མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱིས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་གནང་། 

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་ཐའེ་ཝན་གྱི་འདེམས་ཐོན་སྲིད་འཛིན་གསར་པ་སྐུ་ཞབས་ལེ་ཆིན་ཏི་མཆོག་ལ་འཚམས་འདྲི་གནང་།

བཀའ་སྤྱི་གཉིས་ཀྱིས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་གནང་བའི་མཚོན་དོན་པར་རིས། དུས་བབ་ཀྱིས་སྒྲིག་བཟོ་བྱས།

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་དགོང་མོར་ཐའེ་ཝན་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་སྐུ་ཞབས་ལེ་ཆིན་ཏི་མཆོག་སྲིད་འཛིན་གསར་པར་འོས་འདེམས་བྱུང་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས། སྐུ་ཞབས་ལེ་ཆིན་ཏི་མཆོག་ལ་འདི་ལོའི་ཐའེ་ཝན་སྲིད་འཛིན་གྱི་འོས་བསྡུ་ཆེན་མོའི་ཁྲོད་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་བ་དང་སྦྲགས། ཁོང་གིས་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པའི་ལས་དོན་རྣམས་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུས་འདུག

དེ་ཡང་སྲིད་སྐྱོང་གི་འཚམས་འདྲིའི་འཕྲིན་ཡིག་ནང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ཀྱིས་ཚབ་བྱས་ནས། ཁྱེད་དང་དམངས་གཙོ་ཡར་སྐྱེད་ཚོགས་པ་( Democratic Progressive Party ) ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་ཡི་ཡོད། འོས་བསྡུ་འདི་བརྒྱུད་ནས་ཐའེ་ཝན་མི་མང་གིས་དམངས་གཙོ་དང་རང་དབང་ལ་འགྱུར་མེད་ཀྱི་ཆོད་སེམས་བརྟན་པོ་ཡོད་པ་བདེན་དཔང་བྱས་ཡོད། ཉིད་ཀྱི་ཉེ་ཆར་གྱི་བསྒྲགས་གཏམ་གྱི་ཁྲོད། ཐའེ་ཝན་གྱི་མ་འོངས་པ་ནི་ཐའེ་ཝན་མི་མང་གི་ཐག་གཅོད་བྱ་རྒྱུ་རེད། ཅེས་གསུངས་པ་དེ་བོད་མི་དང་འབྲེལ་བ་ཆེན་པོ་ཡོད་ཅིང་། བོད་མི་རྣམས་ནི་ཁྱད་འཕགས་ཀྱི་རིག་གཞུང་དང་། ངོ་བོ་ལྡན་པའི་ཐོག་བཙན་བྱོལ་དུ་དམངས་གཙོ་ལོངས་སྤྱོད་བྱེད་མཁན་ཞིག་ཡིན་པའི་ཆ་ནས། རང་ཐག་རང་གཅོད་ལ་རིན་ཐང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས་རང་དབང་ལ་ལོངས་སྤྱོད་བྱེད་ཀྱིན་ཡོད། ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། ལོ་རྒྱུས་ཀྱི་ཐོག་ནས་བོད་དང་ཐའེ་ཝན་གཉིས་བར་འབྲེལ་བ་ཡོད་པ་མ་ཟད། ཐའེ་ཝན་མི་མང་འབོར་ཆེན་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཡོ་མེད་ཀྱི་དད་གུས་བྱེད་ཀྱི་ཡོད་ལ། ང་ཚོས་དམངས་གཙོ་མཉམ་སྤྱོད་ཀྱི་ཆོད་སེམས་དེའི་ཐོག་ནས། ལོ་རེ་བཞིན་བོད་མི་དང་ཐའེ་ཝན་མི་མང་གི་འབྲེལ་ལམ་གོང་མཐོར་འགྲོ་དང་འགྲོ་མུས་ཡིན། ཞེས་གསུངས་འདུག

ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས། ཐའེ་ཝན་ནི་འགྱུར་བ་མེད་པའི་ཐོག་ནས་དམངས་གཙོའི་རིན་ཐང་གོང་མཐོར་གཏང་བར་བརྟན་པོ་འགྲེང་ནས་ཡོད་ཅིང་། ད་ལན་གྱི་འོས་བསྡུ་བརྒྱུད་ཐའེ་ཝན་མི་མང་གིས་བསྐྱར་དུ་དམངས་གཙོའི་ལམ་བུ་ལ་ཆོད་སེམས་བརྟན་པོ་ཡོད་པ་གསལ་སྟོན་བྱས་ཡོད། ཅེས་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན། དམངས་གཙོ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གསོལ་རས་སུ་བསྩལ་བ་ཡིན་ཞིང་། དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཁྲིམས་མཐུན་གྱི་འཐུས་མི་དང་བོད་ཀྱི་འབོད་སྒྲ་ཡིན། ང་ཚོས་ཐའེ་ཝན་གྱི་དམངས་གཙོ་ཐེབས་རྩ་(Taiwan Democratic Foundation) ལྷན་མཉམ་ལས་བྱས་ཏེ་ཕྱོགས་གཉིས་ཀྱི་ཁེ་ཕན་མཉམ་སྤྱོད་བྱས་ཡོད་ཅིང་། ང་ཚོས་མ་འོངས་པར་མི་དང་མིའི་བར་གྱི་འབྲེལ་ལམ་སྲ་བརྟན་དུ་བཙུགས་ནས། ཕྱོགས་གཉིས་ཀྱི་སྟོབས་ཤུགས་གོང་མཐོར་གཏང་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། ཅེས་གསུངས་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩
UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

༢༠༢༥/༠༦/༡༩
Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
དབྱིན་ཡུལ་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་རྒྱག་ལ་ངོ་རྒོལ་བྱས་འདུག  པར་དབང་།GATPM ༢༠༢༥།༦།༡༤
Mobile App

དབྱིན་ཡུལ་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་རྒྱག་ལ་ངོ་རྒོལ་བྱས་འདུག

༢༠༢༥/༠༦/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese