མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་དུ་རྒྱལ་སྤྱིའི་བོད་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས།

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གྲངས་གཉིས་རིང་ཐའེ་ཝན་གྱི་གྲོང་ཁྱེར་ཐའེ་པའེ་རུ་ཐའེ་ཝན་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ ༢༠༢༤ ལོའི་ཐུན་མོང་གི་གཞི་རྟེན་འཚོལ་བའི་རྒྱལ་སྤྱིའི་བོད་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་ཡོད་འདུག

ཐའེ་ཝན་དུ་ ༢༠༢༤ ལོའི་ཐུན་མོང་གཞི་རྟེན་འཚོལ་བའི་རྒྱལ་སྤྱིའི་བོད་ཀྱི་བགྲོ་གླེང་ཚོགས་འདུ་འཚོག་བཞིན་པ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངོ་དེབ་ནས་བླངས། ༢༠༢༤།༡།༡༤

ཁ་སང་ཕྱི་ཚེས་ ༡༤ ནས་ཉིན་གྲངས་གཉིས་རིང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པའེ་རུ་ཡོད་པའི་ཧྥུ་ཧྭ་རྒྱལ་སྤྱིའི་རིག་གཞུང་ཚོགས་ཁང་ (Fuhua International Cultural hall) དུ། ། ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག གངས་ལྗོངས་གླེང་སྟེགས་ཆེན་མོ། ཐའེ་ཝན་མང་གཙོའི་ཆབ་སྲིད་ཀྱིས་རྒྱ་ནག་གི་ཆབ་སྲིད་འགྱུར་ལྡོག་ལ་ལམ་འཁྲིད་ཇི་ལྟར་བྱེད་དགོས་སྐོར་ ༢༠༢༤ ལོའི་ཐུན་མོང་གི་གཞི་རྟེན་འཚོལ་བའི་རྒྱལ་སྤྱིའི་བོད་ཀྱི་བགྲོ་གླེང་ཚོགས་འདུ་བསྡུས་ཡོད་པ་དང་། ཚོགས་འདུའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དྲུང་ཆེ་ཟླ་བ་ཚེ་རིང་ལགས་དང་། ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས། ཉམས་ཞིབ་པ་རིག་སྨོན་ཚེ་རིང་བསམ་གྲུབ་ལགས། ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་བཅས་ཐའེ་ཝན་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་སྟེ་གཏམ་བཤད་དང་དྲི་བ་དྲིས་ལན་བཅས་གནང་ཡོད་འདུག་ལ། ཐེངས་འདིའི་ཚོགས་འདུའི་སྟེང་བོད་དང་ཐའེ་ཝན། སོག་པོ། ཧོང་ཀོང་སོགས་རྒྱལ་ཁབ་འདྲ་མིན་ནས་སློབ་དཔོན་དང་ཉམས་ཞིབ་པ། དམངས་གཙོ་དོན་གཉེར་བ་ཁྱོན་མི་གྲངས་ ༢༥ ཙམ་མཉམ་ཞུགས་གནང་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་ཉིན་ཕྱེད་རིང་ཐའེ་པའེ་གྲོང་ཁྱེར་གྱི་ཌ་ཨན་ (Da’an District) རྫོང་དུ་ཡོད་པའི་ཧོ་ཝར་ཌི་གསོལ་མགྲོན་ཁང་ (Howard Hotel) གི་ཚོགས་ཁང་དུ། ཐའེ་ཝན་མི་མང་དང་བོད་མི། ཧོང་ཀོང་བ། མན་ཇུ་སོགས་ཀྱིས་དུས་རབས་གསར་པའི་ནང་འགྱུར་ལྡོག་ཕྱིན་པ་ལ་ཡ་ལན་ཇི་ལྟར་སྤྲོད་དགོས་པའི་སྐོར་ལ་གཏམ་བཤད་དང་གོ་བསྡུར་གནང་ཡོད་འདུག ཉིན་གུང་ཆུ་ཚོད་ ༡༡།༡༠ ནས་ ༡༢ བར་ཆབ་སྲིད་རིག་པའི་སློབ་དཔོན་ཤཱ་མིང་ (Xia Ming) ལགས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་རྣམ་གཉིས་ཀྱིས་བརྗོད་གཞི་དེའི་ཐོག་མུ་མཐུད་དུ་བགྲོ་གླེང་གནང་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་ཐའེ་ཝན་རྒྱལ་ཡོངས་མཐོ་རིམ་སློབ་གཉེར་ཁང་ (National Taiwan University) གི་སྲིད་དོན་ཚན་རིག་གི་སློབ་དཔོན་ཆེན་མོ་མིང་ཇུ་ཀྲང་ (Ming Juzheng) ལགས་དང་། ནེའུ་ཡོག་གཙུག་ལག་སློབ་ཐོན་པའི་ལྟེ་གནས་དང་མཚོ་གླིང་གི་མཐོ་རིམ་སློབ་གྲྭའི་ (City University of New York Graduate Center and College of Staten Island) ཆབ་སྲིད་རིག་པའི་སློབ་དཔོན་ཤཱ་མིང་ (Xia Ming)། པི་རིན་སི་ཊོན་རྒྱ་ནག་ཚོགས་པའི་ (Princeton China Society) འཛིན་སྐྱོང་འགན་འཛིན་ཁྲན་ཁུ་ཡི་ཌ་ (Chen Kuide)། སིཌ་ནི་རུ་རྟེན་གཞི་བྱས་པའི་འཕྲུལ་ལས་རིག་པའི་མཐོ་རིམ་སློག་གཉེར་ཁང་གི་རྒྱ་ཡིག་སློབ་དཔོན་ཧྥང་ཁྲོང་ཡི་ (Feng Chongyi)། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་བཅས་ཀྱིས་ཐའེ་ཝན་དམངས་གཙོའི་ཆབ་སྲིད་ཀྱིས་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་ལྡོག་གི་ལམ་སྣེ་ཇི་ལྟར་གཏོད་དགོས་པའི་སྐོར་ལ་གཏམ་བཤད་གནང་སྟེ། དྲི་བ་དྲིས་ལན་སོགས་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢༡ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༢༡ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese