མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་ཡོངས་ཀྱི་བོད་སློབ་ཁག་གི་བར་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཤིག་འཚོག་གིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་ནས་ལེགས་ཉེས་བླང་དོར་འབྱེད་ཐུབ་པའི་སྙིང་སྟོབས་ལྡན་པའི་ཁར་ཕྱོགས་ལྷུང་མེད་ཚེ་དངོས་ཡོད་ཀྱི་ཐོག་ནས་ཤེས་ཡོན་ལྡན་པ་ཞིག་ཆགས་ཡོད་སྐོར་གསུངས་སོང་།

བོད་སློབ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས། བོད་མིའི་སྒྲིག་འཛུགས་ཀྱི་པར། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༦ ཉིན།

དེ་རིང་ཕྱི་ཚེས་ ༦ ནས་ཉིན་བརྒྱད་རིང་གོ་སྦེལ་པུར་བོད་ཕྲུག་ཁྱིམ་སྡེའི་ཤེས་རབ་འོད་སྣང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་ཀྱི་བོད་པའི་སློབ་གྲྭ་ཁག་གི་བར་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འཚོགས་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། ཁེ་ན་ཌ་རོགས་ཚོགས་ཀྱི་སྐུ་ཚབ་སྐལ་བཟང་དབང་འདུས་ལགས། ཉེ་འཁོར་སློབ་གྲྭ་ཁག་གི་ངེས་སྟོན་པ་དང་།སློབ་སྤྱི། དགེ་རྒན་བཅས་དྷ་ས་ཁུལ་གྱི་སློབ་གྲྭ་ ༨ ཀྱི་སློབ་ཕྲུག་གྲངས་ ༡༩༧ དང་། རྡེ་ར་རྡེན་ཁུལ་གྱི་སློབ་ཕྲུག་ ༡༤༢ དང་། ལྷོ་ཕྱོགས་ཁུལ་གྱི་སློབ་གྲྭ་ ༦ གི་སློབ་ཕྲུག་གྲངས ༡༣༤ ། དེ་བཞིན་བྱང་ཤར་ཁུལ་སློབ་གྲྭ་ ༦ གི་སློབ་ཕྲུག་གྲགས་ ༡༣༨ བཅས་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༦༠༥ མཉམ་ཞུགས་གནང་བཞིན་ཡོད་འདུག

སྐབས་དེར་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གིས། འདུ་འཛོམས་འདི་ནི་ཤེས་ཡོན་སྲིད་ཇུས་བཞིན་འགྲན་བསྡུར་གྱི་རྣམ་པ་མེད་པ་རེད། དེའི་ཐོག་ནས་སློབ་གྲྭ་ནང་ཁུལ་གྱི་ཤེས་ཡོན་གྱི་ལྡིང་ཆ་བསྐྲུན་པར་གལ་གནད་དུ་འཛིན་གྱི་ཡོད། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་དུ་བོད་པའི་སློབ་གྲྭ་མང་པོ་བཙུགས་ཐུབ་ཡོད་ཅིང་། དེང་སང་བོད་ནང་དུ་རྒྱ་གཞུང་གིས་བོད་ཀྱི་བྱིས་པ་ལོ་བཞི་ནས་གཏན་འཇགས་སློབ་གྲྭར་བཙན་འཁྲིད་བྱས་ཏེ། བོད་ཀྱི་སྐད་ཡིག་རྩ་བ་ཉིད་ནས་སྦྱངས་ས་མེད་པའི་རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱེད་བཞིན་ཡོད་པས། རྒྱ་གར་གཙོས་ཕྱི་རྒྱལ་གྱི་རང་དབང་ལུང་པའི་ནང་ཡོད་པའི་བོད་པའི་སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་སྐད་ཡིག་རྒྱུད་འཛིན་བྱེད་རྒྱུ་འོས་འགན་ཆགས་བསྡད་ཡོད། ད་ལྟ་ཁྱེད་ཚོའི་མདུན་དུ་སློབ་གསོའི་མདུན་ལམ་སྟོན་གནང་མཁན་རྣམས་སྔོན་མ་ཁྱེད་ཚོ་ནང་བཞིན་སློབ་གྲྭ་འདི་འདྲའི་ནང་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་རག་པའི་བཀའ་དྲིན་ལས་འབྲས་བུ་ཞིག་རེད། མི་རབས་རྒན་པ་རྣམས་རྒས་འགྲོ་བཞིན་ཡོད་པས་ཁྱེད་རྣམས་ཀྱི་འོས་འགན་གལ་ཆེན་ཞིག་ཏུ་གྱུར་ཡོད།

ང་ཚོའི་ཤེས་ཡོན་སྲིད་ཇུས་ཀྱི་ནང་དུ་འགྲན་བསྡུར་གྱི་རྣམ་པ་མེད་པ་རེད། ཤེས་ཡོན་ཡར་རྒྱས་གཏོང་བར་ཡིན་གཅིག་འགྲན་བསྡུར་བྱེད་དགོས་པའི་བསམ་བློ་དེ་ནོར་འཁྲུལ་རེད། ངས་སློབ་གྲྭ་ཁ་ཤས་ནང་དུ་རང་ཉིད་ཀྱིས་རང་ཉིད་ལ་འགྲན་བསྡུར་བྱས་ཟེར་གྱི་ཡོད། རང་ཉིད་ཀྱིས་རང་ཉིད་ལ་ཇི་ལྟར་འགྲན་བསྡུར་བྱེད་དགོས་ཟེར་ན་ཞོགས་པ་ནས་དགོང་མོ་བར་དུ་་རང་ཉིད་ཀྱིས་གང་ཤེས་པའི་རྟོགས་ཞིབ་དེ་དགོས་ཀྱི་ཡོད། གཞན་པར་འགྲན་བསྡུར་བྱེད་དགོས་ཀྱི་མེད་པ་དང་། ཉིན་རྒྱུན་ཁྲོད་རང་ཉིད་ཡར་རྒྱས་གཏོང་བའི་སྤོབས་པ་དགོས། སློབ་སྦྱོང་བྱ་རྒྱུའང་ཡིག་ཚད་གྲུབ་འབྲས་ཐོན་རྒྱུ་ཙམ་མ་རེད། མ་འོངས་བར་སོ་སོའི་སྤྱི་ཚོགས་ཀྱི་ཞབས་འདེགས་བསྒྲུབ་ཐུབ་པ་བྱ་དགོས་པའི་ཀུན་སློང་འཁུར་དགོས།

ཡང་བཀའ་བློན་མཆོག་ནས། སྤྱིར་སློབ་གྲྭའི་ནང་དུ་སྒྲིག་ལམ་ཡོད་ཀྱང་། སློབ་ཕྲུག་རང་ཉིད་ལ་རང་ཉིད་ཀྱི་སྒྲིག་ལམ་དགོས་པ་ཧ་ཅང་གལ་ཆེན་རེད། སྒྲིག་ལམ་ཟེར་བ་སློབ་གྲྭའི་ནང་དུ་འཁུར་དགོས་པ་ཙམ་མ་རེད། མི་ཚེ་གང་བོའི་ནང་དུ་འཁྱེར་དགོས་པ་ཞིག་རེད། མི་ཚེ་ནང་དུ་དོན་དང་ལྡན་པའི་ལས་ཀ་བྱེད་ཐུབ་པའི་ནུས་པ་དེ་རང་ངོས་ནས་སྒྲིག་ལམ་འཁྱེར་རྒྱུ་གལ་ཆེན་རེད། ང་རང་སློབ་གྲྭ་ཁག་ཏུ་ཕྱིན་པའི་སྐབས་འཛིན་རིམ་དྲུག་པའི་ཡན་ཆད་ལ་ཤེས་ཡོན་སྲིད་ཇུས་མེད་པའི་ཚོར་བ་སླེབས་བྱུང་། བོད་ཀྱི་སྐད་ཡིག་ཐོག་ནས་ཤེས་ཡོན་བསླབ་པ་གཅིག་པོ་ཤེས་ཡོན་སྲིད་ཇུས་མ་རེད། སློབ་སྦྱོང་ག་འདྲ་བྱས་ཀྱང་དམིགས་ཡུལ་ལེགས་ཉེས་འབྱེད་ཐུབ་པ་དེ་རེད། ཡག་སྡུག་གི་བླང་དོར་འབྱེད་མ་ཤེས་ཚེ་ཡིག་ཚད་ཨང་དང་པོ་བླངས་ཀྱང་ཡ་མཚར་སྐྱེ་རྒྱུ་གང་ཡང་མེད། ལེགས་ཉེས་བླང་དོར་འབྱེད་ཐུབ་པའི་ཐོག་ཏུ་སྙིང་སྟོབས་ཀྱང་དགོས་པ་རེད། ཕ་མ་སྤུན་མཆེད་ཡིན་ཡང་ཕྱོགས་ལྷུང་མེད་པར་ལེགས་ཉེས་འབྱེད་ཐུབ་ཚེ། དངོས་ཡོད་ཀྱི་ཐོག་ནས་ཤེས་ཡོན་ལྡན་པ་ཞིག་ཆགས་ཡོད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese