མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌས་རྒྱ་ནག་གི་སྐད་འཕྲིན་བཀག་སྡོམ་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཁེ་ན་ཌས་དྲ་རྒྱའི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་གནས་སྟངས་འོག་ནས་རྒྱ་ནག་གི་སྐད་འཕྲིན་བཀག་སྡོམ་བྱས་འདུག

WeChat is one of China’s most popular apps. Reuters

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་བྱང་ཨ་མེ་རི་ཁའི་རྒྱལ་ཁབ་ཁེ་ན་ཌ་གཞུང་གིས། ཁེ་ན་ཌ་རྒྱལ་ཡོངས་ཀྱི་གཞུང་འབྲེལ་ཁ་པར་དང་གློག་ཀླད་སོགས་འཕྲུལ་རིགས་ཀྱི་ནང་དུ་རྒྱ་ནག་གི་སྐད་འཕྲིན་མཉེན་ཆས་བཀག་སྡོམ་གྱི་གསལ་བསྒྲགས་སྤེལ་ཡོད་ཅིང་། སྐད་འཕྲིན་བཀག་སྡོམ་གྱི་སྲིད་ཇུས་དེ་གསལ་བསྒྲགས་སྤེལ་བ་ནས་བཟུང་ལག་བསྟར་བྱེད་མགོ་བརྩམས་ཡོད་འདུག་ལ། ཁེ་ན་ཌས་སྐད་འཕྲིན་མཉེན་ཆས་བཀག་སྡོམ་བྱེད་དོན་ནི་དྲ་རྒྱའི་བདེ་འཇགས་དམིགས་ལ་ཡོད་ཀྱང་། ད་བར་སྐད་འཕྲིན་གྱིས་ཁེ་ན་ཌའི་གཞུང་འབྲེལ་གྱི་གནས་ཚུལ་རྐུ་འཁྱེར་བྱས་མེད་སྐོར་བསྒྲགས་འདུག

ཁེ་ན་ཌའི་སྤྱི་གཉེར་སློབ་སྟོན་ལྷན་ཁང་གི་འགན་འཛིན་ཨ་ནེ་ཏ་ (Anita Anand) ལགས་ཀྱིས། རྒྱ་ནག་གི་ཊུ་སན་ཊི་ (Tencent) བཟོ་གྲྭའི་སྐད་འཕྲིན་དང་ཨུ་རུ་སུའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་མཉེན་ཆེས་ (Kaspersky) གཉིས་ལ་ངོས་ལེན་བྱེད་ཐབས་བྲལ་བའི་མི་སྒེར་གྱི་གསང་བ་དང་བདེ་འཇགས་ཐད་ནས་ཉེན་ཁ་ཆེ་བས། ང་ཚོས་མཉེན་ཆས་དེ་དག་གཞུང་འབྲེལ་གྱི་ཁ་པར་སོགས་ནས་མེད་པར་བཟོས་ཏེ། དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

དྲ་རྒྱའི་བདེ་འཇགས་ཆེད་མཁས་བ་མང་པོ་ཞིག་གིས། སྐད་འཕྲིན་བེད་སྤྱོད་གཏོང་བར་ཉེན་ཁ་ཆེ་སྐོར་ཡོངས་གྲགས་བཟོས་ཟིན་པ་དང་། ཐེངས་འདིར་ཁེ་ན་ཌ་གཞུང་གིས་སྐད་འཕྲིན་དང་ལྷན་དུ་ཨུ་རུ་སུའི་ (Kaspersky)ཞེས་པའི་དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་མཉེན་ཆས་ཤིག་ཀྱང་བཀག་སྡོམ་བྱས་ཡོད་འདུག

ཡང་ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕིད་ཀྱིས་བཀོད་ཁྱབ་ཅིག་བཏང་སྟེ་ཨ་རིའི་ནང་རྒྱ་ནག་གི་སྐད་འཕྲིན་བེད་སྤྱོད་གཏོང་མཚམས་འཇོག་ཐབས་བྱས་ཡོད་ཀྱང་གཏན་འགོག་བྱེད་མ་ཐུབ་པ་རེད། དེ་བཞིན། ཕྱི་ལོ ༢༠༢༢ ལོའི་ཟླ་ ༢ ནང་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་གི་གཙོས་ཚོང་འབྲེལ་སོགས་ཀྱི་འགལ་ཟླ་བྱུང་སྟབས། རྒྱ་གར་གྱིས་རྒྱའི་སྐད་འཕྲིན་མཉེན་ཆས་གཙོ་བྱས་པའི་རྒྱ་ནག་གི་མཉེན་ཆས་ཁྱོན་ ༥༤ དུས་ཡུན་ངེས་མེད་རིང་གཏན་འགོག་བྱས་ཡོད་པ་རེད།

རྒྱ་ནག་གི་མཉེན་ཆས་སྐད་འཕྲིན་ནམ་ (微信)ཟེར་བ་ཕྱི་ལོ་ ༢༠༡༡ ལོར་ཐོག་མར་གསར་དུ་བཟོས་ཤིང་། རྒྱ་རིགས་རྣམས་གཙོ་བྱས་པའི་རྒྱ་ནག་གི་དབང་སྒྱུར་འོག་གནས་པའི་བོད་མི་རྣམས་ལ་མཚོན་ན། སྐད་འཕྲིན་ནི་བེད་སྤྱོད་མི་གཏོང་ཐབས་མེད་ཀྱི་གནས་སྟངས་འོག་བེད་སྤྱོད་གཏོང་མཁན་མང་པོ་བྱུང་ཞིང་། བར་སྐབས་ཤིག་ལ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་འབྲེལ་ཐག་བྱེད་སྤྱད་གཙོ་གྲས་ཤིག་ཀྱང་ཆགས་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་དྲ་རྒྱ་དང་འབྲེལ་མཉེན་ཆས་ཁག་ལ་ཞིབ་འཇུག་བྱེད་མཁན་ (statista.com)དྲ་རྒྱའི་གནས་ཚུལ་ལྟར་ན། ད་ལྟ་རྒྱལ་སྤྱིའི་སྟེང་སྐད་འཕྲིན་བེད་སྤྱོད་གཏོང་མཁན་གྱི་མི་འབོར་འཕེལ་བཞིན་པ་དང་ཟླ་རེར་སྐད་འཕྲིན་བེད་སྤྱོད་གཏོང་མཁན་གྱི་མི་གྲངས་ཐེར་འབུམ་ ༡།༣ ཙམ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༦ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢༣ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese