མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་བསྡུས།  

བོད་ཀྱི་དུས་བབ།
༢༠༢༣/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་ཤིག་འཚོགས་ཏེ་བོད་ཀྱི་མ་འོངས་པའི་གནད་དོན་གྱི་ཐོག་ལ་གོ་བསྡུར་གནང་འདུག

བོད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་ཤིག་འཚོགས། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༣། ༡༡། ༣།

 དེ་རིང་ཕྱི་ཚེས་ ༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་(India International Centre ) དུ། བོད་དོན་ལས་འགུལ་དང་འཚེ་མེད་ཞི་བའི་སྦྱོང་བརྡར་བསྟི་གནས་ཁང་གཉིས་ཀྱི་གོ་སྒྲིག་འོག བོད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ (India’s Strategic Role in Tibet’s Future) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་བསྡུས་ཡོད་ཅིང་། དེའི་ཐོག་ཧིན་དྷུ་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་ཟུར་པ་ཊེན་ཌོན་(O P Tandon) ལགས་དང་། བོད་མི་མང་སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས། རི་མཐོ་ས་གཙང་གི་དྲ་རྒྱའི་འགན་འཛིན་བདེ་ཆེན་པདྨ་ལགས། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཀན་ཝལ་སི་བྷལ་ (Kanwal Sibal) ལགས་གཙོས་ཧིན་བོད་གཉིས་ཀྱི་ན་གཞོན་ ༦༠ ལྷག་གིས་མཉམ་ཞུགས་གནང་ཡོད་འདུག

 དེའི་ཐད་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བཀྲ་ཤིས་ལམ་བཟང་ལགས་ཀྱིས། ཕྱི་ལོ ༢༠༡༩ ཙམ་ནས་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་འགྱུར་བ་མང་པོ་ཞིག་འགྲོ་མུས་ཡིན་པའི་ཁར། ལྷག་པར་དུ་རྒྱ་ནག་ལས་མཆེད་པའི་རིམས་ནད་ཀྱི་རྐྱེན་གྱིས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་རྒྱ་ནག་ལ་བཟུང་བའི་ལྟ་ཚུལ་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་མུས་རེད་ལ། རྒྱ་ནག་ནང་དུ་འདས་པའི་ལོ་ཤས་རིང་འགྱུར་བ་འགྲོ་མུས་ཡིན་སྟབས། ད་ལན་གྱི་འདུ་འཛོམས་འདི་ནི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ག་རེ་ཡིན་མིན་ལ་མ་ལྟོས་པར། མ་འོངས་པའི་བོད་ཀྱི་གནད་དོན་དེ་གང་འདྲ་ཞིག་ཏུ་འགྱུར་མིན་དང་། དེའི་ཐད་བོད་མི་ཚོས་གྲ་སྒྲིག་གང་འདྲ་བྱ་དགོས་མིན་སོགས་བགྲོ་གླེང་བྱ་སའི་རང་དབང་གི་གླེང་སྟེགས་ཤིག་ཡིན་པ་དང་། རང་དབང་གི་གླེང་སྟེགས་འདི་བརྒྱུད་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན། བོད་ཀྱི་མ་འོངས་པའི་ཆོས་རིག་དང་། ཆབ་སྲིད། དཔལ་འབྱོར། རིག་གཞུང་སོགས་ཀྱི་གནད་དོན་གྱི་ཐད་ལ་བསམ་ཚུལ་བརྗེ་ལེན་བྱས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ད་ལན་གྱི་ལྷན་ཚོགས་དེ་རྒྱ་གར་དུ་བསྡུ་དོན་གཙོ་བོ་ནི། བཙན་བྱོལ་བོད་མིའི་བསྟི་གནས་དེ་རྒྱ་གར་ལ་ཆགས་ཡོད་ཅིང་། ལྷག་པར་དུ་རྒྱ་གར་རྒྱལ་ཁབ་དང་། མི་མང། ས་ཆ་སོགས་ཀྱི་ཐད་ནས་བོད་མིར་གནད་འགག་ཆེན་པོ་ཞིག་ཆགས་ཡོད་ལ། མ་འོངས་པར་རྒྱ་གར་གཞུང་གིས་བོད་མི་དང་བོད་ཀྱི་གནད་དོན་ལ་བཟུང་བའི་སྲིད་ཇུས་དེ་དག་ཧ་ཅང་གནད་འགག་ཅན་ཞིག་ཏུ་གྱུར་ཡོད་སྟབས། ད་ལན་རྒྱ་གར་གྱི་བོད་དོན་ལ་ཤེས་རྒྱ་དང་དོ་སྣང་ཡོད་མཁན་མང་དག་ཅིག་གདན་འདྲེན་ཞུས་ནས། མ་འོངས་པར་རྒྱ་གར་གཞུང་གིས་བོད་དོན་ལ་གཟིགས་ཕྱོགས་འགྱུར་བ་ཐེབས་སྲིད་མིན་གྱི་གནད་དོན་སོགས་ཀྱི་སྐོར་ལ་གོ་བསྡུར་དང་། རྒྱ་གར་གྱི་གནད་ཡོད་མི་སྣ་ཚོ་ལའང་བོད་པའི་གཞོན་སྐྱེས་གཙོས་བོད་མི་རྣམས་ཀྱི་བསམ་ཚུལ་དང་ལྟ་ཚུལ་སོགས་ཀྱི་ཐོག་ལ་བསམ་ཚུལ་བརྗེ་ལེན་དང་གོ་བསྡུར་བྱས་ཡོད་ཅིང་། ལྷན་ཚོགས་དེར་བོད་པའི་གཞོན་སྐྱེས་དང་རྒྱ་གར་གྱི་ཤེས་ལྡན་པ་བཅས་ཁྱོན་མི་གྲངས་ ༦༠ ལྷག་གིས་མཉམ་ཞུགས་གནང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

 བོད་དོན་མདུན་ལམ་ཞེས་པ་ནི་རྒྱ་གར་དང་། ཡུ་རོབ། ཨ་རི་སོགས་སུ་སློབ་གཉེར་བྱེད་མུས་ཡིན་པའི་བོད་ཀྱི་ན་གཞོན་ཤེས་ལྡན་པ་ཁག་ཅིག་གིས་གྲུབ་པའི་དང་བླངས་ཀྱི་རུ་ཁག་ཅིག་ཡིན་ཞིང་། བོད་ཀྱི་མདུན་ལམ་ཞེས་པའི་ལས་འགུལ་དེ་ཐོག་མར་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༩ ནས་ ༡༠ ཉིན་གྲངས་གཉིས་རིང་ཨ་རིར་འཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་༢༥ ནས་ཉིན་གྲངས་གསུམ་རིང་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་འཚོགས། ཟླ་འདིའི་ཕྱི་ཚེས་ ༦ ནས་ཉིན་གྲངས་ ༤ རིང་དྷ་སའི་ཨིམ་པི་རིལ་གསོལ་མགྲོན་ཁང་དུ་འཚོག་འཆར་ཡོད་འདུག

        གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

China's domestic tourism market surges during Spring Festival holiday. Photo: Azernews
Mobile App

རྒྱ་ནག་གིས་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱིན་འདུག

༢༠༢༤/༠༥/༠༨
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་གི་ཊིག་ཊོག་བཀག་སྡོམ་བྱས།

༢༠༢༣/༡༡/༡༤
WIN-WIN COOPERATION Chinese President Xi Jinping meets with Nepalese Prime Minister Pushpa Kamal Dahal Prachanda in Hangzhou, capital city of east China’s Zhejiang Province on Saturday, Sept. 23, 2023. XINHUA PHOTO
Mobile App

བལ་ཡུལ་ནང་གི་བོད་མི་ཚོར་སྔར་ལས་དཀའ་ངལ་འཕྲད་ཉེན་འདུག

༢༠༢༣/༠༩/༢༩
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

༢༠༢༣/༠༩/༢༥
Emergency workers respond to a gas explosion at a barbecue restaurant in Yinchuan, Ningxia, China, on June 21.
Mobile App

རྒྱ་ནག་གི་གསོལ་མགྲོན་ཁང་ཞིག་ཏུ་འགས་ཐོར་བྱུང་།

༢༠༢༣/༠༦/༢༢
སུད་སི་བོད་རིགས་མི་མང་གིས་རྒྱལ་ཚོགས་ཀྱི་མདུན་དུ་ཞི་བའི་སྐད་འབོད། ནོར་ཝེ་རླུང་འཕྲིན་ཁང་གི་པར། ༢༠༢༣།༠༦།༡༩
Mobile App

རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་དོན་ཆེད་ཞི་བའི་སྐད་འབོད་གནང་། 

༢༠༢༣/༠༦/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese