མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་རི་ལེན་ཌིའི་སྲིད་བློན་གྱིས་རྒྱ་ནག་གི་སྲིད་བློན་ལི་ཆང་ལ་བོད་དོན་གླེང་སློང་གནང་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨེ་རི་ལེན་ཌིའི་སྲིད་བློན་ཝ་ར་ཌི་ཀར་ལགས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཆེན་པོ་ཡོད་སྐོར་ནན་བརྗོད་གནང་ཡོད་འདུག

Chinese Premier Li Qiang, right, is greeted by Ireland’s Prime Minister Leo Varadkar at Farmleigh House on Wednesday, Jan. 17, 2024.Photo:INDEPENDENT

རྒྱ་ནག་གི་སྲིད་བློན་ལི་ཆང་གི་ཡུ་རོབ་ཁུལ་ཀྱི་སྐོར་སྐྱོད་དང་བསྟུན། ཟླ་འདིའི་ཕྱི་ཚེས ༡༦ ཉིན་ཡུ་རོབ་ཀྱི་ནུབ་བྱང་ཁུལ་དུ་ཆགས་པའི་ཨེ་རི་ལེན་ཌི་(Ireland) རྒྱལ་ཁབ་ཏུ་འབྱོར་ཡོད་ཅིང་། ཁ་སང་ཕྱི་ཚེས་ ༡༧ ཉིན་ཡུལ་དེའི་སྲིད་བློན་ཝ་ར་ཌི་ཀར་( Leo Varadkar) ལགས་ཀྱིས་ལི་ཆང་དང་ཐུག་འཕྲད་གནང་སྟེ། ཡུལ་དེའི་གཞུང་གྱིས་རྒྱ་ནག་གཞུང་གིས་ཡུ་གུར་དང་། བོད། ཧོང་ཀོང་། མེ་ཁའོ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་(Jimmy Lai) བཅས་ཀྱི་ཐོབ་ཐང་རྡོག་རོལ་བཏང་བར་བློ་འཚབ་བྱེད་ཀྱི་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེའི་ཐད་ང་ཚོས་མངོན་གསལ་དོད་པོས་གླེང་དགོས་ཏེ། རྒྱ་ནག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འཐུས་མི་དང་རྒྱལ་སྤྱིའི་འགན་དབང་ཡོད་པས་ཡིན། ཞེས་གསུངས་འདུག

ཡང་ཁོང་གིས། ང་ཚོས་རྒྱ་ནག་ལྷན་སྲ་བརྟན་དང་དོན་སྙིང་ལྡན་པའི་འབྲེལ་བ་ཞིག་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད་ལ། ཡིད་ཆེས་དང་གུས་ཞབས་ཀྱི་ཐོག་ནས་ང་ཚོས་ཕན་ཚུན་གྱི་ཁེ་ཕན་དང་རིན་ཐང་སོགས་ལ་བརྩི་འཇོག་བྱེད་ཀྱི་ཡོད། ཅེས་གསུངས་འདུག་ལ། དེ་བཞིན་རེས་གཟའ་ལྷག་པའི་ཉིན་ཡུལ་དེའི་སྲིད་འཛིན་སྐུ་ཞབས་ཧིག་གྷིན་སི་(Michael D. Higgins) ལགས་དང་ཁོང་གི་བཟའ་ཟླ་ཚུད་པའི་གནད་ཡོད་མི་སྣ་ཁག་ཅིག་གིས་ཀྱང་། ལི་ཆང་ལ་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་རང་སྐྱོང་ས་ཁུལ་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་། ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཇུལ། དེ་བཞིན་དཀྱིལ་ཤར་ཨེ་ཤ་ཡའི་ཟིང་འཁྲུག་ཞི་འཇམ་ཡོང་བར་འགན་ཁུར་དགོས་པ་སོགས་ནན་བརྗོད་གནང་ཡོད་འདུག

ད་ལན་གྱི་ཨེ་རི་ལེན་ཌི་དང་རྒྱ་ནག་གི་ཆེས་མཐོའི་མི་སྣ་ཐུག་འཕྲད་སྐབས། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་དང་། ཚོང་འབྲེལ་ལས་དོན། དེ་བཞིན་མཉམ་ལས་ཀྱི་ཐོག་ནས་ཐོན་སྐྱེད་ཡར་སྐྱེད་གཏོང་བ། གོ་ལ་ལྗང་འགྱུར་གྱི་ལས་གཞི། རྒྱ་ནག་དང་ཡུ་རོབ་ཀྱི་འབྲེལ་ལམ། ཤེས་རིག་དང་དེང་རབས་འཕྲུལ་ལས་ཚུད་པའི་གཉིས་ཕན་གྱི་ལས་ཀ་བྱ་རྒྱུའི་ཐད་གྲོས་མོལ་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་ཨེ་རི་ལེན་ཌི་དང་གླང་ཤ་འཚོང་འགྲེམས་ཀྱི་ཚོང་ལམ་སླར་ཡང་ཕྱེ་ནས། ཕྱོགས་གཉིས་ཀྱི་གླང་ཤའི་ཚོང་འབྲེལ་གང་མགྱོགས་སླར་གསོ་བྱ་རྒྱུ་ཡིན་པའི་མོས་མཐུན་བྱུང་ཡོད་འདུག

ཨེ་རི་ལེན་ཌི་ནི་ལི་ཆང་སྲིད་བློན་དུ་བསྐོས་རྗེས། ཡུ་རོབ་ཏུ་སྐོར་སྐྱོད་བྱ་སའི་རྒྱལ་ཁབ་གསུམ་པ་དེ་ཆགས་འདུག་ལ། དེ་ནི་ཕྱི་ལོ་ ༢༠༡༥ རྗེས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཤིག་རྒྱལ་ཁབ་དེར་ཡོང་བ་ཐོག་མའང་ཆགས་ཡོད་འདུག ཐེངས་འདིར་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་ཐུག་ཕྲད་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་རྒྱ་ནག་དང་ཡུ་རོབ་ཀྱི་མཉམ་སྤྱོད་ཀྱི་ཚོང་དོན་འབྲེལ་ལམ་ཟེར་བ་གོང་མཐོར་དང་། ཡུ་རོབ་རྒྱལ་ཁབ་ཁག་ཏུ་སྔར་ལས་ལྷག་པའི་འབྲེལ་ལམ་སྲ་བརྟན་བཙུགས་ནས། ཚོང་དོན་ཚུད་པའི་ལས་དོན་འཕེལ་རྒྱས་གཏང་རྒྱུར་མཉམ་ལས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱ་ནག་གི་སྲིད་བློན་ལི་ཆང་རྒྱ་ནག་དང་སུད་སི་གཉིས་ཀྱི་ཚོང་འབྲེལ་གྲོས་ཆོད་རྒྱུན་སྐྱོང་དང་། ཕྱོགས་གཉིས་ཀྱི་ཚོང་དོན་གྱི་ནུས་པ་ཡར་སྐྱེད་ཡོང་ཐབས་སོགས་གཙོ་བོར་དམིགས་ནས་ཡུ་རོབ་ཁུལ་དུ་སྐོར་སྐྱོད་ལ་ཡོང་བ་ཞིག་ཡིན་པ་མ་ཟད། འདས་པའི་ལོ་ཤས་རིང་རྒྱ་ནག་ནང་དཔལ་འབྱོར་ཉམས་རྒུད་ཆེན་པོ་འགྲོ་མུས་ཡིན་སྟབས། རྒྱ་ནག་གིས་སླར་ཡང་ཡུ་རོབ་དང་ཚོང་འབྲེལ་ཇེ་ཆེར་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཚོང་དོན་གྱི་ནུས་པ་ཇེ་ཆུང་དུ་གཏོང་སླད། རྒྱ་ནག་དང་ཚོང་གི་འབྲེལ་ལམ་ཉུང་དུ་གཏོང་ཉེན་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

འདས་པའི་ལོ་ལྔ་ཙམ་རིང་རྒྱ་ནག་ནི་ཨེ་རི་ལེན་ཌི་རྒྱལ་ཁབ་ཀྱི་ཚོང་ཤག་ཆེ་ཤོས་བཞི་པ་དང་། ཅ་དངོས་ཚོང་འགྲེམས་བྱེད་མཁན་ཆེ་ཤོས་ལྔ་པ་དེ་ཡིན་འདུག་ལ། ཕྱོགས་གཉིས་ཀྱི་ཚོང་དོན་མཉམ་འབྲེལ་འོག་རྒྱ་ནག་གིས་རྒྱལ་ཁབ་དེས་ཡུལ་སྐོར་བ་རྣམས་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱིན་ཡོད་པའི་ཁར།  ཕྱི་ལོ་༢༠༡༩ ལོར་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བཙུགས་ནས་མི་ལོ ༤༠ འཁོར་བའི་དུས་དྲན་སྲུང་གཙི་ཡང་བྱས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Chinese President Xi Jinping and US President Joe Biden take a walk after their talks at the Filoli estate in the US state of California on US local time November 15, 2023. Photo: Xinhua
Mobile App

ཨ་རིའི་སྲིད་འཛིན་མཆོག་གིས་ཞི་ཅིན་ཕིང་ལ་བོད་དོན་གླེང་སློང་གནང་ཡོད་འདུག 

༢༠༢༣/༡༡/༡༧
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

༢༠༢༣/༠༩/༢༥
Under Secretary Zeya’s Remarks at a Congressional-Executive Commission on China  Hearing on China’s Global Transnational Repression Campaign. Screenshot . 15/9/23
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་བའི་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས།

༢༠༢༣/༠༩/༡༥
Dalai Lama Foundation Graduate Scholarship Program, 2018-2019
Mobile App

ཕྱི་ལོ་ ༢༠༢༣ ལོའི་༧གོང་ས་ཏཱ་ལའི་བླ་མའི་སློབ་ཡོན་གསལ་བསྒྲགས་བྱས་འདུག

༢༠༢༣/༠༣/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese