མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིང་དང་ཛེ་ལེན་སི་ཀི་གཉིས་ཀྱིས་ཁ་པར་ལམ་ནས་ཁ་བརྡ་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གིས་ཡུ་ཀེ་རེན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་ལགས་ལ་ཨུ་རུ་སུ་དང་ཡུ་ཀེ་རེན་བར་གྱི་དམག་འཁྲུག་མཚམས་འཇོག་ཡོང་བར་གྲོས་མོལ་བྱེད་དགོས་སྐོར་དང་རྒྱ་ནག་ནང་ཡུ་ཀེ་རེན་གྱི་གཞུང་ཚབ་འཛུགས་པའི་སྐོར་སོགས་ལ་ཁ་བརྡ་བྱས་ཡོད་འདུག


Ukrainian President Volodymyr Zelensky (right) hoped the call with Chinese leader Xi Jinping would give impetus to relations with Beijing.

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུས་ཡུ་ཀེ་རེན་ནང་བཙན་འཛུལ་བྱས་ཏེ་ལོ་གཅིག་དང་ཟླ་གཉིས་ཕྱིན་རྗེས། ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་དང་ཡུ་ཀེ་རེན་གྱི་སྲིད་འཛིན་ཝོ་ལོ་ཌི་མིར་ཛེ་ལེན་སི་ཀི་ (Volodymyr Zelensky) གཉིས་ཀྱིས་ཁ་པར་བརྒྱུད་དུས་ཡུན་ཆུ་ཚོད་ ༡ རིང་ཁ་བརྡ་ཐེངས་དང་པོ་བྱས་ཡོད་འདུག་ལ། ཉེ་སྔོན་ཕྱི་ཟླ་ ༣ ནང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་ཨུ་རུ་སུར་ཕྱིན་ཏེ་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་དང་ཐུག་འཕྲད་བྱུང་ཡོད་པ་རེད། ཁ་སང་ཁོང་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་དང་། ཡུ་ཀེ་རེན་གྱི་གཞུང་ཚབ་རྒྱ་ནག་གཞུང་ནང་འཛུགས་རྒྱུ་སོགས་ཀྱི་ཐོག་ལ་གྲོས་མོལ་བྱས་ཡོད་པ་མ་ཟད། ཡུ་ཀེ་རེན་དང་ཨུ་རུ་སུའི་དམག་འཁྲུག་ནང་འགྲིག་བྱེད་དགོས་སྐོར་ཡང་བརྗོད་ཡོད་འདུག

དེ་འབྲེལ་ཡུ་ཀེ་རེན་གྱི་སྲིད་འཛིན་ཝོ་ལོ་ཌི་མིར་ཛེ་ལེན་སི་ཀི་ལགས་ཀྱིས་སྒེར་གྱི་ཊུ་ཝི་ཊར་སྟེང་། དེ་རིང་ང་དང་ཞི་ཅིན་ཕིང་གཉིས་ཀྱི་བར་ལ་དོན་སྙིང་ལྡན་པ་དང་དུས་ཡུན་རིང་པོར་ཁ་བརྡ་བྱས་པ་ཡིན། ཁ་བརྡ་དེ་བརྒྱུད་ནས་ཡུ་ཀེ་རེན་གྱི་རྒྱ་ནག་ནང་གི་གཞུང་ཚབ་ཆེན་མོ་བསྐོ་བཞག་བྱ་རྒྱུ་ཡིན་པ་སོགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཡོང་རྒྱུའི་ཐད་ཕན་ཐོགས་ཡོད་པའི་ཡིད་ཆེས་ཡོད། ཅེས་བརྗོད་ཡོད་འདུག

རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་དེའི་ཐད། འཛམ་གླིང་མཉམ་འབྲེལ་བདེ་འཇགས་ལྷན་ཁང་གི་གཏན་འཇགས་ཚོགས་མི་དང་རྒྱལ་ཁབ་ཆེ་གྲས་ཤིག་ཡིན་པའི་ཆ་ནས། རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་བ་ཇི་ལྟར་ཕྱིན་ཡང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དང་གོང་འཕེལ་ཡོང་ཆེད་རྒྱ་ནག་གིས་ཡུ་ཀེ་རེན་ལ་འབྲེལ་ལམ་འཇོག་གི་ཡིན་སྐོར་དང་། རྒྱ་ནག་གིས་ཨུ་རུ་སུ་དང་ཡུ་ཀེ་རེན་བར་གྱི་དམག་འཁྲུག་མཚམས་འཇོག་དང་། ཞི་བའི་ལམ་ནས་གྲོས་མོལ་བྱེད་པར་རྒྱབ་སྐྱོར་ཡོད་སྐོར་དང་། རྒྱ་ནག་གཞུང་ཕྱོགས་ནས་ཡུ་ཀེ་རེན་དང་རྒྱལ་ཁབ་གཞན་སོགས་ལ་དམིགས་བསལ་སྐུ་ཚབ་མངག་གཏོང་བྱས་ཏེ། ཡུ་ཀེ་རེན་གྱི་གནད་དོན་ཐད་ལ་གླེང་སློང་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཇོན་ཀིར་བྷི་ (John Kirby) ལགས་ཀྱིས། རྒྱ་ནག་གི་མགོ་ཁྲིད་དང་ཡུ་ཀེ་རེན་གྱི་སྲིད་འཛིན་གཉིས་ཀྱི་བར་ལ་ཁ་བརྡ་བྱུང་བ་དེ་གནད་དོན་ཡག་པོ་ཞིག་ཡིན་ཡང་། ད་ལྟའི་ཆར་དམག་འཁྲུག་མཚམས་འཇོག་བྱུང་སྟེ་ཞི་བདེ་ཡོང་གི་ཡོད་མེད་ཤེས་ཀྱི་མེད་སྐོར་བརྗོད་འདུག

དེ་འབྲེལ་ཡུ་རོབ་མཐུན་ཚོགས་ཀྱིས། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་ཚོགས་མི་ཡིན་པའི་ཆ་ནས་ཡུ་ཀེ་རེན་གྱི་སྲིད་འཛིན་དང་མཉམ་དུ་གླེང་སློང་བྱེད་མགོ་འཛུགས་པར་དགའ་བསུ་ཡོད་པ་དང་། རྒྱ་ནག་གིས་སྣེ་ཁྲིད་པའི་ཐོག་ནས་ཨུ་རུ་སུས་ཡུ་ཀེ་རེན་ནང་དམག་འཁྲུག་བྱེད་པར་མཚམས་འཇོག་སླད་ཤུགས་རྐྱེན་སྤྲོད་དགོས་པ་དང་། ཡུ་ཀེ་རེན་ནང་ཞི་བདེ་སླར་གསོ་དགོས་སྐོར་བརྗོད་འདུག་ལ། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། རྒྱ་ནག་གཞུང་གིས་ཨུ་རུ་སུ་དང་ཡུ་ཀེ་རེན་གཉིས་ལ་འབྲེལ་བ་བྱས་ཏེ། ཡུ་ཀེ་རེན་དང་ཨུ་རུ་སུ་བར་གྱི་རྩོད་རྙོག་ཞི་འཇམ་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད་ཚུལ་སྟོན་གྱི་ཡོད་སྐོར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩
བོད་བོང་སྟག་མུ་རུའི་རྩྭ་ཐང་དུ་མི་ལོ་ ༤༠ ལྷག་རིང་རྡོ་སོལ་སྔོག་འདོན་བྱས། ༢༠༡༨ དྲ་ལམ་གྱི་པར།
Mobile App

ལོ་ལྔའི་ནང་རྒྱ་ནག་གཞུང་གིས་སྔར་ལྷག་རྡོ་སོལ་སྔོག་འདོན་བྱ་རྒྱུ་ཡིན་འདུག

༢༠༢༥/༠༨/༢༥
Photo: Institute for Security & Development Policy
Mobile App

རྒྱ་ནག་གིས་བོད་ནང་དམག་དོན་རྒྱ་སྐྱེད་བཏང་བ་དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད།

༢༠༢༥/༠༨/༢༡
Vladimir Putin, left, and Xi Jinping in 2019.Source: Pool/Getty Images
Mobile App

རྒྱ་ནག་དང་ཨུ་རུ་སུ་ལ་འབྲེལ་བ་ཡོད་པའི་ཡུ་ཊུབ་ཁ་བྱང་ ༡༡༠༠༠ ལྷག་ནག་གསུབ་བཏང་།  

༢༠༢༥/༠༧/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese