མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིང་བཙན་བསྒྱུར་དང་ལྡི་ལིའི་སེམས་ཁྲལ་གསར་པ།

བོད་ཀྱི་དུས་བབ།
༢༠༢༣/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཀི་ལོ་ཌི་ཨར་པི། (Claude Arpi)

 སའི་གོ་ལའི་སྟེང་གི་ཆེས་དབང་ཤུགས་ཅན་གྱི་འགོ་ཁྲིད་གཉིས་ཀྱི་བར་དུ་ཡུན་རིང་པོར་བསྒུགས་པའི་མཇལ་འཛོམས་དེ་ནི། མཐའ་མར་ཟླ་༡༡ ཚེས་༡༥ ཉིན་ཨ་རིའི་གྲོང་ཁྱེར་སན་ཧྥ་རན་སི་སེ་ཀོའི་མཐའ་རུ་ཆགས་པའི་གཞིས་ཁང་ཞིག་ཏུ་ཚོགས་སོང་། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་(Joe Biden)གྱིས་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་(Xi Jinping)ནི་དོན་དངོས་ཐོག་སྒེར་གཅོད་པ་ཞིག་རེད་ཅེས་བརྗོད་པ་དེས་མཇལ་འཛོམས་འདིར་གྲུབ་འབྲས་བཟང་པོ་ཅི་ཞིག་ཐོན་རུང་ཕལ་ཆེར་ནུས་མེད་དུ་བཟོས། སྲིད་འཛིན་བྷའེ་ཌན་ལགས་སུ་ཁོང་གིས་ཟླ་དྲུག་པའི་ནང་གསུངས་པའི་ཞི་ཅིང་ཕིན་སྒེར་གཅོད་པ་ཡིན་པའི་ལྟ་ཚུལ་དེར་འགྱུར་བ་ཡོད་དམ་ཞེས་དྲིས་པར། སྲིད་འཛིན་གྱིས། ལྟོས་དང་། ཁོ་རེད་ལ། ཁོ་ནི་སྒེར་གཅོད་པ་ཞིག་ཡིན་པ་དེའང་ཁོས་ང་ཚོའི་སྲིད་གཞུང་ལམ་ལུགས་དང་ཐ་དད་ཡིན་པའི་དམར་ཤོག་གི་རྒྱལ་ཁབ་ཅིག་ལ་དབང་བསྒྱུར་བྱེད་བཞིན་པས་ཡིན་ཞེས་ལན་འདེབས་བྱས། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐྲོ་ནི་སྦི་ལིན་ཁེན་གྱིས་སྲིད་འཛིན་གྱི་སྐད་ཆ་དེ་གོ་བ་དང་ངོ་གདོང་འགྱུར་བཞིན། ཁོས་ཡང་བསྐྱར་དེ་ལྟར་བྱས་སོང་ཟེར།

རྒྱ་ནག་གཞུང་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་མའོ་ནིང་(Mao Ning) གིས་མི་འགོར་བར་ལན་འདེབས་བྱས་ཤིང་། གཟའ་ཕུར་བའི་དུས་རྒྱུན་གྱི་གསར་འགོད་གསལ་བསྒྲགས་སུ་མོས་གསར་འགོད་པ་རྣམས་སུ། བརྗོད་ཚིག་དེ་ནི་ཧ་ཅང་ནོར་འཁྲུལ་ཅན་དང་། འགན་ཁུར་མེད་པའི་ཆབ་སྲིད་ཀྱི་གཡོ་ཐབས་ཤིག་རེད་ཅེས་བཤད། འོན་ཀྱང་། མགྲོན་བསུའི་གསོལ་ཚིགས་ཐོག་གི་ཞི་ཅིང་ཕིན་གྱི་གཏམ་བཤད་དེར་རྙོག་གླེང་ཅི་ཡང་བྱུང་མེད་དེ། ཁོང་གིས་རྒྱུད་གཅིག་ལམ་གཅིག་གི་སྐོར་དང་། དེ་བཞིན་གོ་ལའི་ཡར་རྒྱས་ལས་གཞི། གོ་ལའི་བདེ་འཇགས་ལས་གཞི། གོ་ལའི་དཔལ་ཡོན་ལས་གཞི་བཅས་ཀྱི་སྐོར་གླེང་ཞིང་། ཁོས་དགོངས་ཚུལ་བཏོན་པར། རྒྱ་ནག་གིས་ཨ་རི་ཐེ་བའི་རྒྱལ་ཁབ་ཚང་མར་དུས་རྟག་ཏུ་སྒོ་ཕྱེ་ཡོད་པ་དང་། རྒྱ་ནག་ཀྱང་ཨ་རིས་གྲོས་འཆར་བཏོན་པའི་ཕྱོགས་དུ་མའི་མཉམ་འབྲེལ་གྱི་ལས་གཞིའི་ནང་དུ་ཞུགས་རྒྱུར་གྲ་སྒྲིག་ཡོད་ཟེར།

ཞི་ཅིང་ཕིན་གྱིས་རང་ཉིད་ཐོག་མར་ཨ་རིར་ཡོང་དུས་ལ་ཕྱིར་དྲན་བྱས་དོན། ང་ཨ་རིའི་མངའ་སྡེ་ཨ་ཡོ་བའི་ཌོ་ཝར་ཆག་(Dvorchak, Iowa) ཁང་པར་བསྡད་ཅིང་། སྐབས་དེའི་ས་གནས་ཀྱི་ཁ་བྱང་ད་དུང་ཡང་དྲན་བཞིན་འདུག དེ་ནི་བྷོན་ནེ་(Bonnie)སྲང་ལམ་གྱི་སྒོ་ཨང་༢༩༡༡ རེད། ངས་ཁོང་ཚོ་དང་མཉམ་དུ་བསྐྱལ་བའི་ཉིན་མོ་དེ་དག་ནི་བརྗེད་ཐབས་བྲལ་བ་ཞིག་ཡིན། ང་ལ་མཚོན་ན་ཁོ་ཚོས་ཨ་རི་མཚོན་པ་རེད། ང་ཚོའི་མི་རིགས་འདི་གཉིས་ཀ་སེམས་པ་བཟང་པོ་དང་། འཆམ་མཐུན། ལས་ལ་བརྩོན་པ། དོན་དངོས་ལ་བསྟུན་མཁན་ཞིག་ཡིན། འདི་དག་ནི་ལྡོག་ཏུ་མེད་པར་སྣང་བའི་ཁྱད་པར་ཁག་ལ་གདོང་ལེན་བྱེད་པའི་ཐབས་ལམ་མི་འདྲ་བ་ཁག་ཅིག་རེད། ཡིན་ན་ཡང་། མཧཱ་བྷ་ལིས་པུ་རམ་(Mahabalipuram) དྲན་ནམ། མི་ཚང་མས་༢༠༡༩ ལོའི་མོ་རྡི་(Modi) དང་ཞི་ཅིང་ཕིན་གྱི་ཐུག་འཕྲད་དེ་ལ་བསྟོད་བསྔགས་བྱས་མོད། ཟླ་བདུན་གྱི་རྗེས་སུ་མི་དམངས་བཅིངས་གྲོལ་དམག་མིས་ལ་དྭགས་ཤར་ཕྱོགས་ཀྱི་ས་ཆར་བཙན་འཛུལ་བྱས་པ་རེད། ཁེ་ལི་ཧྥོར་ནི་ཡའི་(California) ཐུག་འཕྲད་འདི་ཡང་མཇུག་མཐར་འགལ་འདུ་གསར་པ་(ཐེ་ཝན་ནམ་ལྷོ་རྒྱ་ནག་རྒྱ་མཚོ་) ཞིག་ཏུ་འགྱུར་སྲིད། ང་ཚོས་དེང་སྐབས་རྒྱ་ནག་ནང་གི་དངོས་ཡོད་གནས་སྟངས་དང་། ལྷག་པར་དུ་པེ་ཅིང་གིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་འབོད་པའི་བོད་དང་ཤར་ཏུར་ཀི་སི་ཐན་ནང་བྱུང་བའི་དཀའ་སྡུག་གི་འཚོ་བ་རྣམས་བརྗེད་མི་རུང་།

སྤྱི་ཟླ་༡༡ ཚེས་༡༠ ཉིན་ཤིན་ཧྭ་གསར་ཁང་གིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་ལས་ཁུངས་ཀྱིས་“ཞིས་ཙང་”(བོད་)རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་འཛིན་སྐྱོང་སྐོར་གྱི་ཡིག་ཆ་དཀར་པོ་ཞིག་འགྲེམས་སྤེལ་བྱས་པའི་གནས་ཚུལ་སྤེལ། འོ་ན། “ཞིས་ཙང་” (Xizang) ་ཞེས་པ་ནི་ཅི་ཞིག་ཡིན་ནམ།

རྒྱ་ནག་དམར་པོ་གཞུང་ནི་མི་སེར་སྤེལ་བའི་དབང་ཤུགས་ངོ་མ་ཞིག་ཡིན་པའི་ཆ་ནས། དུས་ནས་དུས་སུ་མི་དང་ས་ཆ། ཐ་ན་རྒྱལ་ཁབ་ཀྱི་མིང་ཡང་བརྗེས་ཡོད། བོད་ཀྱང་དེ་ལྟར་ཆགས་ཏེ་ད་ལྟ་བོད་(Tibet) ལ་“ཞིས་ཙང་”དུ་བོས། ༼དུས་རབས་གསར་པའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པས་“ཞིས་ཙང་”འཛིན་སྐྱོང་བྱེད་ཕྱོགས་ཀྱི་སྲིད་ཇུས། ཐབས་ལམ་དང་བྱས་རྗེས་༽ ཞེས་ཁ་བྱང་དུ་འཁོད་པའི་ཡིག་ཆ་དཀར་པོ་དེའི་དམིགས་ཡུལ་གཙོ་བོ་ནི་བཙན་བཟུང་བྱས་པའི་བོད་ཀྱི་ས་ཆར་མིང་གསར་པ་བཏགས་པ་འདི་གཞུང་འབྲེལ་བཟོ་རྒྱུ་དེ་ཡིན། ཡིག་ཆ་དེས་རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་འཛིན་སྐྱོང་བྱེད་ཕྱོགས་ཀྱི་ལམ་སྟོན་གསལ་འདོན་བྱས་ཏེ། པེ་ཅིང་གིས་མངའ་ཁུལ་འདིར་ལས་དོན་སྣ་ཚོགས་ཐོག་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ཕྱོགས་ཡོངས་ནས་ཡར་རྒྱས་བཏང་ཡོད་སྐོར་བསྟན།

ཡིག་ཆ་དཀར་པོ་དེས། ཕྱི་ལོ་༢༠༡༢ ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བོད་འདིར་སྔོན་ཆད་བྱུང་མ་མྱོང་བའི་ཡར་རྒྱས་ཀྱི་དུས་སྐབས་ཤིག་དང་། མི་མང་ལ་དངོས་ཡོད་ཀྱི་ཁེ་ཕན་བསྐྲུན་པའི་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད་ཅེས་གོང་མ་ཞི་ཅིང་ཕིན་ལ་བསྟོད་བསྔགས་ཕུལ་ཡོད་པ་ལྟ་ཅི་སྨོས། ད་དུང་དེའི་ནང་དུ། ཕྱི་ལོ་༢༠༢༢ ལོར་“ཞིས་ཙང་”གི་རྒྱལ་ནང་ཕྱོགས་བསྡོམས་ཐོན་སྐྱེད་ཀྱི་འབོར་ཚད་ནི་རྒྱ་སྒོར་དུང་ཕྱུར་༢༡༣།༢༦ (དེ་ནི་ཨ་སྒོར་དུང་ཕྱུར་༢༩།༣) ལ་ཐོན་ཡོད་པ་དང། དེས་ཕྱི་ལོ་༢༠༡༢ ལོ་ནས་བཟུང་ལོ་རེའི་ཆ་སྙོམས་ཀྱི་འཕེལ་ཚད་བརྒྱ་ཆའི་༨།༦ ཡིན་པ་མཚོན། སྐབས་དེའི་རིང་ལ་ཁུལ་དེར་མེ་འཁོར་ལྕགས་ལམ་ཀྱི་རིང་ཚད་ཧ་ལམ་ལྡབ་གཉིས་སུ་འཕར་བ་དང་དྲ་རྒྱའི་ཚད་རིམ་ལྔ་པ་ཅན་བཙུགས་ནས་རྫོང་ཁག་དང་གྲོང་སྡེ་ཆེ་ཁག་ཚང་མར་མཐུད་ཐུབ་པར་བྱས་ཡོད། མ་ཟད་ཡུལ་དེའི་ནང་དུ་དབུལ་ཕོངས་ཅན་མེད་པར་བཟོས་ཡོད་ཅེས་བཀོད། དེའི་མཇུག་ཏུ། “ཞིས་ཙང་”མི་མང་གིས་རྒྱལ་ནང་མི་མང་བྱིངས་དང་མཉམ་དུ་རྒྱ་ནག་རྒྱལ་ཁབ་གྱེན་དུ་འགྲེངས་ནས་སྟོབས་འབྱོར་ཅན་ཆགས་པའི་འགྱུར་ལྡོག་ཆེན་མོ་དང་། དེང་སྐབས་ཕྱོགས་ཡོངས་ནས་དེང་རབས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཅིག་ཏུ་བསྐྲུན་བཞིན་པའི་འགྲུལ་བཞུད་གསར་པ་འདིར་གོམ་ཁ་སྤོས་པ་དངོས་སུ་མཐོང་ཡོད་ཅེས་བསྡོམས་ཚིག་བཀོད། བོད་པ་(Tibetan)ལྟ་བུའི་རྒྱན་ཚིག་དང་བོད་ཀྱི་མཁའ་འགྲུལ་ལྟ་བུའི་ཚོགས་པ་དང་སྒྲིག་འཛུགས་ཀྱི་མིང་ཁ་ཤས་ལས། ཡིག་ཆ་དེའི་ནང་དུ་བོད་(Tibet) ཅེས་པའི་ཐ་སྙད་ཀྱི་ཟུར་ཙམ་ཡང་མཐོང་རྒྱུ་མེད།

བོད་མིའི་སྒྲིག་འཛུགས་ཏེ། རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གིས་ཡིག་ཆ་དཀར་པོ་འདིར་ཁས་ལེན་རྩ་བ་ནས་བྱེད་ཀྱི་མི་འདུག་ལ། ཡིག་ཆ་འདི་ནི་ངོས་ལེན་བྱེད་ཐུབ་མེད་པ་དང་། འདིའི་ནང་དུ་དོན་འཛོལ་དང་འགྲེལ་ནོར། རྫུན་གཏམ་གྱིས་ཁེངས་འདུག་ཅེས་བཤད་པ་མ་ཟད། ད་དུང་མུ་མཐུད་ནས། བོད་ཐོག་བཏོན་པའི་ཡིག་ཆ་དཀར་པོ་ཐེངས་བཅུ་དགུ་བ་དེས་“ཞིས་ཙང་”ངམ་“ཞིས་ཙང་”རང་སྐྱོང་ལྗོངས་ཞེས་ཐ་སྙད་བཀོལ་སྤྱོད་ཀྱིས་བོད་ཀྱི་ཐུན་མིན་གྱི་ཆབ་སྲིད་ཀྱི་ངོ་བོ་རིམ་གྱིས་མེད་པར་གཏོང་བཞིན་འདུག་ཅེས་ནན་བརྗོད་བྱས། བོད་མིིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཡིག་ཆ་དེ་ནི་བོད་མི་མང་ལ་དམའ་འབེབས་བྱས་པ་ཞིག་རེད། ཤོག་གྲངས་སོ་གཉིས་ཅན་གྱི་ཡིག་ཆ་དེས་མི་མང་གི་མངོན་འདོད་བཤད་བཞིན་འདུག་མོད། བོད་མི་མང་དེའི་ནང་ན་མི་འདུག དེའི་རྐྱེན་གྱིས་ཁོང་ཚོས་མངོན་འདོད་ཅི་ཞིག་བཤད་ཀྱི་ཡོད་དམ། སུ་དག་གི་མངོན་འདོད་བཤད་ཀྱི་ཡོད་དམ་ཞེས་དྭོགས་འདྲི་བྱས།

ད་དུང་རྒྱ་གར་གཞུང་ལའང་སེམས་ཁྲལ་སྐྱེད་གཞི་ཞིག་ཆགས་པ་ནི། རྒྱ་ནག་གིས་“ཞིས་ཙང་”ཞེས་པའི་མིང་འདི་གཞུང་འབྲེལ་ཅན་དུ་བསྒྱུར་ཆེད། རྒྱ་གར་གྱི་ཁྱིམ་མཚེས་བལ་ཡུལ་དང་སིངྒ་ལ་གཉིས་སུ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲིན་(Wang Junzheng) ཉིན་ལྔའི་རིང་ལྟ་སྐོར་དུ་མངགས་ཡོད། བོད་མི་མེད་པའི་བོད་ཀྱི་སྐུ་ཚབ་ཚོགས་པ་དེ་བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཞོན་ཨུར་མིས་ལ་ཨར་ཡལ་ལགས་(Urmila Aryal) ཀྱིས་ཀ་ཐི་མན་ཏུའུའི་ཏི་རི་སྦུ་ཝན་(Tribhuvan) རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་བསུ་བྱས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གཞུང་འབྲེལ་གྱི་གསར་འགོད་བརྒྱུད་ལམ་དུ། སྐུ་ཞབས་ཝང་གི་ལྟ་སྐོར་དེ་ནི་རྒྱལ་ཁབ་གཉིས་ཀྱི་ཚད་མཐོའི་འབྲེལ་ལམ་བཟང་པོ་རྒྱུན་སྐྱོང་བྱེད་རྒྱུའི་ཆེད་ཡིན་པར་བསྒྲགས།

བལ་ཡུལ་དུ་སྡོད་ཡུན་རིང་། སྐུ་ཞབས་ཝང་གིས་སྲིད་བློན་པུའུ་ཞི་པ་ཀ་མལ་རྡ་ཧལ་ལགས་(Pushpa Kamal “Prachanda” Dahal) དང་ཐུག་འཕྲད་བྱས་ཡོད་ལ། སྲིད་བློན་གྱི་ཕྱི་སྲིད་སློབ་སྟོན་པ་སྐུ་ཞབས་རུ་པག་སབ་ཀོ་ཏ་(Rupak Sapkota) ནས་བརྗོད་དོན། བོད་དང་ང་ཚོ་ས་འབྲེལ་ཡིན་པར་བརྟེན། ཁོང་ཚོའི་ལྟ་སྐོར་གྱི་རིང་ལ་ང་ཚོའི་གཞུང་འབྲེལ་མི་སྣ་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྐུ་ཚབ་རྣམས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བརྟན་དུ་གཏོང་རྒྱུར་གྲོས་བསྡུར་བྱེད་རྒྱུ་དང་བསྟུན། སྲིད་བློན་མཆོག་རྒྱ་ནག་ཏུ་ཕེབས་དུས་ཀྱི་གྲོས་མཐུན་ཡིག་ཆར་མཚན་རྟགས་བསྐྱོན་པ་ལག་ལེན་དུ་འཁེལ་རྒྱུའི་སྐོར་ཡིན་པར་བཤད། “ཞིས་ཙང་”གི་སྐུ་ཚབ་རྣམས་ཀྱིས་སྲིད་འཛིན་གཞོན་པ་རམ་ས་ཧ་ཡ་པི་ར་ས་རྡི་ཡ་རྡེབ་(Ramsahaya Prasad Yadav) ལ་འཚམས་འདྲིའི་ཐུག་འཕྲད་བྱས་རྗེས་སུ་སྲིད་བློན་གཞོན་པ་དང་ནང་སྲིད་བློན་ཆེན་ན་ར་ཡན་ཀ་ཇི་ཞི་རེ་སི་ཐ།(Narayan Kaji Shrestha) འཛིན་སྐྱོང་དང་མཉམ་སྦྲེལ་བློན་ཆེན་ཨ་ནི་ཏ་དྷེ་ཝི་ས་( Anita Devi Sah) དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་གྷ་ནེ་ཞི་པིར་ས་རྡི་ཏི་མིལ་སི་ན་( Ganesh Prasad Timilsina) བཅས་སུ་ཐུག་འཕྲད་བྱས་ཡོད། ཝང་ཅིན་ཀྲན་གྱིས་ད་དུང་སྤོག་ར་རུ་རྒྱ་བལ་མཉམ་འབྲེལ་གྱི་ལས་གཞི་དེར་ལྟ་སྐོར་དུ་ཕྱིན་ཡོད་ལ། དེ་ནི་“ཞིས་ཙང་”ཞེས་པའི་མིང་ལ་ངོས་ལེན་ཐོབ་རྒྱུའི་དམིགས་ཡུལ་སྒྲུབ་ཆེད་ཡིན་པ་གསལ་པོ་རེད།

དེའི་ག་ལ་ཚད་དེ། ཉིན་གཅིག་གི་རྗེས་སུ། (ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན།) ཝང་ཅུན་ཀྲིན་དང་སིངྒ་ལའི་ཕྱི་སྲིད་བློན་ཆེན་ཨ་ལིས་སབ་རིས་(Ali Sabry) གཉིས་ཀོ་ལོམ་སྦོ་རུ་ལྷན་དུ་ཡོད་པ་རེད། སིངྒ་ལའི་ཕྱི་སྲིད་བློན་ཆེན་གྱིས་རང་གི་ཨེག་སི་(X)སྤྱི་ཚོགས་དྲ་ལམ་དུ་འགོད་རྒྱུར། རྒྱ་ནག་གི་“ཞིས་ཙང་”རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲིན་ལ་ཕྱི་སྲིད་ལས་ཁུངས་སུ་ཐུག་པར་དགའ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་མཉམ་ལས་དང་གནད་དོན་གཞན་དག་ཁག་ལ་གྲོས་བསྡུར་བྱས་ཞེས་རྒྱ་ནག་གཞུང་ཚབ་ཁང་དང་སིངྒ་ལའི་ཕྱི་སྲིད་ལས་ཁུངས་གཉིས་ཀྱི་མིང་ལ་འདྲེན་རྟགས་བཀོད་ཡོད། དེས་ཅི་ཞིག་བསྟན་ཡོད་ཅེ་ན། ད་ནས་བཟུང་རྒྱལ་ཁབ་གང་མང་ཞིག་གིས་བོད་ཅེས་པའི་ཚབ་ཏུ་“ཞིས་ཙང་”ཞེས་པའི་ཐ་སྙད་བཀོལ་སྤྱོད་བྱེད་རྒྱུ་ཡིན་པ་རེད།

གནས་ཚུལ་འདིའི་དོན་སྙིང་ནི། སྐུ་ཞབས་ཞིས་ཀྱིས་འགྲོ་བ་མིའི་རིགས་ཀྱི་མ་འོངས་པ་ཐུན་མོང་དུ་ལོངས་སུ་སྤྱོད་ཐུབ་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་དགོས་ཞེས་སྙན་འཇེབས་ལྡན་པའི་གཏམ་བཤད་གནང་ཡོད་ཀྱང་། པེ་ཅིང་གི་འཆར་གཞིའི་ནང་དུ་བོད་ལྟ་བུའི་གནའ་བོའི་རྒྱལ་ཁབ་འདི་དག་ཤོང་མི་འདུག དེ་ནི་འགྲོ་བ་མིའི་རིགས་ལ་བཟང་རྟགས་ཤིག་མིན་ལ་བོད་དང་ས་འབྲེལ་ཡུན་རིང་ཡོད་པའི་རྒྱ་གར་ལའང་བཟང་རྟགས་ཤིག་དེ་བས་མིན། གང་ལྟར། སྲིད་འཛིན་བྷའེ་ཌན་གྱིས་རྒྱ་ནག་གི་སྒེར་གཅོད་པ་ཞེས་བཤད་པ་དེ་ཕལ་ཆེར་བདེན་པར་གྲུབ།

འདན་ཀུན་དགས་བོད་ཡིག་ཏུ་བསྒྱུར།

མ་རྩོམ་གྱི་དྲ་ཐག https://www.deccanchronicle.com/opinion/columnists/221123/claude-arpi-as-tibet-becomes-xizang-delhi-faces-a-new-concern.html

འབྲེལ་ཡོད་གསར་འགྱུར།

ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

སྐར་མ ༣༩ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese