མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རྒྱལ་ཁབ་ ༥༡ གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས།

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྒྱ་ནག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཏུ་བདམས་པར་བརྟེན། ཨ་རི་དང་ཧྥ་རན་སི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ ༥༡ གིས་སྐྱོན་བརྗོད་བྱས་པ་མ་ཟད། ཤར་ཏུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐེར་འདོན་བྱས་འདུག

Uyghur protesters and supporters rally in front of the UN Headquarters in Geneva during the Universal Periodic Review of China’s human rights record, Nov. 6, 2018.

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཨ་རི་དང་དབྱིན་ཡུལ་ཚུད་པའི་རྒྱལ་ཁབ་ ༥༡ གིས་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་ནང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པའི་གནད་དོན་ཐོག་སེམས་འཚབ་ཡོད་པ་དང་། ཁུལ་དེའི་ཡུ་གུར་མི་རིགས་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ཀྱིས་མུ་མཐུད་དུ་དཀའ་སྡུག་ཚད་མེད་མྱངས་དང་མྱོང་མུས་ཡིན་སྐོར་དང་། ཡུ་གུར་བ་དང་ཁ་ཆེའི་བུད་མེད་མང་པོ་ཞིག་བཙོན་འཇུག་བྱས་ཏེ་སྡུག་སྦྱོང་མནར་གཏོང་བཞིན་ཡོད་སྐོར། དེ་བཞིན་ཆོས་ལུགས་དང་རིག་གཞུང་ཉམས་ལེན་བྱེད་པར་དམ་དྲག་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གཏོར་བཤིག་གཏོང་གི་ཡོད་སྐོར་སོགས་བཀོད་འདུག

ད་དུང་བསྒྲགས་གཏམ་དེའི་ནང་། འདས་ལོའི་ཕྱི་ཟླ་ ༨ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས། རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་ནང་གི་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེའི་མི་རིགས་མང་པོ་བཀག་ཉར་བྱས་པ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཡོད་སྲིད་པའི་སྙན་ཐོ་བཏོན་པ་དེའི་ཐོག་ལ་ལན་འདེབས་གསལ་བཤད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ད་བར་སྙན་ཐོ་བཏོན་ནས་ལོ་ངོ་ ༡ ལྷག་ཕྱིན་ཡོད་ཀྱང་། ད་ལྟའང་རྒྱ་ནག་གཞུང་གིས་གནད་དོན་དེའི་ཐོག་ལན་འདེབས་གསལ་བཤད་གང་ཡང་བྱས་མེད་སྐོར་དང་། རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཚམས་བཞག་དགོས་སྐོར་སོགས་བཀོད་འདུག

ཕྱི་ཟླ་ ༩ ཚེས་ ༡༡ ནས་ཟླ་ ༡༠ ཚེས་ ༡༣ བར་ཡུ་རོབ་རྒྱལ་ཁབ་སུད་སིའི་ཇི་ནི་ཝ་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༤ པ་འཚོགས་པའི་སྟེང་། ཨིན་ཌོ་ནེ་ཞི་ཡར་ (Indonesia) འོས་གྲངས་ ༡༨༦ དང་གོ་ཝེཊ་ (Kuwait) ལ་འོས་ ༡༨༣ ། དེ་བཞིན་ཉི་ཧོང་ལ་འོས་ ༡༧༥ ། རྒྱ་ནག་ལ་འོས་གྲངས་ ༡༥༤ བཅས་ཐོབ་སྟེ། རྒྱ་ནག་སླར་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཏུ་འོས་འདེམས་བྱུང་ཡོད་པ་དང་། ད་རེས་ནི་རྒྱ་ནག་གཞུང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཏུ་གྱུར་བ་ཐེངས་ ༦ པ་ཆགས་ཡོད་འདུག་ལ། ཕྱི་ལོ་ ༢༠༢༠ ལོའི་འོས་གྲངས་དང་བསྡུར་ཚེ་རྒྱ་ནག་ལ་ཐོབ་པའི་འོས་གྲངས་ཇེ་མང་དུ་ཕྱིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
U.S. Secretary of State Antony Blinken.
(Image credit: Tomohiro Ohsumi/Getty Images)
Mobile App

ཨ་རིས་རྒྱ་ནག་དང་འབྲེལ་བའི་སྲིད་ཇུས་གསར་པ་ཞིག་ཡོངས་བསྒྲགས་གནང་ཡོད་འདུག

༢༠༢༤/༠༡/༠༦
"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

༢༠༢༣/༠༩/༢༧
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་ཡིན་པའི་རྒྱ་ནག་གི་གསང་ཉུལ་བ་འགོག་རྒོལ་གྱི་ཁྲིམས་དེབ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༥/༡༥
UN Human Right
Mobile App

བོད་མི་སྟོང་ཕྲག་མང་པོར་ཆབ་སྲིད་སློབ་གསོ་སྤྲོད་ཀྱི་ཡོད་པའི་བློ་འཚབ་བསྟན།

༢༠༢༣/༠༤/༢༨
Ukrainian President Volodymyr Zelensky (right) hoped the call with Chinese leader Xi Jinping would give impetus to relations with Beijing.
Mobile App

ཞི་ཅིན་ཕིང་དང་ཛེ་ལེན་སི་ཀི་གཉིས་ཀྱིས་ཁ་པར་ལམ་ནས་ཁ་བརྡ་བྱས།

༢༠༢༣/༠༤/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese