མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༢༣ ནི་རྒྱ་ནག་དཔལ་འབྱོར་གྱི་སྐྱ་ཆད་སྔོ་སྡུག་གི་ལོ་ཞིག་རེད། ༢༠༢༤ ནི་དེ་བས་ཀྱང་སྡུག་པ་འབྱུང་སྲིད།

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

སི་ཨེན་ཨེན་གྱི་ལོ་ར་ཧེ་ཡི་དཔྱད་བརྗོད།
ཆོས་རྒྱལ་སྐྱབས་ཀྱིས་དབྱིན་ཡིག་ལས་བསྒྱུར།

People walk on a street at the end of the workday in Beijing.

ཕྱི་ལོ་༢༠༢༣ ལོར་རྒྱ་ནག་དཔལ་འབྱོར་མྱུར་དུ་ཉམས་གསོ་ཡོང་རྒྱུ་དང་། འཛམ་གླིང་གི་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྩོད་མེད་དུ་འགྱུར་བའི་རེ་བ་བཟུང་ཡོད། ཡིན་ནའང་། རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཚུད་པའི་སྒྲིག་འཛུགས་ཁག་གཅིག་གིས་འཛམ་གླིང་གི་ཐོན་སྐྱེད་ལ་འགོག་རྐྱེན་བཟོ་མཁན་ཞིག་ཏུ་ངོས་འཛིན་བྱས་ཤིང་བཟང་ཕྱོགས་ཀྱི་འགྱུར་བ་མེད་པར་ལུས།

མཁར་དབང་གི་ཉེན་ཁ་དང་། འཛད་སྤྱོད་ཀྱི་ཚད་གཞི་དམའ་བ། གཞོན་སྐྱེས་ལས་མེད་ཀྱི་གྲངས་འབོར་ཆེན་པོ་བཅས་ཡོད་མིན་ལ་མ་ལྟོས་པར་དཔལ་འབྱོར་རིག་པ་བ་ཕལ་མོ་ཆེས་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པར་གྱུར་བའི་རྒྱལ་ཁབ་རྒྱ་ནག་གི་༢༠༢༣ ལོའི་གཞུང་འབྲེལ་འཕེལ་རྒྱས་ཀྱི་དམིགས་ཚད་བརྒྱ་ཆ་ལྔ་ཟིན་པའི་ཚོད་དཔག་བྱས་ཡོད།

འོན་ཀྱང་། དམིགས་ཚད་འདི་ནི་ཏོག་དབྱིབས་གཉན་རིམས་མ་བྱུང་སྔོན་གྱི་ལོ་བཅུ་ཕྲག་གཅིག་གི་རིང་གི་ལོ་རེའི་ཆ་སྙོམས་ཀྱི་འཕེལ་ཚད་བརྒྱ་ཆ་དྲུག་ལྷག་ལས་དམའ་ཞིང་། ཁོ་ཚོས་ཕྱི་ལོ ༢༠༢༤ ལོ་ནི་དེ་ལས་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྣམ་པ་མངོན་གྱི་འདུག་ཅེས་བརྗོད། རྒྱ་ནག་རྒྱལ་ཁབ་ནི་འབྱུང་འགྱུར་གྱི་བགྲང་བྱ་མང་པོའི་རིང་ལ་འཕེལ་རྒྱས་མེད་པར་གནས་སྲིད།

༢༠༢༤ ལོའི་རྒྱ་ནག་དཔལ་འབྱོར་གྱི་དཀའ་ངལ་ནི་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་ཀྱི་འཕེལ་ཚད་མིན།  དེ་ནི་ཕལ་ཆེར་བརྒྱ་ཆ་བཞི་དང་ཕྱེད་ཀ་ལས་བརྒལ་རྒྱུ་རེད། ཅེས་དབུས་དང་གཡས་ཕྱོགས་ཀྱི་ཉམས་ཞིབ་ལྟེ་གནས་ཁང་སྟེ་ཨ་རིའི་ཁེ་ལས་ཚོགས་པའི་ཉམས་ཞིབ་པ་རྒན་པ་ཌེ་རག་སི་ཁིར་སེ་སི་ཡིས་བཤད་པ་མ་ཟད། དེའི་རྗེས་ཀྱི་ཁ་ཕྱོགས་མར་ཕྱོགས་རྒྱུ་ཉག་གཅིག་ཡིན་པ་དེ་དཀའ་ངལ་རེད་ཅེས་ཟེར།

ཁོང་གིས་ཁྲོམ་རའི་གསར་བརྗེ་ཆེན་པོ་ཞིག་མེད་ན། རྒྱ་ནག་རྒྱལ་ཁབ་དེ་དཔལ་འབྱོར་རིག་པ་སྨྲ་བ་ཚོས་བརྗོད་པའི་ཡོང་འབབ་འབྲིང་པོའི་རྙི་ལ་འཁེལ་བ་ཞེས་བརྗོད་པའི་རྙི་དེའི་ནང་དུ་ཚུད་ཉེན་ཡོད་པར་གསུངས་ཤིང་། འདི་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དེ་དབུལ་ཕོངས་ཀྱི་གནས་ལས་མྱུར་དུ་ཐར་ཡང་། ཡོང་འབབ་མཐོན་པོ་ཅན་གྱི་རྒྱལ་ཁབ་ཀྱི་གནས་བབ་ལ་མ་སོན་གོང་ནས་རྙི་དེའི་ནང་དུ་ཚུད་ཀྱི་ཡོད་པ་སྟོན་གྱི་ཡོད།

ཕྱི་ལོ ༡༩༧༨ ལོར་འཛམ་གླིང་མི་མང་ལ་སྒོ་མོ་བསྐྱར་དུ་ཕྱེ་ནས་ལོ་བཅུ་ཕྲག་མང་པོའི་རིང་ལ་རྒྱ་ནག་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་ཡར་རྒྱས་འགྲོ་ཚད་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཁག་ལས་གཅིག་རེད། ༡༩༩༡ ལོ་ནས་ཕྱི་ལོ ༢༠༡༡ ལོ་བར་དུ་ལོ་རེར་དཔལ་འབྱོར་འཕེལ་ཚད་བརྒྱ་ཆ ༡༠ དང་ཕྱེད་ཀ་རེ་འཕར་ཡོད། རྒྱ་ནག་གི་འགོ་ཁྲིད་ཤི་ཅིན་ཕིང་གི་སྲིད་དབང་དུས་ཡུན་ནང་དཔལ་འབྱོར་འཕེལ་ཚད་དལ་དུ་ཕྱིན་ཡོད་ཀྱང་། ཕྱི་ལོ ༢༠༢༡ ལོ་བར་གྱི་ལོ་བཅུ་ཕྲག་གཅིག་གི་རིང་ལ་ཆ་སྙོམས་ཀྱི་བརྒྱ་ཆ་དྲུག་ཚེག་བདུན་ཙམ་མུ་མཐུད་གནས་ཡོད།

སི་ཁིར་སོ་སི་ཡིས་ཕྱི་ལོ་༢༠༢༠་རྩ་གྲངས་ཀྱི་ཕྱེད་ཕྱི་མའི་ནང་ཡར་རྒྱས་ཀྱི་ཚད་གཞི་དལ་དུ་འགྲོ་གི་རེད་ལ། དེ་ཡང་དཀའ་ངལ་འཕྲད་པའི་ཁང་པ་འཛུགས་སྐྲུན་གྱི་སྡེ་ཚན་ལ་ལེགས་བཅོས་དང་། མི་འབོར་ཉམས་རྒུད་དུ་འགྲོ་བ་གཉིས་ཟུང་འབྲེལ་ཐོག་ཡོང་གི་རེད། 

རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཡང་ཕུགས་ཀྱི་མདུན་ལམ་ཐད་ལ་ཡིད་མུག་པའི་རྣམ་པ་ཞིག་མངོན་ཡོད། ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་ཚད་དེ་ཕྱི་ལོ ༢༠༢༣ ལོར་བརྒྱ་ཆ ༥.༤ ལ་སླེབས་རྒྱུ་དང་། ཐོན་སྐྱེད་ཞན་པ་དང་མི་འབོར་རྒས་བཞིན་པའི་གནས་སྟངས་འོག་རིམ་བཞིན་མར་ཆག་སྟེ་ཕྱི་ལོ ༢༠༢༨ ལོར་བརྒྱ་ཆ་༣.༥ལ་སླེབས་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད།

འགྱུར་ལྡོག་ཅི་ཞིག་བྱུང་ཡོད་དམ།

དཀའ་ངལ་མང་དག་ཅིག་གི་ནང་དུ་ལྷུང་བའི་རྒྱ་ནག་གི་དཔལ་འབྱོར་ཞག་མ་གཅིག་གི་རིང་ལ་གནས་སྟངས་འདི་འདྲ་ཞིག་ཏུ་སླེབས་པ་མ་རེད།

སི་ཤེར་སི་ཡིས་བཤད་པ་ལྟར་ན། སྲིད་འཛིན་སྔོན་མ་ཧུ་ཅིན་ཐོ་ཡི་སྲིད་གཞུང་གིས ༢༠༠༩ ལོར་འཛམ་གླིང་དཔལ་འབྱོར་ཉམས་ཉེས་ཚབས་ཆེན་གྱི་སྐབས་སུ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དངུལ་ལོར་འབོར་ཆེན་བཏང་ཡོད། ཕྱི་ལོ ༢༠༡༢ ལོར་སྲིད་དབང་བཟུང་བའི་ཤི་ཅིན་ཕིང་སྲིད་གཞུང་གིས་བུ་ལོན་གཡར་འཛིན་སྟངས་འཛིན་ཡག་པོ་མ་བྱས་པས། དཔལ་འབྱོར་གྱི་ལམ་ལུགས་དཀའ་རྙོག་གི་ལམ་དུ་ཁྲིད་ཡོད།

རོ་དྷི་ཡམ་ཚོགས་པའི་རྒྱ་ནག་གི་ཁྲོམ་ར་ཞིབ་འཇུག་སྤྱི་ཁྱབ་འགན་འཛིན་ལོ་གྷན་རའེ་ཊི་ཡིས་གོང་གསལ་གནད་དོན་ཐད་མོས་མཐུན་བྱས་ནས་འདི་ལྟར་བརྗོད་ཡོད།  རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དལ་དུ་སོང་བ་ནི་སྒྲོམ་གཞིའི་རང་བཞིན་ཞིག་ཡིན་ཞིང་། འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་སྔོན་མེད་ཀྱི་བུ་ལོན་དང་མ་དངུལ་རྒྱ་སྐྱེད་མཇུག་བསྒྲིལ་བ་ལས་བྱུང་བ་རེད།

ཁོང་གིས་རྒྱལ་ཁབ་ཀྱི་དངུལ་རྩའི་མ་ལག་གིས་འདས་པའི་ལོ་ཤས་རིང་གི་དངུལ་འཛིན་གྱི་འཕེལ་ཚད་དེ་འདྲ་ཞིག་སྐྲུན་ཐུབ་ཀྱི་མ་རེད། དེར་བརྟེན་པེ་ཅིང་ལ་རང་གི་དཔལ་འབྱོར་གྱི་ཁ་ཕྱོགས་སྟངས་འཛིན་བྱེད་པའི་ནུས་པ་སྔོན་ཆད་ལས་ཉུང་དུ་འགྲོ་རྒྱུ་རེད།

གནས་སྟངས་ཇེ་སྡུག་ཏུ་གཏོང་བྱེད་གཅིག་ནི། པེ་ཅིང་གིས་སྒོ་རྒྱ་བསྡམས་པའི་སྲིད་ཇུས་ཏེ་ཏོག་དབྱིབས་གཉན་རིམས་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་དང་། སྒེར་གྱི་ཁེ་ལས་ལ་དྲག་གནོན་བྱེད་རྒྱུ་ཨུ་ཚུགས་མཐར་སྐྱེལ་བྱས་པ་དེ་རེད། དེས་ཡིད་ཆེས་ལ་གནོད་སྐྱོན་ཆེན་པོ་བཏང་བར་མ་ཟད། དཔལ་འབྱོར་གྱི་གསོན་ཤུགས་ཆེ་ཤོས་ཀྱི་ཆ་ཤས་དེར་གཏོར་བརླག་བཏང་བ་རེད།

སྲིད་ཇུས་འདི་དག་གི་མཇུག་འབྲས་ནི་ད་ལོ་(༢༠༢༣)དཔལ་འབྱོར་འཕེལ་རྒྱས་དལ་དུ་སོང་བ་ལས་མཐོང་ཐུབ། ༢༠༢༣ ལོའི་ལོ་གཅིག་གི་དུས་ཡུན་མང་ཆེ་བར་དགོས་མཁོ་ཞན་སྟབས་འཛད་སྤྱོད་ཀྱི་ཚད་གཞི་དམའ་རུ་ཕྱིན་པ་དང་། དངུལ་གྱི་རིན་ཐང་ཆག་གཞིའི་ཉེན་ཁ་ཡོད།

ཁར་དབང་ཚོང་ལས་ཀྱི་ཉེན་ཁ་ཇེ་ཆེར་ཕྱིན་ཡོད། སྡོད་ཁང་ཚོང་ལས་བྲིན་ཚད་ཇེ་ཉུང་དུ་ཕྱིན་པས། གྲོང་གསེབ་ཀྱི་ལྡུམ་ར་(Country Garden)ལྟ་བུའི་འཛུགས་སྐྲུན་ཚོང་ལས་ཁང་ཡག་པོ་རྣམས་ཀྱང་འཐོར་ཞིག་ཏུ་འགྲོ་ལ་ཁད་ཀྱི་གནས་སུ་ཟགས་ཡོད།  ཉེན་ཁ་འདི་ཁྲིམས་མཐུན་སྒྲིག་ཁྲིམས་འོག་མེད་པའི་དངུལ་ཁང་ཁག་ཏུ་ཁྱབ་ཅིང་། བུན་འཇལ་བྱེད་དཀའ་བའི་གནས་སུ་གྱར་བས་རྒྱལ་ཡོངས་སུ་ངོ་རྒོལ་གྱི་མེ་ལྕེ་རབ་ཏུ་མཆེད།

ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ལོ་ངོ་གསུམ་རིང་འགྲོ་གྲོན་ཆེ་རུ་སོང་བ་དང་ས་ཞིང་བཙོང་རྒྱུ་ཇེ་ཉུང་དུ་སོང་བར་བརྟེན། ས་གནས་སྲིད་གཞུང་ཁག་གིས་དཔལ་འབྱོར་གྱི་དཀའ་ངལ་ལ་གདོང་ལེན་བྱེད་བཞིན་ཡོད། གྲོང་ཁྱེར་འགའ་ཤས་ཀྱིས་བུ་ལོན་འཇལ་མི་ཐུབ་པས། གཞི་རྩའི་ཞབས་ཞུའི་རིགས་བཅད་གཏུབ་གཏོང་དགོས་བྱུང་བ་དང་། ཡང་ན་རྒན་རྒོན་ཚོར་སྨན་བཅོས་ཀྱི་ཁེ་ཕན་ཉུང་དུ་གཏོང་དགོས་བྱུང་ཡོད།

གཞོན་སྐྱེས་ཀྱི་ལས་ཤོར་གྲངས་འབོར་ནི་ཧ་ཅང་སྡུག་ཏུ་སོང་བར་བརྟེན་སྲིད་གཞུང་གིས་གྲངས་འབོར་དེ་ཕྱི་བསྒྲགས་བྱེད་མཚམས་བཞག་པ་རེད།

ཕྱི་རྒྱལ་གྱི་ཁེ་ལས་རྣམས་པེ་ཅིང་གི་ལྟ་རྟོག་ཇེ་ཆེར་འགྲོ་བཞིན་པར་དོགས་པ་སྐྱེས་ཏེ་རྒྱལ་ཁབ་ནས་ཕྱིར་འཐེན་བྱེད་བཞིན་འདུག  དུས་མཚམས་གསུམ་པའི་ནང་རྒྱ་ནག་ནང་ཕྱི་རྒྱལ་གྱི་ཐད་ཀར་མ་དངུལ་འཛུགས་པའི་ཚད་གཞི་དེ་ ༡༩༩༨ ལོའི་རྗེས་སུ་ཐོག་དང་པོར་ཕྱིར་འཐེན་བྱེད་མཁན་གྱི་གྲངས་ཀ་དེ་མ་འཛུགས་བྱེད་མཁན་གྱི་གྲངས་ཀ་ལས་བརྒལ་ཡོད།

ཕྱི་ཟླ་དགུ་པའི་ནང་ཧྲང་ཧེ་རུ་ཡོད་པའི་ཨ་རིའི་ཚོང་དོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན། ཉམས་ཞིབ་ཀྱི་བཅར་འདྲིའི་ནང་མཉམ་ཞུགས་བྱེད་མཁན་བརྒྱ་ཆ་ལྔ་བཅུ་ང་གཉིས་ཀྱིས་མ་གཏོགས་རང་གི་ཚོང་ལས་ཀྱི་མ་འོངས་པའི་ལོ་ལྔའི་མདུན་ལམ་ལ་རེ་བཟང་ཕུགས་བཅོལ་བྱས་མེད་པ་དང་། འདི་ནི་ཞིབ་འཇུག་དེ་ཕྱི་ལོ་༡༩༩༩ ལོ་འགོ་འཛུགས་བྱས་པ་ནས་བཟུང་ཆེས་དམའ་ཤོས་ཀྱི་ཚད་གཞི་དེ་ཡིན།

རྒྱ་ནག་ཉི་ཧོང་ལྟར་ཆགས་ཀྱི་རེད་དམ།

རྒྱ་ནག་ཡར་རྒྱས་འགྲོ་རྒྱུ་ཇེ་དལ་དུ་འགྲོ་བཞིན་པའི་སྐབས་འདིར་དཔལ་འབྱོར་རིག་པ་བ་ཁ་ཤས་ཀྱིས་ཉི་ཧོང་དང་བསྡུར་ཡོད། ཉི་ཧོང་གིས་ཕྱི་ལོ ༡༩༩༠ འགོ་སྟོད་དུ་མཁར་དབང་ཉོ་ཚོང་གི་ལྦུ་བ་རྡོལ་བ་ནས་བཟུང་ལོ་ངོ་བཅུ་ཕྲག་གཉིས་རིང་ཡར་རྒྱས་འགྲོ་རྒྱུ་མཚམས་ཆད་པ་དང་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ཡོད། ཡིན་ནའང་། སི་ཁིར་སོ་སི་ཡིས་མ་མཐའ་ཡང་གནས་ཚུལ་དེ་འདྲ་འཕྲལ་མ་ཉིད་དུ་འབྱུང་གི་མ་རེད་ཟེར།

ཁོང་གིས་ཕྱི་ལོ ༢༠༢༠ རྩ་གྲངས་ནང་གི་ལོ་ལྷག་མ་དེ་དག་དཔལ་འབྱོར་ཉམས་རྒུད་ཀྱི་བགྲང་བྱ་གཅིག་ལྟར་ཆགས་ཀྱི་མ་རེད། རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་དེ་ཨང་ཀི་ཀླད་ཀོར་ལས་བརྒལ་རྒྱུ་ཡིན་པར་གསུངས།

ཕུགས་རྒྱང་རིང་པོའི་ཆ་ནས་བཤད་ན་དཔལ་འབྱོར་གྱི་དཀའ་ངལ་ཆེ་ཤོས་ནི་མི་འབོར་གྱི་གྲངས་འབོར་ཡིན་ངེས། ན་ནིང་རྒྱ་ནག་གི་མི་འབོར་ཐེར་འབུམ་༡.༤༡༡ ལ་ལྷུང་ཡོད་ལ། འདི་ནི་ཕྱི་ལོ ༡༩༦༡ ལོ་ནས་བཟུང་མི་འབོར་ཉུང་འཕྲི་ཐེངས་དང་པོ་དེ་ཡིན།

བུད་མེད་ཅིག་ལ་མི་ཚེ་ཧྲིལ་པོར་ཕྲུ་གུ་སྐྱེ་བའི་ཆ་སྙོམས་གྲངས་ཀ་ཡང་ལོ་གཉིས་ཀྱི་གོང་དུ་གྲངས་ཀ ༡.༣༠ ཡོད་པ་དེ་ནས་ན་ནིང་གྲངས་ཀ ༡.༠༩ ལ་ལྷུང་ཡོད། དེ་ནི་རྒྱ་ནག་གི་ཕྲུ་གུ་སྐྱེ་བའི་གྲངས་ཀ་དེ་ད་ཆ་ལོ་ན་མཐོ་བའི་མི་འབོར་ཅན་གྱི་རྒྱལ་ཁབ་ཅིག་ཏུ་གྲགས་པའི་ཉི་ཧོང་གི་གྲངས་ཚད་ལས་ཀྱང་དམའ་བ་མཚོན་གྱི་ཡོད།

A nurse cares for a newborn at the Women and Children’s Hospital in Fuyang City, Anhui province, on August 8, 2022.

མི་འབོར་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཐུབ། ངལ་རྩོལ་གྱི་ནུས་པ་ཉུང་དུ་ཕྱིན་པ་དང་འཕྲོད་བསྟེན་དང་སྤྱི་ཚོགས་ཀྱི་འགྲོ་གྲོན་ཆེ་རུ་ཕྱིན་པ་དེས་དཔལ་འབྱོར་གྱི་གྱོང་གུད་ཆེ་རུ་གཏོང་བ་དང་བུ་ལོན་འབོར་ཆེན་འཇལ་དགོས་པའི་རྐྱེན་བྱེད་སྲིད།

ལས་མི་ཉུང་དུ་ཕྱིན་ན་གསོག་དངུལ་གྱི་གྲངས་ཀ་ཇེ་ཉུང་དུ་འགྲོ་སྲིད་ལ། དེ་ལ་བརྟེན་ནས་སྐྱེད་ཀའི་ཚད་གཞི་མཐོ་རུ་འགྲོ་བ་དང་མ་འཛུགས་ཀྱི་ཚད་གཞི་ཇེ་ཉུང་དུ་འགྲོ་སྲིད། དཔེར་ན། མ་འོངས་པར་སྡོད་ཁང་ཉོ་མཁན་ཇེ་ཉུང་དུ་འགྲོ་སྲིད།

སི་ཁིར་སོ་སི་ཡིས་བཤད་པ་ལྟར་ན། ཕྱི་ལོ་༢༠༤༠ ཞེ་གྲངས་ནང་མི་འབོར་ཇེ་ཉུང་དུ་ཕྱིན་པས་ཕུང་གསོག་འཕེལ་རྒྱས་ཡོང་མི་སྲིད་པ་ཆགས་རྒྱུ་ཡིན་པ་དང་། སྲིད་ཇུས་ལ་འགྱུར་བ་ཤུགས་ཆེན་མ་བཏང་བར་རྒྱ་ནག་ལ་ཕྱིར་ལྡོག་གི་གོ་སྐབས་མེད་པ་མ་ཟད། ཕྱི་ལོ ༢༠༣༠ སོ་གྲངས་ནང་གི་གནས་སྟངས་དེ་ཕྱི་ལོ ༢༠༢༠ རྩ་གྲངས་ལས་སྡུག་པ་ཆགས་རྒྱུ་ཡིན་པར་བཤད།

ཞི་ཅིན་ཕིང་གིས་ཁ་ཕྱོགས་གསར་པ་ཞིག་བསྐྲུན་ཐུབ་བམ།

ཟླ་བ་འདིའི་ནང་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་ལྷན་འཛོམས་ཀྱིས་ལོ་རྗེས་མའི་དཔལ་འབྱོར་དམིགས་ཡུལ་དང་སྲིད་ཇུས་སྐོར་གྲོས་བསྡུར་བྱས་པ་དང་། ཁོ་ཚོས་གཞུང་གི་སྲིད་ཇུས་དང་དངུལ་སྒོར་དང་འབྲེལ་བའི་རོགས་སྐྱོར་ཤུགས་ཆེར་གཏོང་རྒྱུ་ཡིན་པའི་བརྡ་བསྟན་པ་རེད། ཐ་ན་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ཀྱང་དཔལ་འབྱོར་གྱི་དྲིལ་བསྒྲགས་དང་མང་ཚོགས་ལ་ལམ་སྟོན་ཤུགས་ཆེར་གཏོང་རྒྱུའི་ཁས་ལེན་བྱས་ཡོད།

རྒྱ་ནག་གཞུང་གིས་ལོ་རྗེས་མའི་དཔལ་འབྱོར་གྱི་དམིགས་འབེན་སླར་ཡང་བརྒྱ་ཆ་ལྔ་ཡས་མས་ཤིག་ལ་འཛིན་སྲིད་པའི་སྐོར་རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ནས་བཤད་འདུག འདི་ནི་རང་དབང་སྡེ་ཁག་ཚོའི་སྔོན་དཔག་དང་བསྡུར་ན་དམིགས་ཡུལ་ཆེན་པོ་ཞིག་ཏུ་མཐོང་གི་འདུག གཞུང་འབྲེལ་གྱི་དམིགས་འབེན་དེ་རྒྱ་ནག་གཞུང་གིས་ལོ་རེའི་མི་དམངས་འཐུས་ཚོགས་སྐབས་ཏེ་ཕྱི་ཟླ་གསུམ་པའི་ནང་གསལ་བསྒྲགས་བྱེད་ཀྱི་རེད། ཡིན་ནའང་། གོམ་པ་སྤོ་ཚུལ་དེས་སྒྲོམ་གཞིའི་དཀའ་ངལ་རྣམས་སེལ་བར་ཕལ་ཆེར་ཕན་ཐོགས་མེད།

Here’s Xi Jinping’s vision to make China great again

མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ཞེས་པའི་ཉམས་ཞིབ་ཁང་གི་རྒྱ་ནག་དཔལ་འབྱོར་གྱི་ཉམས་ཞིབ་འགན་འཛིན་ཇུ་ལི་ཡན་ཨེ་ཝན་སི་ཕི་རི་ཆརྜ་ཡིས་བཤད་པ་ལྟར་ན།

སྲིད་ཇུས་འདིང་མཁན་ཚོས་དཔལ་འབྱོར་ལ་སྐུལ་སློང་ཅུང་ཙམ་དང་མི་མང་གི་བསམ་བློའི་འཁྱེར་སོ་ལ་འགྱུར་བ་ཐེབས་ན། དཔལ་འབྱོར་སླར་ཡང་འཕེལ་རྒྱས་ཀྱི་ལམ་བུར་ཞུགས་ཐུབ་རྒྱུ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་།  ད་དུང་གཞུང་ཞབས་པ་ཚོས་ཀྱང་མངོན་འདོད་ཆེ་བའི་འཕེལ་རྒྱས་ཀྱི་དམིགས་ཡུལ་ཞིག་བཟུང་ན་ཡིད་ཆེས་གོང་འཕེལ་དུ་འགྲོ་བར་ཕན་ཐོགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པར་སྣང་ཞེས་གསུངས།

གནས་ཚུལ་འདི་ལ་བདེན་པའི་ཆ་ཅུང་ཙམ་ཡོད་ནའང་། ང་ཚོས་བསམ་པར་རྒྱ་ནག་དཔོན་རིགས་ཚོས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དལ་དུ་ཕྱིན་པ་ནི་སྒྲོམ་གཞིའི་རང་བཞིན་ཞིག་ཡིན་པ་དང་། ལས་སླ་པོར་ཟློག་ཐབས་མེད་པ་ཞིག་ཡིན་པའི་ཚད་གཞིའི་ཐད་ཚོད་དཔག་བྱེད་རྒྱུ་དམའ་དྲགས་འདུག་བསམ་གྱི་ཡོད།

དཔལ་འབྱོར་འཕེལ་ཚད་དལ་དུ་སོང་བ་མང་ཆེ་བ་ནི་ཐོན་སྐྱེད་དང་ཡོང་འབབ་འཕེལ་རྒྱས་ཀྱི་སྒྲོམ་གཞིའི་ཉམས་རྒུད་ཅིག་ཡིན་པ་ལས། དགོས་མཁོ་སྐོང་བར་སྐུལ་སློང་ངམ་ཡིད་ཆེས་གོང་འཕེལ་གཏོང་བའི་ཐབས་ལམ་གཞན་བརྒྱུད་ནས་གདོང་ལེན་བྱེད་རུང་བའི་འཁོར་རྒྱུག་གི་ཞན་ཆ་ཞིག་མིན་པར་གསུངས།

གལ་སྲིད་པེ་ཅིང་གིས་དངུལ་བུན་གཏོང་བའི་ཐབས་ལམ་རྙིང་པ་དེ་བེད་སྤྱོད་བྱས་ན། དེས་ད་དུང་ཕྱི་ལོ ༢༠༢༤ ལོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། འོན་ཀྱང་། སི་ཁིར་སོ་སི་ཡིས་བཤད་པ་ལྟར་ན། དེ་ནི་དཔལ་འབྱོར་གྱི་ན་ཟུག་འཇོམས་བྱེད་ཙམ་ལས་ནད་གཞི་གསོ་བྱེད་ཅིག་མིན།

མ་ཡིག་གི་འབྲེལ་ཐག https://edition.cnn.com/2023/12/27/economy/china-economy-challenges-2024-intl-hnk/index.html

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༨ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༨ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༩ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese