི་འདུག་ཅེས་བདེ་སྲུང་བཀའ་བློན་གྱིས་གྲོས་ཚོགས་ནང་གསལ་བོར་གསུངས་བྱུང་། གལ་སྲིད་གནས་ཚུལ་སྤྲོད་མཁན་དེ་རྒྱ་གར་གཞུང་གསང་བའི་ལས་ཁུངས་ཡིན་ཚེ། ང་ཚོ་བདེ་སྲུང་ལས་ཁུངས་ཀྱིས་གསལ་བསྒྲགས་དེ་འདྲ་ཞིག་བྱས་ན། སུ་ལ་ཕོག་ཐུག་འགྲོ་རྒྱུ་གསལ་བོ་མིན་ནམ། དཔལ་ལྡན་བདེ་སྲུང་ལས་ཁུངས་ཀྱིས་གནས་ཡུལ་རྒྱ་གར་གཞུང་གསང་བའི་ལས་ཁུངས་དང་ཐད་ཀར་འགལ་བ་འགྲོ་གཞིའི་བྱ་བ་དེ་འདྲ་ཞིག་རྩོམ་སྲིད་དམ། གལ་སྲིད་བརྩམས་པ་ཡིན་ན། ༸གོང་ས་མཆོག་གི་སྐུ་ཕྱཱས་མཚོན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད། རྗེས་སོར་རྒྱ་གར་གཞུང་གསང་བའི་ལས་ཁུངས་དང་མཉམ་ལས་ཇི་ལྟར་བྱ་ཐུབ་བམ། དེ་ཁྱེད་ཚོས་མ་ཤེས་པ་ག་ལ་ཡིན་ཏེ་རྐང་བཙུགས་ནས་ཁྱེད་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གནས་སྟངས་དེ་འདྲ་ཞིག་གི་ལམ་དུ་འདེད་ཀྱིན་མེད་དམ་སྙམ། དཔལ་ལྡན་བཀའ་ཤག་གི་བཀའ་ལན་ནི། ཧ་ཅང་གི་ཐབས་མཁས་དང་གནས་ལུགས་དང་མཐུན་པ་མ་ཟད། ཕྱོགས་གཉིས་ཀར་འགལ་བ་འགྲོ་གཞི་མེད་པ་སྟེ། ” འབྲེལ་ཡོད་བརྒྱུད་ལམ་ཁག་གི་གནས་ཚུལ་ལ་མཇུག་སྐྱོང་ཞུ་མུས་ཡིན། འཛིན་སྐྱོང་གི་ངོས་ནས་དོ་བདག་སྤྱི་འཐུས་ལ་སྐྱོན་འཛུགས་གང་ཡང་ཞུས་མེད། ” ཅེས་པ་དེ་རེད། དཔལ་ལྡན་བཀའ་ཤག་ལ་མཚོན་ན། དངོས་ཡོད་དང་གཟུར་གནས་ཀྱི་ལན་དེ་ལས་གཞན་ཞིག་རྒྱག་ཐབས་མེད་པ་གོང་བརྗོད་ལྟར་ཡིན།

ལར་ནས་གནད་དོན་འདིའི་ཐད་དཔལ་ལྡན་སྲིད་སྐྱོང་མཆོག་གི་གྲོས་ཚོགས་ར་བ་རང་ནས་གསལ་བོར་གསུངས་ཡོད། “མི་ཞིག་ལ་སྐྱོན་བརྗོད་བྱས་པ་ཙམ་གྱིས་ལམ་སང་ནག་པོ་ཆགས་པ་དེ་འདྲ་མ་རེད་པཱ། ཁྲིམས་ལ་གཏུགས་པ་འདྲ་ཞིག་ཡིན་ནའང་། ཁྲིམས་ཀྱིས་ཁུངས་སྐྱེལ་ཚར་ན་མ་གཏོགས་ནག་ཉེས་ཆགས་ཀྱི་མེད། ཁྲིམས་ལ་གཏུགས་པའི་ཉིན་མོ་དེ་ག་རང་ལ་ནག་ཉེས་ཆགས་ཀྱི་ཡོད་པ་མ་རེད། “ཅེས་གསལ་བོར་གསུངས་པ་འདི་ལས་ལྷག་པའི་གསལ་བསྒྲགས་ཤིག་ག་རེ་དགོས་སམ།

དགེ་ལུགས་སྤྱི་འཐུས་གོ་ཕན་གྱི་བརྡ་ལན་ལ་གསལ་བཤད།

དགེ་ལུགས་སྤྱི་འཐུས་གོ་ཕན་གྱིས་བོད་ཀྱི་བང་ཆེན་གསར་ཁང་བརྒྱུད་ནས་མི་མང་ལ་བརྡ་ལན་གཞན་ཞིག་འདི་ལྟར་སྤྲད་ཡོད། ” དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོག་ཕེབས་པའི་ལས་རིམ་རྒྱུན་ལས་ནང་ཡོང་བསྡད་པ་རེད། ཨ་ཁ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་མཉམ་རུབ་བྱས་མ་སོང་ཨ་བསམས་པ་ཞིག་དང་། ག་ཚོད་ཅིག་གྲོས་ཚོགས་ཚོགས་མ་ཐུབ་པར་འགྱངས་ཐུབ་ན་ཁོང་ཚོར་དགའ་ཚོར་ཡོད་ས་རེད་བསམ་པ་ཞིག “ཅེས་སོགས་བཤད་ཡོད། དེ་དངོས་འབྲེལ་ཡིན་ནམ། ད་ལྟ་མི་དམངས་རྣམས་གཉིད་སད་ཡོད། སྐད་ཆ་འདིས་བློ་དམན་རེ་ཟུང་གིས་བདེན་སྙམ་དུ་སྲིད་ཀྱང་། མི་དམངས་བྱིངས་ནས་གོ་ཕན་གྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་མ་ཉེས་ཁ་གཡོགས་བྱས་ཏེ། གྲོས་ཚོགས་ཚོགས་མ་ཐུབ་པའི་རང་སྐྱོན་གཞན་འགོར་གཡོག་ཐབས་བྱེད་བཞིན་པ་གསལ་བོར་མཐོང་ཐུབ།

གལ་སྲིད་དཔལ་ལྡན་སྲིད་སྐྱོང་མཆོག་ཁྱེད་ཀྱིས་བཤད་པ་ལྟར་ཡིན་ན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་མུ་མཐུད་ཚོགས་དགོས་རྒྱུར་འབོད་སྐུལ་འདི་ལྟར་ཞུ་སྲིད་དམ། དེ་ཡང་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གསུམ་པའི་ཚོགས་ཐུན་བཞི་བའི་སྟེང་། དཔལ་ལྡན་མི་རྗེ་སྐུ་ངོ་སྲིད་སྐྱོང་མཆོག་གིས། “གནད་དོན་ཞིག་བྱུང་བ་དང་གྲོས་ཚོགས་ཚོགས་ཀྱི་མིན་ཟེར་ན། ང་ཚོ་འདིར་ག་རེ་བྱེད་དུ་ཡོང་བ་རེད། གྲོས་ཚོགས་སྐབས་བཅུ་བདུན་པ་ཕེབས་ནས་ལོ་གཉིས་ཙམ་འགྲོ་གྲབས་བྱེད་བཞིན་ཡོད། ད་དུང་ཁྲིམས་སྒྲིག་གཏན་འབེབས་ཐུབ་ཀྱི་མེད། ད་ལྟ་ལས་བསྡོམས་སྒང་ལ་འགྲོ་བཞིན་ཡོད། ལས་བསྡོམས་བགྲོ་གླེང་བྱེད་རྒྱུར་ཡང་གྲོས་ཚོགས་འཚོགས་ཀྱི་མིན་གསུངས་ན། ང་ཚོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལས་ཀ་ག་རེ་བྱ་དགོས་པ་རེད། ང་ཚོ་འཛིན་སྐྱོང་གིས་སུ་ལ་འགན་འཁུར་དགོས་པ་རེད། དེ་ཚོར་དགོངས་པ་བཞེས་དགོས་ཀྱི་འདུག གཙང་མ་ཆགས་རྒྱུ་དེ་དུས་ཚོད་བསླེབས་དུས་གཙང་མ་ཆགས་ཡོང་གི་རེད། ཐག་གཅོད་མ་བྱུང་བར་ལས་རིམ་མུ་མཐུད་འགྲོ་བཞག་ན། མི་མང་ལ་ཡིན་ནའང་ང་ཚོས་འགན་ཏག་ཏག་འཁུར་ཡོད་པ་དང་། འཛམ་བུའི་གླིང་སྤྱི་ཚོགས་གཞན་པ་ཚོའི་ནང་ལའང་། ང་ཚོས་དམངས་གཙོ་ཚད་ལྡན་ཞིག་ཡོད་ཟེར་ནས་ལབ། ད་རེས་གྲོས་ཚོགས་ཚོགས་དུས་ཀྱང་ཚོགས་ཐུབ་མ་སོང་ཞེས་ང་ཚོས་ག་འདྲ་སེ་འགྲེལ་བཤད་རྒྱག་གམ། རྩ་དོན་ག་འདྲ་སེ་རྩོད་དམ། དེ་འདྲ་སོང་ཙང་དེ་ཚོ་ཚང་མར་དགོངས་པ་བཞེས་རོགས། “ཞེས་ཧ་ཅང་སེམས་ཚོར་ཆེན་པོའི་ཐོག་གྲོས་ཚོགས་མུ་མཐུད་འཚོགས་རྒྱུར་འབོད་སྐུལ་ཞུས་བྱུང་།
འབོད་སྐུལ་དེའི་རྒྱབ་གནོན་དུ་སླར་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་འདི་ལྟར། ” དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་ལྟར་རེད། དཀའ་ངལ་རེ་འཕྲད་ཡོང་དུས་གྲོས་ཚོགས་འཚོགས་ཐུབ་ཀྱི་མེད། ལས་རིམ་འགྲོ་ཐུབ་ཀྱི་མ་རེད། མཉམ་དུ་སྡོད་ཀྱི་མིན། དེ་འདྲ་ཡང་སེ་གསུང་ཡོང་གི་འདུག ང་ཚོས་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོར་ལས་རིམ་གལ་པོ་ཆེ་ཞེ་བོ་ཡོད་པ་རེད། ད་ལྟ་བར་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་མ་གཏོགས་འགྲོ་ཐུབ་མེད། ལྷན་ཁང་གཞན་དག་ཚང་མ་ལྷག་ཡོད་པ་རེད། དེ་ནང་བཞིན་ལས་དོན་གལ་ཆེན་པོ་མང་པོ་ཡོད་པ་རེད། དེ་ཚོའི་ཐོག་ལ་གྲོགས་ཚོགས་ཀྱིས་འགན་འཁུར་ནས་ལས་རིམ་འགྲོ་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་རེད། ཚོགས་གཙོ་གཞོན་གཉིས་ཀྱིས་ལས་རིམ་བསྒྲིག་གི་ཡིན་ ” ཞེས་གྲོས་ཚོགས་མུ་མཐུད་འཚོགས་དགོས་པར་ནན་གྱིས་གསུངས་ཡོད།
གྲོས་ཚོགས་མུ་མཐུད་ཚོགས་རྒྱུ་མཚམས་འཇོག

གོང་བརྗོད་ལྟར་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་ཚོགས་གཙོ་མཆོག་གཉིས་ཀས་ཚོགས་དུས་དྲུག་པའི་ལས་ཉིན་གསུམ་པའི་ཚོགས་ཐུན་བཞི་པར་གྲོས་ཚོགས་མུ་མཐུད་འཚོགས་དགོས་རྒྱུར་འབོད་སྐུལ་ནན་ཏན་ཞུས་ཡོད་ཀྱང་། ཆོས་བརྒྱུད་སྤྱི་འཐུས་དགུ་དང་མདོ་སྟོད་སྤྱི་འཐུས་བཅུ་ཡིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་མཐོ་ཤོས་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་གནས་རིམ་མཐོ་ཤོས་དཔལ་ལྡན་ཚོགས་གཙོ་མཆོག་གི་འབོད་སྐུལ་དང་ཐུགས་རེ་སྣང་མེད་དང་རྩིས་འཇོག་མ་བྱས་སྟབས། ཕྱི་ཚེས་ ༢༢ ཉིན་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བཞི་པའི་ཚོགས་ཐུན་དང་པོ་དབུ་འཛུགས་སྐབས། དཔལ་ལྡན་ཚོགས་གཙོས། འབྲེལ་ཡོད་སྤྱི་འཐུས་ཁག་ཅིག་ཚོགས་གཙོ་གཞོན་སར་བཅར་ནས། བདེ་སྲུང་ལས་ཁུངས་ཀྱིས་གནད་དོན་འདི་གཙང་མར་མ་བཟོས་པའི་བར་དུ་གྲོས་ཚོགས་ནང་ལ་ཆ་ཤས་ལེན་གྱི་མིན་ཞེས་བཤད་བྱུང་། གྲོས་ཚོགས་ཀྱི་རྩ་འབོར་གྱི་གསུམ་ཆ་གཉིས་མ་ལོངས་ན་ལས་དོན་བརྩམ་མི་ཆོག་པས་ནམ་ལོངས་སོང་ན་ཚོགས་བརྡ་ཕུལ་ཆོག་ཅེས་བཤད་ནས་གྲོས་ཚོགས་གྲོལ་དགོས་བྱུང་ཡོད། དེ་ཡང་ཚོགས་ཞུགས་མ་བྱས་པའི་སྤྱི་འཐུས་རྣམས་ནི། ཆོས་བརྒྱུད་ཁོངས་ནས་སྤྱི་འཐུས་དགུ་དང་མདོ་སྟོད་ཁོངས་སྤྱི་འཐུས་བཅུ་དེ་ཡིན་པ་རེད།

  ད་ལྟ་དགེ་ལུགས་སྤྱི་འཐུས་གོ་ཕན་གྱིས་རང་གིས་བྱས་ཉེས་གཞན་ལ་འགེབས་རྩིས་བྱེད་པ་ནི། “འཛམ་བུ་གླིང་གི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་ནང་ལོག་ལ་དཀའ་ངལ་ཡོད་དུས་སྲིད་བློན་དང་སྲིད་འཛིན་དེ་ཚོ་ཕྱི་ལོག་ལ་འགྲོ་ཡི་ཡོད་པ་མ་རེད། དཔེར་ན། ཉེ་ལམ་རྒྱ་གར་ལྡི་ལིར་ G20 ཚོགས་འདུའི་སྐབས་ཀྱང་། ནང་ལོག་ལ་དཀའ་ངལ་ཡོད་མཁན་གྱི་དཔོན་པོ་དེ་ཚོ་ཡོང་གི་ཡོད་པ་མ་རེད། ཡིན་ནའང་ང་ཚོའི་སྒྲིག་འཛུགས་ནང་ལོག་ལ་དཀའ་ངལ་དེ་འདྲ་ཞིག་ཕྲད་ཡོད། འཛིན་སྐྱོང་གི་ངོས་ནས་སྣེ་འཁྲིད་མཁན་དཔལ་ལྡན་སྲིད་སྐྱོང་ཆགས་ཀྱི་ཡོད། སང་ཉིན་ནས་བཟུང་ཟླ་བ་གཅིག་རིང་ཕྱི་ལོག་ལ་འགྲོ་བཞིན་ཡོད་རེད། གྲོགས་ཚོགས་འཚོགས་རྒྱུར་འདོད་པ་མེད་པ་དེ་ཡིས་མཚོན་ཐུབ་ཀྱི་འདུག”ཅེས་ཧམ་བཤད་བྱས་ཡོད། ཁོའི་དཔེ་མཚོན་གཞག་ས་རྒྱ་གར་ལྡི་ལིར་ཚོགས་པའི་ G20 ཚོགས་འདུར་མ་ཕེབས་པའི་དཔོན་རིགས་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་། རཱ་ཤི་ཡའི་སྲིད་འཛིན་ཕུ་ཊིན་གཉིས་རེད། ཁྱེད་ཚོས་ལྟོས་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ལྡི་ལིར་ཚོགས་པའི་ G20 ཚོགས་འདུར་མ་བཅར་པ་ནི། ཚོགས་འདུ་དེ་མ་ཚོགས་སྔོན་ཙམ་ལ་རྒྱ་ནག་གཞུང་གིས་རྒྱ་གར་མངའ་ཁོངས་སུ་ཡོད་པའི་ལ་དྭགས་དང་ཨ་རུ་ནཱ་ཅལ་གྱི་ས་ཆ་མང་པོ་ཞིག་རྒྱ་ཁོངས་སུ་བཅུག་སྟེ་ས་ཁྲ་བཀྲམས། གནད་དོན་དེ་རྒྱ་གར་གཞུང་དང་རྒྱ་ནག་གཞུང་གཉིས་དབར་སྐབས་དེར་ཚོར་བ་རྣོ་ཤོས་ཀྱི་གླེང་རྙོག་ཆགས་པ་རེད། དེར་བརྟེན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་གར་ལ་གདོང་བསྟན་མ་ཕོད་པ་མ་ཟད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་ཚོའི་མདུན་ལའང་བཅར་མ་ཕོད་སྐོར། སྐབས་དེར་རྒྱལ་སྤྱིའི་བརྒྱུད་ལམ་ཚང་མའི་ནང་གནས་ཚུལ་སྤེལ་ཡོད། གཞན་དེ་རཱ་ཤི་ཡའི་སྲིད་འཛིན་ཕུ་ཊིན་རེད། ཕུ་ཊིན་གྱིས་ཡུ་ཁུ་རན་ལ་བཙན་འཛུལ་བྱས་ནས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཚོའི་ནང་ལྟ་ཕྱོགས་ཇི་འདྲ་ཞིག་ཡོད་པ་བརྗོད་ཅི་ལ་དགོས། རྒྱལ་སྤྱིའི་ཁྲིམས་ཁང་གིས་འཛིན་བཟུང་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པ་ཞིག་ལྡི་ལིར་ཚོགས་པའི་ G20 ཚོགས་འདུར་བཅར་ཕོད་དམ། རྒྱ་ནག་དང་རཱ་ཤི་ཡའི་སྲིད་འཛིན་ལྡི་ལིའི་ G20 ཚོགས་འདུར་མ་བཅར་པ་ནི། ནང་ཁུལ་མ་འཆམས་པའི་རྙོག་གླེང་ཞིག་མ་ཡིན་པར། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་རྩོད་གླེང་དང་དེ་རྒྱལ་སྤྱིའི་གནད་དོན་ཅན་དུ་གྱུར་པས་རེད། ཁྱེད་ཀྱིས་ཆེས་མཐོང་དང་ཡིད་སྨོན་ཤོར་ས་སྟེ། ལྡི་ལིའི་ G20 ཚོགས་འདུར་མ་བཅར་མཁན་གྱི་དཔོན་རིགས་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་རཱ་ཤི་ཡའི་སྲིད་འཛིན་ཕུ་ཊིན་གཉིས་རེད་པཱ། ལར་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གི་རྒྱལ་དོན་ཕྱི་བསྐྱོད་དེ་གྲོས་ཚོགས་འཚོགས་རྒྱུར་གཡོལ་བ་ཞིག་ཡིན་ནམ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་དོན་ཕྱི་བསྐྱོད་དེ་བཞིན་གྲོས་ཚོགས་མུ་མཐུད་ཚོགས་པ་ཡིན་ན། གྲོས་ཚོགས་གྲོལ་བའི་རྗེས་ཏེ་ཕྱི་ཚེས་ ༢༩ ཉིན་ཡིན་པ་དང་། དེ་ཡང་ལོ་གཅིག་གི་སྔོན་ནས་འཆར་གཞི་བསྒྲིགས་ཡོད་སྐོར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུངས་མི་འདུག་གམ། དེས་ན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་བསྐྱོད་ལས་རིམ་དེས་གྲོས་ཚོགས་འཚོགས་འདོད་མེད་པ་ཇི་ལྟར་བསྒྲུབ་ཐུབ་བམ། ལུས་ལ་གྲྭ་ཆས་གྱོན་པ་ཞིག་གིས་བློ་གཟུ་བོར་མ་གནས་པའི་གཏམ་འདི་འདྲ་བཤད་སྟབས་ཁྱིམ་པ་སུན་འབྱིན་གྱི་ཡོད་པ་རེད།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་དོན་ཕྱི་བསྐྱོད་ཁྲོད་གནད་ཡོད་མི་སྣར་ཐུག་འཕྲད་སོགས་ཀྱིས་མཚོན་ལས་དོན་མང་པོ་ཞིག་གི་ཐད། ལོ་གཅིག་གི་གོང་ནས་འཆར་གཞི་བསྒྲིགས་ཟིན་ཡོད་པ་མ་ཟད། ཕྱོགས་བསྐྱོད་ཕར་ཚུར་ཀྱི་ལམ་གྲོན་སོགས་ཕྱོགས་མང་པོ་ཞིག་སྔོན་ཚུད་ནས་བཀོད་བསྒྲིགས་བྱས་ཟིན་ཡོད་སྟབས། དེ་དག་ལ་འགྱུར་བ་གཏང་ཆོག་ཆོག་ཅིག་མེད་པ་དང་། གལ་སྲིད་འགྱུར་བ་བཏང་ན། དཔལ་འབྱོར་དང་། ལས་དོན་མང་པོ་ཞིག་གི་ཐད་ང་ཚོར་གྱོང་གུད་ཕོག་གི་ཡོད་པ་མ་རེད་པེ། འོ་ན་གྱོང་གུད་དེ་ཁྱེད་རང་ཚོར་དགོས་རྒྱུ་དེ་ཡིན་ནམ།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་ཚུལ་ཡིན་པས་མ་ཁྱབ། 

 

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༨ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༩ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 4

  1. tensang says:
    ལོ་ 2 སྔོན།

    གནས་ལུགས་རྒྱུ་མཚན་ལྡན་པའི་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་པས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ང་རང་མི་རྒྱུད་ཁམས་པ་ཞིག་ཡིན། ཡིན་ནའང་། ད་ཡོད་ཆོས་རྒྱུད་དང་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་དེ་ཚོའི་བྱེད་སྟངས་ནི་དངོས་གནས་ཧ་ལས་པའི་ཐབས་སྐྱོ་པོ་དང་ངོ་ཚ་དགོས་པ་ཞིག་རེད་འདུག དཀོན་མཆོག་གིས་མཁྱེན།

    Reply
  2. ཚེ་རིང་བསམ་འགྲུབ། says:
    ལོ་ 2 སྔོན།

    རྩོམ་ཡིག་འདི་དུས་ཐོག་ཆར་བ་རང་རེད། བཀའ་དྲིན་ཆེ། ཧ་ཅང་ཡག་པོ་བྲིས་འདུག

    Reply
  3. Bömi says:
    ལོ་ 2 སྔོན།

    སྤྱི་འཐུས་འགའ་ཤས་དགེ་བཤེས་ཀྱི་ཤེས་ཚད་མཐོ་པོ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོད་པ་ཡིན་ན་དེ་ཚོས་དམིགས་བསལ་ལྷན་ཁང་དེ་བཞིན་ཞི་མཐུན་ཞི་འཇམ་ཡོང་བའི་ཐབས་ལམ་བསྐྲུན་དགོས་པའི་ལམ་སྟོན་གནང་དགོས་པ་ཞིག་ཡིན་ན་ཡང་། རང་ཡང་གློ་བུར་གྱི་ཆགས་སྡང་ཕྱོགས་ལྷུང་གི་དབང་དུ་ཕེབས་ནས་ཕྱི་དགའ་ནང་སྡུག་རྒྱུའི་བཀའ་མོལ་རྒྱུ་མཚན་མེད་པ་མ་ཟད་དཀྲོག་གཏམ་འདྲ་གསུངས་ནས་སྤྱི་ཚོགས་ནང་ཟིང་ཆ་ཆེན་པོ་བཟོ་ཡི་འདུག་པ་དེ་འདྲ་གནང་བ་ནི་སྤྱི་འཐུས་ཀྱི་དམ་བཅའ་དང་རང་གི་སྡོམ་དང་འགལ་གྱི་ཡོད་པ་ཚང་མས་ཤེས་གསལ་རེད། དེ་བས་དགོངས་པ་ཡག་པོ་བཞེས་ཤེས་མཁན་ཡིན་ན་གཟབ་གཟབ་གནང་དགོས་འདུག །

    ལྷག་པར་གནས་ཚུལ་གང་ཡིན་ལ་རྩད་གཅོད་མ་གནང་བར་རྒྱ་་དམར་གྱི་དཔོན་པོའི་ལས་སྟངས་ལ་བསྔགས་བརྗོད་དང་རང་གི་སྲིད་སྐྱོང་ལ་སྐྱོན་བརྗོད་གནང་བ་ཕྱི་ནང་དབྱེ་འབྱེད་མི་ཤེས་པ་དང་བཟང་ངན་ལ་མ་གཟིགས་པར་རང་ཡུལ་སྟོང་པར་བཞག་ནས་མི་ཡུལ་འོད་ཀྱིས་འགེང་པའི་གཏམ་མ་རེད་དམ། གང་ལྟར་སོ་སོའི་དམ་བཅའ་དང་སྡོམ་པ་དང་མ་འགལ་ཙམ་གནང་ན་སྤྱི་དང་གཞན་ལ་མ་ཕན་ནའང་རང་ལ་མི་གནོད་པའི་དགོས་པ་མེད་དམ་སྙམས།

    Reply
  4. ཏཱ་ར། says:
    ལོ་ 2 སྔོན།

    རྩོམ་ཡིག་དཔེ་མེད་ཅིག་བྲིས་འདུག ཐུགས་རྗེ་ཆེ། རྩོམ་ཡིག་འདི་གོ་བོ་བློ་བཟང་ཕན་བདེ་དང་། རྒྱལ་གདོང་ཕུར་བ་རྡོ་རྗེ་སོགས་ཀྱིས་མ་བསམས་ཧམ་བརྗོད་བཤད་སྟངས་ལ། བདེན་པའི་ཚངས་ཐིག་ཅིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese