མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་གསུམ་དང་དངུལ་གྱི་རྟགས་མ་གཅིག་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་བཞི་པའི་དགུན་དུས་ལུས་རྩལ་འགྲན་བསྡུར་ཁྲོད་བོད་ཀྱི་ལུས་རྩལ་པ་བཀྲ་ཤིས་བསྟན་སྒྲོལ་དང་ཀུན་བཟང་རྣམ་རྒྱལ། གཡུ་སྒྲོན་ལྷ་མོ་གསུམ་ལ་གསེར་གྱི་གཟེངས་རྟགས་ཐོབ་ཡོད་པ་དང་། བོད་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལ་དངུལ་གྱི་གཟེངས་རྟགས་ཐོབ་ཡོད་འདུག

བོད་ཀྱི་ལུས་རྩལ་པ་གཡུ་སྒྲོན་ལྷ་མོ། དྲ་ལམ་གྱི་པར།

ཕྱི་ཟླ་ ༡ ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༡ བར་ལྷོ་སོག་གི་ལུང་ཧྲན་རི་བོ་རུ། རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་བཞི་པའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གངས་ཤུད་རི་འཛེགས་ཀྱི་འགྲན་བསྡུར་ཁག་བྱས་ཡོད་ཅིང་། སྐབས་དེའི་འགྲན་བསྡུར་ནང་བོད་ཀྱི་ལུས་རྩལ་པ་བཀྲ་ཤིས་བསྟན་སྒྲོལ་དང་ཀུན་བཟང་རྣམ་རྒྱལ། གཡུ་སྒྲོན་ལྷ་མོ་གསུམ་ལ་གསེར་གྱི་གཟེངས་རྟགས་ཐོབ་ཡོད་པ་དང་། བོད་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལ་དངུལ་གྱི་གཟེངས་རྟགས་ཐོབ་ཡོད་འདུག

དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་ཕོ་མོ་མཉམ་བསྲེས་ཀྱི་རྟིང་རྩོད་གངས་ཤུད་འགྲན་བསྡུར་ནང་རུ་ཁག་ ༨ འགྲན་ཞུགས་བྱས་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་ཚོགས་ཆུང་ཟེར་བའི་རྩེད་འགྲན་པ་གསུམ་འགྲན་ཞུགས་བྱས་ཡོད་པའི་ནང་། བོད་ཀྱི་ལུས་རྩལ་པ་བཀྲ་ཤིས་བསྟན་སྒྲོལ་དང་། ཀུན་བཟང་རྣམ་རྒྱལ་གཉིས་ལ་གསེར་གྱི་རྟགས་མ་ཐོབ་པ་དང་། ཚེ་བརྟན་གཡུ་སྒྲོན་ལ་དངུལ་གྱི་རྟགས་མ་ཐོབ་ཡོད་འདུག

སྐབས་དེར་བོད་ཀྱི་ལུས་རྩལ་པ་ཀུན་བཟང་རྣམ་རྒྱལ་གྱིས། ངའི་དེ་རིང་གི་འགྲན་ཞུགས་ཚོར་སྣང་ཧ་ཅང་ཡག་པོ་འདུག་ལ། རུ་མི་ཚོས་ཀྱང་ང་ལ་གཞོགས་འདེགས་ཡག་པོ་གནང་བྱུང་། བྱ་དགའ་ཨང་དང་པོ་ཐོབ་དུས། སེམས་པ་ཧ་ཅང་སྐྱིད་པོ་བྱུང་། ཕྱིས་སུ་ད་དུང་འགྲན་བསྡུར་མང་པོ་ཞིག་ཡོད་པས། ཡུལ་དུ་ལོག་རྗེས་མུ་མཐུད་འབད་བརྩོན་བྱས་ནས། འགྲན་བསྡུར་ཚང་མར་གྲ་སྒྲིག་ཡག་པོ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག བོད་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་གྱིས། ང་ཧ་ཅང་དགའ་པོ་བྱུང་། ང་ཚོ་བོད་ལྗོངས་རུ་ཁག་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད། ངས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་ཐེངས་རྗེས་མར་ཡང་གྲུབ་འབྲས་ཡག་པོ་ཐོབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

བཀྲ་ཤིས་བསྟན་སྒྲོལ་ནི་ཐེངས་འདིར་བོད་ཀྱི་གངས་ཤུད་ལུས་རྩལ་པའི་ཁྲོད་མི་སྒེར་གྱི་རྟིང་རྩོད་གངས་ཤུད་འགྲན་རྒྱུག་དང་ཕོ་མོ་མཉམ་བསྲེས་ཀྱི་བསྟར་རྒྱུག་གངས་ཤུད་འགྲན་རྒྱུག་ནང་འགྲན་ཞུགས་བྱེད་མཁན་གཅིག་པུ་དེ་ཡིན་པ་མ་ཟད། ཕོ་མོ་མཉམ་བསྲེས་ཀྱི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་ཡོད་འདུག བཀྲ་ཤིས་བསྟན་སྒྲོལ་གྱིས། དེ་རིང་ཨང་དང་པོ་ཐོབ་པས་སེམས་པ་ཧ་ཅང་སྐྱིད་པོ་བྱུང་། ཁ་སང་མཐའ་བསྡུར་ནང་མ་ཚུད་པའི་དབང་གིས་བློ་ཕམ་ཆེན་པོ་སྐྱེས་བྱུང་། དེ་རིང་ངས་གོ་སྐབས་དམ་འཛིན་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་ནུས་ཤུགས་ཡོད་རྒུ་བཏོན་པ་ཡིན་ཞེས་བརྗོད་འདུག

དེ་བཞིན་བུད་མེད་ཀྱི་རྒྱང་ཐག་ཐུང་བའི་རྟིང་རྩོད་གངས་ཤུད་འགྲན་བསྡུར་ཁྲོད་བོད་ཀྱི་ལུས་རྩལ་པ་གཡུ་སྒྲོན་ལྷ་མོས་སྐར་མ་ ༣ དང་སྐར་ཆ་ ༩ ། གྲངས་ཆུང་ ༨ ཀྱི་གྲུབ་འབྲས་བླངས་ཏེ། ཐེངས་འདིའི་དགུན་དུས་གངས་ཤུད་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་ཡོད་འདུག འདས་ལོའི་ཕྱི་ཟླ་ ༡༡ ནང་སི་པན་རྒྱལ་ཁབ་ཏུ་འཚོགས་པའི་འཛམ་གླིང་གངས་ཤུད་གཟེངས་རྟགས་འགྲན་བསྡུར་ཁྲོད། བོད་ཀྱི་ལུས་རྩལ་བ་གཡུ་སྒྲོན་ལྷ་མོར་བུད་མེད་ཀྱི་རྒྱང་ཐག་ཐུང་བའི་གསེར་གྱི་རྟགས་མའང་ཐོབ་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ནས་ཉིན་བཅུའི་རིང་ལྷོ་སོག་ཏུ། རྒྱ་ནག་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གངས་ཤུད་འགྲན་བསྡུར་གྱི་རྩལ་རིགས་ཁག་ཅིག་འགྲན་བསྡུར་བྱེད་ཀྱི་ཡོད་པའི་ནང་།  རྒྱ་ནག་རྒྱལ་ཡོངས་ནས་གངས་ཤུད་ལུས་རྩལ་པ་ ༣༣ འགྲན་ཞུགས་བྱེད་ཀྱི་ཡོད་པ་དང་། དེའི་ཁྲོད་ཀྱི་ལུས་རྩལ་པ་ ༡༡ བོད་དང་ཡུ་གུར་ནས་ཡོང་བའི་འགྲན་ཞུགས་པ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པར་བརྟན་བཞུགས་ཕུལ། ༢༠༢༥།༠༩།༢༢ ཐད་གཏོང་གི་པར།
Mobile App

དཔལ་ས་སྐྱའི་ཆབ་འབངས་ཡོངས་ཀྱི་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
ཕྱི་ཚེས་ ༢༡ ནས་ ༢༨ བར་ཉིན་གྲངས་དགུའི་རིང་དྷ་རམ་ས་ལར་སྟོང་བཙན་རྐང་སྤོལ་རྩེད་འགྲན་འཚོག་གི་འདུག
Mobile App

སྟོང་བཙན་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་རྩེ་ཡི་འདུག

ཆུ་ཚོད་ ༡༣ སྔོན་ལ།
Front Slider

ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་བཅུ་གཅིག་གིས་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༩/༢༠
༧གོང་ས་མཆོག་ལ་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༠༩།༢༠ དུས་བབ་ཀྱི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༩/༢༠
Mobile App

རྒྱ་ནག་གོང་མ་ཆིན་ཧྲི་ཧོང་གིས་བོད་ནང་དུ་འཆི་མེད་བདུད་རྩི་འཚོལ་ཞིབ་སླད་མི་སྣ་མངགས་གཏོང་བྱས་ཡོད་ཟེར།

༢༠༢༥/༠༩/༡༩
Mobile App

གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།

༢༠༢༥/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese