མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་སྤེལ་སོང་།

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་གསུམ་གྱིས་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་། ཨོ་གླིང་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་། འཇར་མན་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་། ལྷོ་ཨེ་ཤ་ཡའི་རོགས་ཚོགས་སྐུ་ཚབ་ཚོགས་ཆུང་བཅས་ལ་མཇལ་འཕྲད་དང་ཆེ་བསྟོད་གནང་འདུག

ཡུ་རོབ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་རྒྱབ་སྐྱོར་དང་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་གསར་འགོད་གསལ་བསྒྲགས་སྤེལ།
བོད་ཀྱི་དུས་བབ་གསར་ཁང་གི་པར། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༦ ཉིན།

ཉེ་ལམ་ནས་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་། ཨོ་གླིང་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་། འཇར་མན་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་། ལྷོ་ཨེ་ཤ་ཡའི་རོགས་ཚོགས་(Friedrich Naumann Foundation for Freedom South Asia) བཅས་བཞུགས་སྒར་དྷ་རམ་ས་ལར་གཟིགས་སྐོར་དུ་ཕེབས་བཞིན་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༤།༣༠ སྟེང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཡུ་རོབ་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་བོད་དོན་རྒྱབ་སྐྱོར་དང་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།

གསར་འགོད་གསལ་བསྒྲགས་སྟེང་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེས། ཁོང་ཚོ་བཞུགས་སྒར་ཕེབས་དོན་ནི་བོད་དོན་ལ་རྒྱུས་ལོན་བྱེད་ཆེད་ཡིན་པ་དང་། བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་ཐད་སེམས་འཚབ་བསྟན་པ་དང་སྦྲགས། རྒྱ་ནག་གིས་བོད་ནང་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་ཕྲུག་ས་ཡ་གཅིག་ལྷག་གི་གནས་སྟངས་ལ་རྒྱུས་མངའ་ཡོད་སྐོར་དང་། བོད་མི་ཚོས་རང་དབང་དང་མང་གཙོའི་དོན་དུ་སེམས་ཤུགས་མ་ཆགས་པར་སོ་སོའི་སྐད་ཡིག་རིག་གཞུང་བདག་ཉར་དང་འཐབ་རྩོད་རྒྱུན་སྐྱོང་བྱ་རྒྱུ་གལ་ཆེན་ཡིན་པའི་འབོད་སྐུལ་ཞུས་སོང་།

ཁ་སང་ཕྱི་ཚེས་ ༥ ཉིན་གངས་ཅན་སྐྱིད་གཤོངས་སུ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་བཅས་ཀྱིས་སྐུ་ཚབ་ཚོགས་ཆུང་རྣམས་ལ་མཇལ་འཕྲད་ཆེ་བསྟོད་དང་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་འདུག སྐབས་དེར་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ནས་བོད་ནང་དུ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས་དད་མོས་རང་དབང་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་བཙན་གྱིས་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་བཅུག་ནས་རྒྱ་སྒྱུར་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་ཛ་དྲག་གི་གནས་སྟངས་སྐོར་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་སྲིད་ཇུས་ལ་བརྟེན་ཏེ་བོད་རྒྱའི་དཀའ་རྙོག་སེལ་བར་འབད་བརྩོན་བྱེད་བཞིན་པའི་སྐོར། བོད་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ལམ་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་བཀའ་དྲིན་ཞུས་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་རྣམས་ལ་མཐུན་འབྲེལ་ཚོགས་པ་ཞིག་འཛུགས་འཆར་ཡོད་སྐོར་བཅས་གསུངས་འདུག

སྐབས་དེར་ཨོ་གླིང་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཛོ་བྷེ་ཌི་ཧྥོར་ཌི་མཆོག་གིས། ཐེངས་འདིར་སྐུ་ཚབ་ཚོགས་ཆུང་གིས་བཞུགས་སྒར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་གཟིགས་སྐོར་གྱི་དགོས་དམིགས་འགྲེལ་བརྗོད་གནང་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཡིན་པའི་ཞལ་བཞེས་གནང་ཡོད་འདུག

དེ་བཞིན་ཁ་སང་སྔ་དྲོ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་རྣམ་གཉིས་ཀྱི་དབུས་སྤྱི་འཐུས་རྒྱུན་ལས་རྣམས་ཀྱིས་སྐུ་ཞབས་ཛོ་བྷེ་ཌི་ཧྥོར་ཌི་(Dr. Zoe Bedford)་མཆོག་གིས་སྣེ་ཁྲིད་པའི་ཨོ་གླིང་བོད་དོན་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་འདུག   སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་དང་ཨོ་གླིང་བར་འབྲེལ་ལམ་ཡག་པོ་ཡོད་པའི་ཐོག་ཨོ་གླིང་གཞུང་དང་མི་མང་གིས་བོད་དོན་ཆེད་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། ཨོ་གླིང་བོད་དོན་ལྷན་ཚོགས་ཀྱིས་ལོ་ངོ་ ༣༥ རིང་བོད་དོན་གོ་རྟོགས་སྤེལ་བཞིན་ཡོད་པ་སོགས་ལ་བཀའ་དྲིན་ཞུས་འདུག དེ་བཞིན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས། རྒྱ་གཞུང་གིས་བོད་ནང་དུ་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་མུ་མཐུད་བྱེད་བཞིན་ཡོད་པའི་ཛ་དྲག་གི་གནས་སྟངས་ལ་ཨོ་གླིང་གཞུང་མང་གི་ངོས་ནས་རྒྱབ་སྐྱོར་དགོས་གལ་ཆེ་བ་དང་། སྐུ་ཚབ་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པའང་དྲང་བདེན་གྱི་རྒྱབ་སྐྱོར་མཚོན་བྱེད་དཔེ་མེད་ཅིག་ཡིན་སྐོར་གསུངས་འདུག

དེ་བཞིན་ཁ་སང་ཉིན་རྒྱབ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་རྣམ་གཉིས་ཀྱི་དབུས་སྤྱི་འཐུས་རྒྱུན་ལས་རྣམ་གྱིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཇར་མན་རོགས་ཚོགས་ (Friedrich Naumann Foundation for Freedom) ཀྱི་གོ་སྒྲིག་འོག ཡུ་རོབ་ཀྱི་འཇར་མན་དང་ཨུ་སི་ཌི་རི་ཡ་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཡུ་རོབ་མཐུན་ཚོགས་ནས་བོད་དོན་ཐོག་གྲོས་ཆོད་ཐེངས་ཁ་ཤས་བཞག་ཡོད་པ་ལྟར། རྒྱལ་ཁབ་སོ་སོའི་ནང་གྲོས་ཚོགས་སུ་བོད་དོན་སྐོར་གླེང་སློང་ཡོང་ཐབས་དང་། རྒྱལ་ཁབ་ཀྱི་ཕྱི་སྲིད་ཐོག་བོད་དོན་ཡོང་ཐབས། རྒྱ་ནག་དང་མཉམ་དུ་འབྲེལ་བ་གནང་དུས་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་འདུག དེ་བཞིན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་དུ་གཟིགས་སྐོར་དུ་ཕེབས་པ་འདིས། བོད་མིའི་སྒྲིག་འཛུགས་ནི་བོད་གཞིས་བྱེས་ཡོངས་ཀྱི་སྐུ་ཚབ་ངོ་མ་ཡིན་པའི་བརྡ་ལན་གསལ་བོ་ཞིག་རྒྱ་ནག་གཞུང་ལ་སྤྲད་ཡོད་སྐོར་གསུངས་འདུག་ཅིང་། དགོང་དྲོ་བོད་ཀྱི་ཟློས་གར་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་ལ་གསོལ་སྟོན་དང་། རིག་གཞུང་འཁྲབ་སྟོན་ཞིག་གོ་སྒྲིག་ཞུས་ཡོད་འདུག

དེ་བཞིན་ཉིན་རྒྱབ་ཆུ་ཚོད་ ༥ ཙམ་གྱི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ཨ་རིའི་གཞུང་གི་མི་འབོར་དང་། སྐྱབས་བཅོལ། གཞིས་སྤོ་ (Bureau of Population, Refugee and Migration) ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་ལྕམ་སྐུ་ཇེ་ནི་ནེ་ ཝཡེ་ནེ་ (Janine Wynne, Deputy Assistant Secretary) མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་རོགས་ཚོགས་ (PRM) ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་གནང་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་དང་བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༢༢ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese