མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་དཀོན་མཆོག་གྲགས་པ་ལགས་ཀློད་གྲོལ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

འདས་ལོའི་ལོ་མཇུག་ཏུ་འཛིན་བཟུང་བྱས་པའི་གྲྭ་དཀོན་མཆོག་གྲགས་པ་ལགས་ཀློད་གྲོལ་བཏང་ཡོད་ཀྱང་ད་དུང་ལྟ་རྟོག་འོག་བཞག་ཡོད་འདུག

ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་གཡིས་པ་ཡུལ་ཚོའི་བཀྲ་ཤིས་དགོན་པ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

འདི་གའི་གསར་འགོད་པར་ད་ལྟ་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བ་ལྟར་ན། འདས་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཐེ་བོ་རྫོང་བཀྲ་ཤིས་དགོན་པའི་དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་ཟླ་གཉིས་ཀྱི་རྗེས་ནས་ཀློད་གྲོལ་བཏང་སྟེ་ད་ལྟ་བདེ་ཐང་ངང་རང་ཁྱིམ་དུ་འབྱོར་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། རྒྱ་གཞུང་ཉེན་རྟོག་པས་གྲྭ་དཀོན་མཆོག་གྲགས་པ་ལགས་འཛིན་བཟུང་བཙན་འཁྲིད་བྱས་པ་ནས་ད་བར་ཁོང་ལ་གནས་ཚུལ་ཅི་བྱུང་གི་སྐོར་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་།  ད་ལྟ་ཁོང་ཀློད་གྲོལ་བཏང་སྟེ་སྐུ་གཟུགས་བདེ་ཐང་ངང་རང་ཁྱིམ་དུ་སྡོད་ཀྱི་ཡོད་ཀྱང་། ལྟ་རྟོག་འོག་བཞག་སྟེ་ཕྱིའི་མིར་སྐད་ཆ་བཤད་པའི་རང་དབང་མེད་པ་མ་ཟད། ཐེ་བོ་དང་མཛོད་དགེ་རྫོང་ཕྱོགས་སུ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། གྲྭ་དཀོན་མཆོག་གྲགས་པ་ལགས་གཙོས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མིའི་སྐོར་གྱི་གནས་ཚུལ་རིགས་བོད་ཀྱི་ཕྱི་ཕྱོགས་སུ་བཤད་པར་ཧ་ཅང་ཉེན་ཁ་ཆེན་པོ་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས། སྦྱིར་ན་ཐེ་བོ་རྫོང་དང་མཛོད་དགེ་རྫོང་གི་ས་གནས་སུ་དམ་དྲག་ཧ་ཅང་ཆེན་པོ་ཡོད་པའི་དབང་གིས་གནས་ཚུལ་འདིས་རིགས་བོད་ཕྱི་ལོག་གི་མི་ལ་བཤད་རྒྱུར་ཧ་ཅང་ཉེན་ཁ་ཆེན་པོ་རེད་འདུག  ཐ་ན་རང་གི་ས་གནས་ཀྱི་མི་ཕན་ཚུན་བར་ཁ་བརྡ་བྱེད་རྒྱུར་ཡང་སྟབས་བདེ་མ་རེད། ལྷག་པར་དུ་ད་ལྟའི་ཆར་ཐེ་བོ་རྫོང་གི་ས་གནས་སུ་རྒྱ་ནག་གི་ཁྲིམས་ཧ་ཅང་བཙན་པོ་འདུག རྒྱ་གར་དུ་ཡོད་པའི་མི་དང་ཁ་བརྡ་འདྲ་བྱས་པ་ཡིན་ན་ཉེན་རྟོག་པའི་འཛིན་བཟུང་བྱས་ནས་ཁྲིད་འགྲོ་གི་འདུག  སྐྱ་སེར་མང་ཚོགས་སུ་འདྲ་ཞིག་གིས་ཀྱང་རྒྱ་གར་དུ་ཡོད་པའི་མི་དང་ཁ་བརྡ་སོགས་བྱས་མི་ཆོག་པའི་ཁྲིམས་བཞག་འདུག ཅེས་བརྗོད་སོང་།

འདས་ལོའི་ཕྱི་ཟླ་ ༡༡ ཟླ་མགོར་འདི་གའི་གསར་ཁང་ལ་གྲྭ་དཀོན་མཆོག་གྲགས་པ་ལགས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོག་མར་འབྱོར་བ་དང་། སྐབས་དེར་ཁོང་འཛིན་བཟུང་བྱས་ནས་ཉིན་གྲངས་ ༡༠ ལྷག་ཕྱིན་འདུག་ལ། ཁོང་འཛིན་བཟུང་བྱེད་དོན་དང་གང་དུ་བཀག་ཉར་བྱས་པ་སོགས་གསལ་ཁ་མེད་ཁར། ནང་མིས་གྲྭ་དཀོན་མཆོག་གྲགས་པ་ལགས་གང་དུ་ཡོད་མེད་དང་ཐུག་འཕྲད་བྱ་ཆོག་པའི་རེ་འདུན་བཏོན་ཡོད་ཀྱང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་བོད་ནང་གི་བོད་མི་ཞིག་གིས་བརྗོད་ཡོད།

ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་གཡིས་པ་ཡུལ་ཚོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

ད་དུང་བོད་མི་ཁོང་གིས། གྲྭ་དཀོན་མཆོག་གྲགས་པ་ལགས་ནི་རྒྱུན་དུ་ནས་མཚམས་ལ་བཞུགས་པ་སོགས་ཆོས་ཕྱོགས་ཀྱི་བྱ་བ་གནང་མཁན་ཞིག་ཡིན་པ་ལས།  རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་འགལ་བའི་ལས་ཀ་བྱེད་མཁན་ཞིག་གཏན་ནས་མིན་ཡང་། འདས་པའི་ལོ་ཤས་གོང་བལ་ཡུལ་བརྒྱུད་ནས་མཆོད་རྫས་དང་ཅ་ལག་ཁ་ཤས་མངག་ཉོ་བྱས་མྱོང་ཡོད་ཀྱང་།  དེ་ཕལ་ཆེར་རྒྱལ་ཁབ་ཀྱིས་ཁྲིམས་འགལ་དང་ནག་ཉེས་སུ་རྩི་ཐབས་མེད་སྐོར་དང་།  དེ་མིན་ཁོང་ནི་རྒྱ་ནག་གི་ཁྲིམས་སྒྲིག་དང་མི་མཐུན་པའི་ལས་ཀ་བྱེད་མཁན་ཞིག་གཏན་ནས་མིན། དེའང་མང་ཚོགས་ཚང་མས་ཤེས་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་།

གྲྭ་དཀོན་མཆོག་གྲགས་པ་ལགས་ནི་བོད་ཐེ་བོ་རྫོང་གཡིས་པ་ཡུལ་ཚོའི་བཀྲ་ཤིས་དགོན་པའི་དགེ་འདུན་པ་ཞིག་ཡིན་ཞིང་། རྒྱུན་དུ་ནས་ཆོས་ཕྱོགས་ཀྱི་ཉམས་ལེན་པ་ཞིག་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༡༨ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese