མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲིབ་གཟུགས་ཀྱི་འཁྲབ་སྟོན་ཞེས་པའི་འགྲེམས་སྟོན་ཞིག་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས་ཉེ་རབས་ལོ་རྒྱུས་དེ་གལ་གནད་དུ་འཛིན་དགོས་པ་མ་ཟད། རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་རྒྱ་ནག་གི་སྐྱག་རྫུན་ཐེར་འདོན་དང་བོད་ཀྱི་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་གལ་ཆེན་ཡིིན་སྐོར་བརྗོད་སོང་།

གྲིབ་གཟུགས་ཀྱི་འཁྲབ་སྟོན་ (Shadow Circus) ཞེས་པའི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་། དུས་བབ་ཀྱི་པར། ༢༠༢༣།༡༠།༡༣

དེ་རིང་ཕྱི་ཚེས་ ༡༣ ཉིན་ནས་ཕྱི་ཟླ་ ༡༢ ཚེས་ ༣༡ བར་ཟླ་གཉིས་ལྷག་གི་རིང་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ། ཁྲུང་ཁྲུང་དཀར་མོ་གློག་བརྙན་བཟོ་སྐྲུན་ཁང་དང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག གྲིབ་གཟུགས་ཀྱི་འཁྲབ་སྟོན་ (Shadow Circus) ཞེས་པའི་འགྲེམས་སྟོན་ཞིག་གནང་བཞིན་འདུག འགྲེམས་སྟོན་མགོ་འཛུགས་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་དང་། ཁོང་གི་བཟའ་ཟླ་རི་ཏུ་ས་རིན་ལགས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་། དེ་བཞིན་བཀའ་ཟུར་དང་བོད་མི་མང་སྤྱི་འཐུས་ལས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཉམས་ཞིབ་པ་ཁག་ཅིག་བཅས་འཛོམས་འདུག

ཐེངས་འདིའི་འགྲེམས་སྟོན་གྱི་སྐོར་ལ་བསྟན་འཛིན་བསོད་ནམས་ལགས་ཀྱིས། རྒྱ་ནག་གཞུང་གིས་ཐོག་མར་བོད་ནང་དུ་བཙན་འཛུལ་བྱེད་དུས། བོད་མི་རྣམས་ཀྱིས་ལོ་མང་པོའི་རིང་རྒྱ་གཞུང་ལ་དྲག་པོའི་ཐོག་ནས་ཁ་གཏད་བཅག་ཡོད་པ་མ་ཟད། བོད་ཀྱི་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་ནས་དཀའ་ལས་ཞེ་དྲགས་མང་པོ་བརྒྱབ་ཡོད་ཅིང་། རྒྱ་གར་དུ་འབྱོར་བའི་རྗེས་སུ་ཡང་གློ་དམག་སྒར་བཙུགས་པ་དང་། བོད་མི་མང་པོ་གསང་བའི་ཐོག་ནས་བོད་དུ་གནས་ཚུལ་བསྡུ་རུ་བཏང་ནས་རང་སྲོག་ཤོར་བ་སོགས་བྱུང་ཡོད་ཀྱང་། དེང་སང་བོད་ཀྱི་སྤྱི་ཚོགས་ནང་དུ་ལོ་རྒྱུས་དེ་དག་ལ་དོ་སྣང་མེད་པའི་གནས་སྟངས་ཤིག་ཏུ་འགྱུར་བཞིན་འདུག ཉེ་རབས་ཀྱི་ལོ་རྒྱུས་འདི་དག་གལ་གནད་དུ་གྱུར་ཡོད་པས། མ་འོངས་པའི་བོད་ཀྱི་གཞོན་སྐྱེས་རྣམས་ཀྱི་རང་དབང་འཐབ་རྩོད་ལ་ཕན་ཐོགས་ཡོང་བར་བསམ་ནས་འགྲེམས་སྟོན་འདི་གོ་སྒྲིག་བྱས་པ་ཞིག་ཡིན། ཞེས་བརྗོད་སོང་།

གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས་གཏམ་བཤད་གནང་བཞིན་པ། དུས་བབ་ཀྱི་པར། ༢༠༢༣།༡༠།༡༣

ཡང་ཁོང་གིས། དེང་སང་རྒྱ་ནག་འཛམ་གླིང་སྟེང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་ངོ་བོ་གསལ་པོ་ཡོད་ཀྱང་། བོད་ནང་གི་གནས་ཚུལ་ཁག་ཕྱི་ལོགས་སུ་འགྲོ་བར་དཀའ་ངལ་འཕྲད་མུས་ཡིན་པ་དང་། རྒྱ་གཞུང་གིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་བོད་ནང་དུ་བདེ་སྐྱིད་ལྡན་པ་དང་ཡར་རྒྱས་འགྲོ་བའི་གནས་ཚུལ་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པས། བཙན་བྱོལ་གྱི་གཞུང་སྒེར་ཚང་མས་ཁ་གཏད་གཅོག་དགོས་པ་གལ་ཆེན་པོ་ཡིན་ལ། རི་ཏུ་དང་ངེད་གཉིས་སྒྱུ་རྩལ་དང་གློག་བརྙན་བཟོ་སྐྲུན་བྱེད་མཁན་ཡིན་པས། རྒྱལ་སྤྱིའི་སྡིངས་ཆ་ཁག་ཏུ་རྒྱ་ནག་གི་སྐྱག་རྫུན་དང་བོད་ཀྱི་དངོས་ཡོད་གནས་ཚུལ་ར་སྤྲོད་བྱེད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས། དེ་རིང་འགྲེམས་སྟོན་འདིར་བཅར་བའི་རྒྱུ་མཚན་གཙོ་བོ་ནི། ད་ལྟ་ང་ཚོས་བཀའ་མོལ་གནང་བཞིན་པའི་ལོ་རྒྱུས་དང་། དོན་སྙིང་ལྡན་པའི་ལོ་རྒྱུས་དེ་སྤྱི་ཚོགས་ནང་ཤེས་མཁན་ཉུང་ཉུང་ཡིན་པ་མ་ཟད། ལྷག་པར་དུ་སྐབས་དེའི་མི་སྣ་དེ་ཚོས་སྐུ་ལས་བསྐྱོན་མཁན་མང་པོ་ཞིག་དྲན་པའི་ཡུལ་ལ་མ་གཏོགས་མཇལ་རྒྱུ་མེད་པ་རེད། སོ་སོར་ཆ་བཞག་ན། དེ་འདྲའི་མི་གང་ལ་གང་འཚམ་མཉམ་དུ་གཤིབས་ཏེ། བཀའ་སློབ་ཞུ་རྒྱུ་དང་ལོ་རྒྱུས་ཉན་རྒྱུ། ལྷག་པར་དུ་སྐུ་ངོ་བཀའ་ཟུར་དམ་པ་ལྷ་མོ་ཚེ་རིང་མཆོག་དང་ལོ་གང་ལ་གང་འཚམ་ཞབས་ཕྱི་ཞུ་རྒྱུ་དང་། སློབ་སྦྱོང་བྱ་རྒྱུ། དེ་བཞིན་ཉམས་མྱོང་གསོག་རྒྱུའི་གོ་སྐབས་རྩ་ཆེན་པོ་བྱུང་བར་བརྟེན། གཙོ་བོ་སྐུ་ངོ་ལ་གུས་འདུད་དང་རྗེས་དྲན་ (tribute) ཞུ་རྒྱུ། དེ་བཞིན་ཁོང་གི་ཕྱག་རོགས་རྣམས་ཀྱིས་སྐུ་ལས་བསྐྱོན་པར་རྗེས་དྲན་དང་གུས་འདུད་ཞུ་རྒྱུའི་དོན་དུ་བཅར་བ་ཡིན། ཞེས་གསུངས་སོང་།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བཀའ་སློབ་དང་ལམ་སྟོན་གནང་བཞིན་པ། དུས་བབ་ཀྱི་པར། ༢༠༢༣།༡༠།༡༣

ད་དུང་བཀའ་ཟུར་མཆོག་གིས། རྒྱ་ནག་དམར་ཤོག་སྲིད་གཞུང་མགོ་བཙུགས་པ་ནས་བཟུང་། བོད་ནང་བཙན་འཛུལ་བྱས་པའི་ལོ་རྒྱུས་དང་། སྐབས་དེ་དུས་ཕྱིའི་ཕྱོགས་ནས་རྒྱ་ནག་ལ་རྒོལ་ལན་སློག་པའི་ནུས་པ་མར་བཅག་པ་རེད་དེ། མིའི་བསམ་བློའི་ནང་གི་སྙིང་སྟོབས་དང་སེམས་ཤུགས་སོགས་ནམ་ཡང་ཆུང་དུ་བཏང་ཐུབ་མེད་སྐོར་དང་། ཕྱི་ལོ་ ༡༩༦༠ ནས་བཟུང་བོད་ཀྱི་ས་ཁུལ་མང་པོའི་ནང་མུ་མཐུད་དུ་རིག་གནས་གསར་བརྗེ། བོད་མིའི་གྱེན་ལངས་སོགས་ངོ་རྒོལ་ཡང་ཡང་བྱུང་ཡོད་སྐོར། བོད་ནང་གི་བཙོན་པ་མང་པོ་ཞིག་བཙོན་ཁང་དུ་བཙན་ཁྲིད་བྱས་པ་དང་། སྡུག་སྦྱོང་མནར་གཅོད་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་ལོ་རྒྱུས་མང་པོ་ཡོད་པ་རྣམས་ལ། བོད་མི་རྣམས་ཀྱིས་ངེས་པར་དུ་སློབ་སྦྱོང་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། ཕྱི་ལོ་ ༡༩༥༠ ནས་ད་ལྟ་བར་དུ་བོད་ནང་གི་བོད་མི་རྣམས་ཀྱིས་ཐབས་ལམ་དང་རིམ་པ་མི་འདྲ་བའི་ཐོག་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་མུ་མཐུད་དུ་སྤེལ་བ་ལས། བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་ཀ་མཚམས་བཞག་མྱོང་མེད་སྐོར། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་དང་གནས་ཚུལ་མང་པོ་ཞིག་གི་ཐོག་ལ། གཞོན་སྐྱེས་རྣམས་ཀྱིས་ངེས་པར་དུ་སློབ་སྦྱོང་གནང་དགོས་སྐོར་སོགས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་རི་ཏུ་ས་རིན་ལགས་ཀྱིས། ཕྱི་ལོ་ ༡༩༨༦ ལོར་བསྟན་འཛིན་གྱི་པཱ་ལགས་དང་ཨ་མ་ལགས་ཐུག་སོང་། བསྟན་འཛིན་གྱི་པཱ་ལགས་ནི་ཡིད་སྨོན་བྱེད་དགོས་པ་ཞིག་འདུག ཁོང་གི་པཱ་ལགས་བཙོན་ཁང་དུ་ཐེངས་མང་བཅུག་པ་དང་ཀློད་གྲོལ་བཏང་ཡོད་པ་མ་ཟད། དུས་རྟག་ཏུ་དེབ་དང་པར་རིས་སོགས་ཀྱི་ཐོག་ལ་ཕྱག་ལས་གནང་གི་འདུག དེར་བརྟེན་སྐབས་དེ་དུས་ང་ཚོ་གློག་བརྙན་བཟོ་སྐྲུན་པ་ཞིག་ཡིན་པའི་ཆ་ནས། ལྟད་མོའི་ལམ་ནས་ལོ་རྒྱུས་རྣམས་བཟོ་ཐུབ་པ་བྱ་རྒྱུ་དང་། འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་ལྟད་མོ་དེ་དག་སྟོན་ཐུབ་པར་བྱ་རྒྱུའི་དམིགས་ཡུལ་ཡོད། ཅེས་དང་། ལོ་ངོ་བཅུའི་རིང་ཞིབ་འཇུག་སོགས་བྱས་ཏེ་མི་མང་པོ་ཞིག་ལ་བཅར་འདྲི་བྱས་ཡོད་སྐོར་དང། མཁོ་སྒྲུབ་བྱས་པའི་རྒྱུ་ཆ་རྣམས་འགྲེམས་སྟོན་བྱས་ཏེ། བོད་མི་གཙོས་པའི་རྒྱལ་སྤྱིའི་མི་མང་ལ་བོད་ཀྱི་ལོ་རྒྱུས་སོགས་གསལ་བཤད་ཁ་གསལ་བྱས་ཏེ། བོད་མི་ཚོས་བོད་དོན་སླད་མུ་མཐུད་འཐབ་རྩོད་བྱ་རྒྱུའི་འདུན་པ་བསླེབ་པའི་རེ་བ་ཡོད་སྐོར་སོགས་བརྗོད་སོང་།

ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། བོད་ཀྱི་འགྲེམས་སྟོན་ཁང་གིས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ངོ་སྤྲོད་བྱེད་པ་ཙམ་མིན་པར་བོད་ཀྱི་ཆབ་སྲིད་དང་ཐད་ཀར་འབྲེལ་བ་ཆགས་ཡོད་ཅིང་། གྲིབ་གཟུགས་ཀྱི་འཁྲབ་སྟོན་གྱི་འགྲེམས་སྟོན་ནི་བོད་ཀྱི་གཉན་འཕྲང་ཆེ་བའི་ལོ་རྒྱུས་ནང་དུ་བོད་མི་རྣམས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་འཐབ་རྩོད་བྱས་པའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། བསྟན་འཛིན་བསོད་ནམས་ལགས་དང་རི་ཏུ་ལགས་གཉིས་ཀྱིས་བཟོས་པའི་གློག་བརྙན་ལ་གཞི་བཅོལ་ཏེ་འགྲེམས་སྟོན་གྱི་ངོ་བོར་བཟོས་པ་ཞིག་ཡིན། བོད་ཀྱི་འགྲེམས་སྟོན་ཁང་གིས་ཀྱང་བོད་ནང་གི་དངོས་ཡོད་གནས་སྟངས་འགྲེམས་སྟོན་བྱེད་མུས་ཡིན་པ་མ་ཟད། མ་འོངས་པར་མུ་མཐུད་བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་འགྲེམས་སྟོན་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་གྲངས་བཤེར་གྱི་གསར་འགོད་གསལ་བསྒྲགས་སྤེལ། ༢༠༢༣། ༢།༢ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཕྱི་ལོ་ ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་གྲངས་བཤེར་གྱི་གསར་འགོད་གསལ་བསྒྲགས་སྤེལ།

༢༠༢༤/༠༢/༠༢
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དབུ་འབྱེད་གནང་བཞིན་པ། 
ནོར་ཝེ་རླུང་འཕྲིན་ཁང་གི་པར།  ༡༤།༠༩།༢༠༢༣
Mobile App

གཞུང་ས་དགའ་ལྡན་ཕོ་བྲང་སྐབས་བོད་ཀྱི་ལོ་རྒྱུས་གནས་བབ་བསྐྱར་ཞིབ་འཆད་ཁྲིད་གནང་བཞིན་འདུག

༢༠༢༣/༠༩/༡༤
ནོར་གླིང་དུ་བོད་རྒྱ་འབྲེལ་མོལ་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་བཞི་པ་བསྡུས། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཐེངས་བཞི་པ་འཚོག་བཞིན་འདུག

༢༠༢༣/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese